དམངས་འཚོའི་གསལ་ཐོ་ཞེས་པ་དེ་བདེ་སྐྱིད་ཀྱི་རྩིས་ཐོ་ཞེས་པར་བསྒྱུར་བཅུག
ལོ་ལྔ་ཚན་བཅུ་བཞི་པའི་དུས་སྐབས་སུ་རང་ཁུལ་གྱིས་དམངས་འཚོ་དྲོ་སྐྱིད་ཡོང་བའི་དྲིས་ལན་སྤྲད།
ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་ནས་བཟུང་། རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་རྩིས་བའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཨུའི་གསུམ་བརྒྱད་བཅོ་ལྔའི་འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས་དང་མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་དམ་པོར་འཛིན་ནས་གཞི་རྩའི་དམངས་འཚོ་འགན་སྲུང་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་སོགས་ཁྱབ་ཁོངས་སུ་དོན་འཁྱོལ་ནན་ཏན་བྱས་ཡོད། ལོ་ལྔའི་རིང་། རང་ཁུལ་གྱིས་དམངས་འཚོ་ལ་མ་དངུལ་འཇོག་པ་དང་གནད་ལ་འཁེལ་བའི་དམངས་ཕན་སྲིད་ཇུས་རེ་རེ་བཞིན་སྤྱད་དེ། དམངས་འཚོའི་གསལ་ཐོ་ཞེས་པ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཚོར་ཐུབ་པའི་བདེ་སྐྱིད་རྩིས་ཐོ་རུ་བསྒྱུར་ཡོད། ཐ་གྲས་སྐྱོང་བ་དང་དྲ་བ་དམ་པོ་ཚགས་པ། ལམ་སྲོལ་འཛུགས་པ་བཅས་ལ་བརྟེན་ནས་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཚོན་མདངས་སུ་བྱས་པའི་དྲོ་སྐྱིད་ལྡན་པའི་རྣམ་པ་རིམ་བཞིན་གངས་ལྗོངས་མཐོ་སྒང་ཐོག་སྐྲུན་བཞིན་ཡོད།
དམངས་འཚོ་འགན་སྲུང་གི་བདེ་འཇགས་དྲ་བ་ཞེས་པ་དམ་པོར་བཏགས།
སྤྱི་ཚོགས་རོགས་སྐྱོབ་མ་ལག་གི་ཚད་གཞི་མཐོ་རུ་བཏང་ནས་ཁྱབ་ཁོངས་རྒྱ་སྐྱེད་བཏང་སྟེ་ཐ་སྐྱོང་འགན་ལེན་སྔར་བས་ནུས་ལྡན་ཡོང་བ་བྱས། “ལོ་ལྔ་ཚན་བཅུ་བཞི་པའི་”སྐབས་སུ། རང་ཁུལ་གྱིས་རིམ་རྩིས་བྱས་ནས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་10.21བཏང་བ་དང་། རིམ་རྩིས་བྱས་ནས་མི་ཐེངས་ཁྲི་30.93ལ་རོགས་སྐྱོབ་བྱས། གྲོང་ཁྱེར་གྱི་དམའ་སྲུང་གི་ཟླ་རེའི་འགན་སྲུང་ཚད་གཞི་དེ་སྒོར་640ནས་སྒོར་744བར་འཕར་བ་དང་། གྲོང་གསེབ་ཀྱི་དམའ་སྲུང་འགན་སྲུང་ཚད་གཞི་དེ་སྒོར་4500ནས་སྒོར་6720བར་འཕར། དམིགས་བསལ་དབུལ་ཕོངས་ཀྱི་འཚོ་སྐྱོང་རོགས་སྐྱོབ་ཚད་གཞི་དེ་སྒོར་832ནས་སྒོར་1006བར་འཕར། དབུལ་བྲལ་བྱ་ཡུལ་16010དང་དབུལ་པོར་ལོག་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་4255དམའ་སྲུང་ཡང་ན་དམིགས་བསལ་དབུལ་ཕོངས་ཀྱི་རོགས་སྐྱོར་ཁྱབ་ཁོངས་སུ་བཅུག་སྟེ་གཞི་ཁྱོན་རང་བཞིན་གྱི་དབུལ་པོར་མི་ལོག་པའི་མཐའ་ཚད་སྲུང་འཛིན་བྱས། སྤྱི་ཚོགས་རོགས་སྐྱོབ་ཀྱིས་སྡོད་གནས་རེ་ཞུ་བྱས་ནས་ཁུལ་ཡོངས་སུ་ཁྱབ་པ་དང་། ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལས་སྟེགས་ལ་བརྟེན་ནས་མིས་སྲིད་ཇུས་བཙལ་བ་ཞེས་པ་ནས་སྲིད་ཇུས་ཀྱིས་མི་བཙལ་བ་ཞེས་པའི་བློ་རིག་ཅན་སུ་བསྒྱུར།
དབང་པོ་སྐྱོན་ཅན་གྱི་ཕན་བདེ་འགན་སྲུང་གནད་ལ་འཁེལ་ཞིང་དྲོ་སྐྱིད་ལྡན། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་མི་རེར་ཟླ་རེར་སྒོར་90དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་གཡོག་ཁ་གསབ་རིམ་པ་དང་པོའི་མི་རེར་ཟླ་རེར་སྒོར་100དང་། རིམ་པ་གཉིས་པའི་མི་རེར་ཟླ་རེར་སྒོར་90བཅས་ཀྱི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་རང་འགུལ་ལྔ་ཞེས་པའི་ཆེད་དོན་བྱ་སྤྱོད་གསར་གཏོད་བྱེད། ལོ་ལྔའི་རིང་། དབང་པོ་སྐྱོན་ཅན་གྱི་ཁ་གསབ་རྣམ་གྲངས་གཉིས་གསར་དུ་བསྒྲུབས་པའི་མི་8721དང་། རིམ་རྩིས་བྱས་ན་ཁ་གསབ་སྒོར་ཁྲི་6140.63སྤྲད་པས། དབང་པོ་སྐྱོན་ཅན་16179ལ་ཕན་པ་ཐོབ་ཅིང་ཁྱབ་ཚད་100%ཟིན། རྒྱལ་ཡོངས་སེམས་ཁམས་བར་གེགས་སྡེ་ཁུལ་གྱི་བདེ་ཐང་ཞབས་ཞུ་མཉམ་འདྲེས་བྱ་སྤྱོད་ཅེས་པ་ལག་བསྟར་བྱས་ནས་མི་ཐེངས་1759ལ་ཞབས་འདེགས་ཞུ། དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་ཅེས་པའི་རྣམ་གྲངས་ཀྱིས་མི་ཐེངས་189ལ་ཞབས་ཞུ་བྱས་ནས་དབང་པོ་སྐྱོན་ཅན་གྱི་འཚོ་བའི་སྤུས་ཚད་དང་སྤྱི་ཚོགས་ནང་ཞུགས་པའི་ནུས་པ་ལེགས་བཅོས་ཏན་ཏིག་བྱས་ཡོད།
བྱིས་པའི་ཕན་བདེ་ཡིས་སྲུང་སྐྱོང་འཚར་ལོངས་ཡོང་བ་བྱ་དགོས། དྭ་ཕྲུག་དང་དོན་དངོས་ཐོག་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་ལེགས་སྒྲིག་ལམ་སྲོལ་དོན་འཁྱོལ་བྱས་ཏེ། 2025ལོར་གཅིག་བསྡུས་གསོ་སྐྱོང་དང་ཐོར་སྡོད་དྭ་ཕྲུག་ལ་ཁ་གསབ་བྱེད་པའི་ཚད་གཞི་མི་རེར་ཟླ་རེར་སྒོར་2010དང་མི་རེར་ཟླ་རེར་སྒོར་1370བར་མཐོ་རུ་གཏོང་། ཁྱོན་བསྡོམས་ནས་གཞི་རྩའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་ཁྲི་1346དང་སློབ་རོགས་མ་དངུལ་སྒོར་ཁྲི་94སྤྲད། གཅེས་སེམས་ཨ་མ་ཞེས་པ་དང་བསམ་འདུན་ཕྲ་མོ་ཞེས་པ་སོགས་གཅེས་སྐྱོང་བྱེད་སྒོ་ཐེངས་790ལྷག་སྤེལ་ནས་བྱིས་པ་མི་ཐེངས་ཁྲི་4.21ལ་ཕན་པ་ཐོབ། མ་དངུལ་སྒོར་ཁྲི་841བཏང་ནས་བྱིས་པའི་ཕན་བདེའི་ལས་ཁུངས་སྤུས་ཚད་ལེགས་སུ་བཏང་ནས་བསྒྱུར་བཀོད་བྱས་ཏེ་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་སྐྲུན།
ལོ་ན་ཡོངས་ཀྱི་མཛའ་གྲོགས་ཀྱི་བདེ་སྐྱིད་རྣམ་པ་ཞིག་སྐྲུན།
ལོ་ལྔ་ཚན་བཅུ་བཞི་པ་ནས་བཟུང་། རང་ཁུལ་གྱིས་རྫོང་དང་ཞང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུ་དྲ་རྒྱ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་སྟེ་རྒན་གསོའི་ཞབས་ཞུ་མ་ལག་འཛུགས་སྐྲུན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.24བརྩོན་ལེན་བྱས། དེང་སང་རྒན་གསོའི་སྒྲིག་གཞི་11དང་ཞང་དང་གྲོང་རྡལ་གྱི་ས་ཁོངས་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་5། གྲོང་ཚོ་དང་སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་སྒྲིག་བཀོད་101བཅས་ཡོད། རྒས་པ་དང་འཚམ་པའི་དུད་ཁ་2600བསྒྱུར་བཀོད་ལེགས་གྲུབ་བྱས་པ་དང་ཁྱོན་བསྡོམས་ནས་ལོ་ན་མཐོ་བའི་ཁ་གསབ་སྒོར་ཁྲི་2191དང་དཔལ་འབྱོར་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཞབས་ཞུའི་ཁ་གསབ་སྒོར་ཁྲི་192སྤྲད། རྒན་གསོའི་ལས་ཁུངས་དང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བར་སྨན་བཅོས་རྒན་གསོའི་གན་རྒྱ་འཇོག་ཚད་100%དང་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་96%ཡན་བརྟན་དུ་ཕྱིན། འགན་བཅོལ་ནང་ཞུགས་མཁན་མི་ཁྲི་29.34དང་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་10.92ལ་འགན་བཅོལ་གྲོན་དངུལ་སྒོར་ཁྲི་1586.54ཚབ་སྤྲོད་བྱས། ཐ་སྐྱོང་འགན་སྲུང་ཞེས་པ་ནས་སྤྱི་ཕན་རྒན་གསོའི་བར་སྣུར་སྲིང་མངོན་འགྱུར་བྱུང་ཡོད།
སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཁུལ་རིམ་པའི་ནོར་སྲིད་ཀྱིས་ལོ་ལྟར་ཆེད་དོན་མ་དངུལ་སྒོར་ཁྲི་1000བཀོད་སྒྲིག་བྱེད་པ་དང་། རྫོང་དང་གྲོང་ཁྱེར་སོ་སོར་སློབ་གསོའི་ཆེད་དོན་འཕེལ་རྒྱས་མ་དངུལ་སྒོར་ཁྲི་500ལས་མི་ཉུང་བ་བཀོད་སྒྲིག་བྱས་ཏེ། ལོ་ལྔའི་ནང་སློབ་གསོའི་མ་དངུལ་སྣ་ཚོགས་བསྡོམས་འབོར་སྒོར་དུང་ཕྱུར་15ལས་བརྒལ་ཡོད། ཧུའེ་ཙེ་སློབ་གསོའི་རོགས་སྐྱོར་ཚོགས་པ་ནང་འདྲེན་བྱས་ནས་ཁུལ་སློབ་འབྲིང་དང་པོའི་སློབ་བསྡུ་སློབ་གཉེར་མངོན་འགྱུར་བྱས་ཏེ་ངོས་འཛིན་བྱེད་ཚད་ལྡན་པའི་སློབ་གྲྭ་གཉེར་བའི་རྣམ་པ་གསར་པ་གཏོད་པ། སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་བཙུགས་ནས་སློབ་མ་བསྡུ་བ་དང་མཐོ་རིམ་སློབ་གསོའི་སྟོང་ཆ་གསབ་པ། ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་ཀྱི་སློབ་བསྡུ་གཟིགས་སྐྱོང་སྲིད་ཇུས་བརྩོན་ལེན་བྱས་ནས་སློབ་མ་430ལྷག་ཙམ་ལ་ཕན་པ་ཐོབ། རྫོང་གིས་དོ་དམ་དང་སློབ་གྲྭས་གདན་ཞུ་ཞེས་པ་དང་། སློབ་གཙོའི་ལས་རིམ་ལམ་ལུགས་སྒྱུར་བཅོས་ཁྱབ་སྤེལ་བཏང་སྟེ་ཉེ་བའི་ལོ་3ནང་། དགེ་རྒན་1644བསྡུ་ལེན་བྱས། ལས་འཁྱུར་བྱས་པའི་ཕུལ་དུ་བྱུང་བའི་དགེ་རྒན་གྱི་འཆར་གཞི་ཞེས་པ་དང་ཚོགས་པ་སྒྲིག་འཛུགས་རྣམ་པའི་རོགས་སྐྱོར་ཞེས་པར་བརྟེན་ནས་ཕུལ་བྱུང་དགེ་རྒན་ཁ་གསབ་བྱས། རྒྱལ་ཐང་སློབ་ཆུང་སློབ་གསོ་ཚོགས་པ་བཙུགས་པ་དང་ཁུལ་མི་རིགས་སློབ་འབྲིང་སོགས་ཀྱིས་དམའ་འབྲིང་འཛིན་གྲྭ་བཙུགས་ནས་མཐོ་རྒྱུགས་གསར་པའི་སྒྱུར་བཅོས་བརྟན་པོའི་ངང་ལག་བསྟར་བྱས་ནས་སློབ་མ་མང་པོ་ཞིག་ལ་ཤེས་ལྡན་མི་སྣ་འགྱུར་བའི་ལམ་བུ་བཏིང་ཡོད།
དམངས་ཡོངས་བདེ་ཐང་གི་འགོག་སྲུང་འཛིན་རགས་སྲ་བརྟན་དུ་སྐྲུན།
སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་མཐུད་ནས་མཐོ་རུ་ཕྱིན། གཞི་རིམ་ལ་སྤུས་ལེགས་ཞབས་འདེགས་ཞུ་བའི་བྱེད་སྒོ་འཛིན་སར་བྱས་ཏེ། རྫོང་དང་གྲོང་ཁྱེར་གསུམ་གྱི་མི་དམངས་སྨན་ཁང་དང་། ཞང་དང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་30། གྲོང་ཚོའི་འཕྲོད་བསྟེན་ཁང་163བཅས་གཞི་རྩའི་ཚད་གཞིར་སླེབས། དེའི་ནང་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་7དང་གྲོང་ཚོའི་འཕྲོད་བསྟེན་ཁང་12རྒྱལ་ཁབ་ཀྱི་འོས་སྦྱོར་ཚད་གཞིར་སླེབས། ཁུལ་མི་དམངས་སྨན་ཁང་གིས་ཀ་གསུམ་རིམ་པའི་སྨན་ཁང་བདེ་བླག་ངང་བཙུགས་ནས་རང་ཁུལ་དུ་ཀ་གསུམ་རིམ་པའི་སྨན་ཁང་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་སྙིང་དང་ཀླད་པའི་ཁྲག་རྩ་སྐྱོབ་བཅོས་ས་ཚིགས་དང་། དལ་ནད་དོ་དམ་ལྟེ་གནས། ཀྲུང་ལུགས་དང་བོད་ལུགས་སྨན་ཁང་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་མང་ཚོགས་ཉེ་འགྲམ་དུ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་དུ་བཅུག
ཀྲུང་ལུགས་དང་བོད་ལུགས་སྨན་བཅོས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་གཏོང་། ད་ལྟ། ཁུལ་ཡོངས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞི་26ཡོད་པ་དང་། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་100%ཡིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འོས་འཚམ་ལག་རྩལ་རིགས་6དང་རྣམ་གྲངས་10ཡན་མཁོ་འདོན་བྱེད་ཐུབ། ཁུལ་ཡོངས་སུ་བོད་སྨན་ཐོན་སྐྱེད་སྒྲིག་གཞི་ཁྱོན་བསྡོམས་ནས་3ཡོད་པ་དང་། ལོ་ལྔའི་རིང་། བོད་སྨན་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་6000ཙམ་ཡོད། དེ་དང་དུས་མཚུངས་སུ། གནའ་བོའི་དཔེ་དེབ་དང་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་། སྨན་པ་གྲགས་ཅན་རྒྱུན་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་སྨན་རྫས་ཀྱིས་དུས་རབས་ཀྱི་སྐྱེ་སྟོབས་མངོན་དུ་བཅུག
མི་དམངས་ལྟེ་བར་རྩིས་བ་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་། སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་96%ཡན་བརྟན་པོ་བྱུང་ནས་མཐོ་སྒང་མང་ཚོགས་ཀྱི་འགན་བཅོལ་ནང་ཞུགས་པའི་དཀའ་གནད་གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་བྱས། ཐོབ་ཐང་འགན་སྲུང་ཞབས་ཞུ་ཇེ་ཆེར་འགྲོ་བ་དང་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་འགོག་སྲུང་འཛིང་རགས་ཇེ་ཆེར་འགྲོ་བ། གྲངས་གཞི་དང་ཤེས་རིག་གི་ནུས་པ་འདོན་སྤྲོད་ཀྱི་ཕན་འབྲས་ཇེ་ཆེར་འགྲོ་བ། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་ཇེ་ཆེར་འགྲོ་བ་དང་ཐ་སྐྱོང་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་འགྲོ ། དབུལ་བྲལ་མི་འབོར་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་འགན་བཅོལ་ནང་ཞུགས་ཚད་99%ཡན་རྒྱུན་མཐུད་བརྟན་པོ་ཡིན་པ་དང་དཀའ་ངལ་ཡོད་པའི་མི་ཚོགས་ཁྲི་148.97ལ་རོགས་སྐྱོར་བྱས་པའི་འགན་བཅོལ་ནང་ཞུགས་པའི་དངུལ་གྲངས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1.49ཙམ་ཡོད།
སྤྱི་ཚོགས་བཅོས་སྐྱོང་གི་དྲོ་སྐྱིད་ཚད་མཐོ་རུ་གཏོང་།
གཉེན་སྒྲིག་ཐོ་འགོད་ཞབས་ཞུ་སྟབས་བདེ་དང་མཛད་སྒོའི་ཚོར་བ་ལྡན། ཁྱོན་ཡོངས་ནས་དྲ་ཐོག་ཁ་ཆད་བྱེད་པ་ཁྱབ་གདལ་གཏོང་ནས་གཉེན་སྒྲིག་ཐོ་འགོད་ས་ཁོངས་ལས་བརྒལ་བའི་བསྒྱུར་བཅོས་བརྟན་པོའི་ངང་སྐུལ་འདེད་བཏང་ནས་2025ལོའི་ཟླ་5པར། དུས་བཀག་ལྟར་རྒྱལ་ཡོངས་སུ་ཡོངས་ཁྱབ་ཏུ་སྒྲུབ་པ་མངོན་འགྱུར་བྱུང་། ལོ་ལྔའི་རིང་། ཁུལ་ཡོངས་ཀྱིས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་བཙུགས་པའི་ཟུར་ཁྲིད་ཁང་ལ་བརྟེན་ནས་ཁྱོན་བསྡོམས་ནས་དོ་བདག་ཆ་ཁྲི་1.8ལྷག་ཙམ་ལ་ཞབས་འདེགས་ཞུ་ཡོད། སྤྱི་གླིང་རྣམ་པའི་གཉེན་སྒྲིག་ཐོ་འགོད་དང་ལག་ཁྱེར་སྤྲོད་ས་3སྐྲུན་པ་མ་ཟད། ཐུན་མོང་གཉེན་སྟོན་གཉེར་ནས་ཐོ་འགོད་དེ་བདེ་སྐྱིད་ཀྱི་འགོ་ཚུགས་ས་ཞིག་ཏུ་གྱུར་བཅུག
ས་མིང་དོ་དམ་དང་སྤྱི་ཚོགས་སྒྲིག་འཛུགས་ཚད་ལྡན་ངང་འཕེལ་རྒྱས་བྱུང་། ཚད་ལྡན་མིན་པའི་ས་མིང་400ལྷག་ཙམ་བཅོས་སྒྲིག་བྱས་པ་དང་ས་མིང་མཚོན་རྟགས་1369བཅོས་སྒྲིག་བྱས། ལོ་རྒྱུས་ཀྱི་ས་མིང་100ལྷག་ཙམ་ལ་སྲུང་སྐྱོང་བྱས། སྤྱི་ཚོགས་རྩ་འཛུགས་382ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ནང་ཧུར་ཐག་ངང་ཞུགས་པ་དང་། རིམ་པ་ཁག་གི་དགེ་སྒྲུབ་རྩ་འཛུགས་ཀྱིས་རིམ་རྩིས་བྱས་ནས་ཞལ་འདེབས་སྒོར་ཁྲི་600ལྷག་ཙམ་བསྡུ་ལེན་བྱས། ཕན་བདེ་རྒྱན་ཤོག་སྒོར་དུང་ཕྱུར་8.95ཕྱིར་ཚོང་བྱས་པ་དང་སྤྱི་ཕན་མ་དངུལ་སྒོར་ཁྲི་4565.47གྲབས་གསོག་བྱས་ནས་དམངས་འཚོ་བྱ་གཞག་ལ་སྒུལ་ཤུགས་སྣོན་ཡོད།
གཞོན་ནུ་འཕེལ་རྒྱས་ཀྱི་གསོན་ཤུགས་འབྱུང་ཁུངས་ཞེས་པ་སྣོན།
ལས་ཞུགས་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་ཡོད། གཞོན་ནུ་ཤེས་ལྡན་མི་སྣར་རིན་མེད་ཀྱི་ཡིག་ཚགས་ཚབ་གཉེར་དང་བརྒྱུད་སྤྲོད་བྱེད་པ། རིམ་པ་མཐོ་བའི་ཤེས་ལྡན་མི་སྣར་སྟབས་བདེའི་ཞབས་ཞུ་ཁག་21མཁོ་འདོན་བྱེད། སློབ་གྲྭར་ཁ་བྲལ་ནས་ལས་ཞུགས་མེད་པའི་སློབ་ཆེན་སློབ་མ་དང་ལས་ཤོར་གཞོན་ནུ་ཚོར་གཅིག་གིས་གཅིག་ལ་ལས་རིགས་མཛུབ་ཁྲིད་བྱེད་པ་མཁོ་འདོན་བྱས་ནས་ལས་གཏོད་བྱེད་མཁན་ལ་ཞབས་ཞུ་ཡོངས་མཁོ་འདོན་བྱེད།
སྲིད་ཇུས་ཐད་དངུལ་ངོ་མ་རྒྱབ་སྐྱོར་བྱེད། ལས་ཀ་འཚོལ་བ་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་ཁ་གསབ། ལས་གཏོད་ཁག་ཐེག་དངུལ་བུན་སྐྱེད་ཀ་ཁ་གསབ་སོགས་ཀྱི་སྲིད་ཇུས་བཏོན། 2024ལོར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ་ལྟ་སྦྱོང་ཁ་གསབ་ཚད་གཞི་མཐོ་རུ་གཏོང་། རང་ཁུལ་ལ་ལས་གཏོད་བྱེད་ཡོང་བའི་གཞོན་ནུ་ཚོར་ཐེངས་གཅིག་བྱ་དགའ་དང་ཁ་གསབ་སྤྲོད། 2025ལོར་ཆེད་དོན་མ་དངུལ་སྒོར་ཁྲི་350བཀོད་སྒྲིག་བྱས་ནས་སྲིད་ཇུས་དོན་འཁྱོལ་བྱས།
ལོ་ལྔ་ཚན་བཅུ་བཞི་པའི་དུས་སྐབས་སུ་ནི་རང་ཁུལ་གྱི་དམངས་འཚོ་ལ་མ་དངུལ་ཤུགས་ཆེན་གཏོང་བ་དང་དམངས་འཚོའི་སྲིད་ཇུས་བཏོན་ཟབ་ཤོས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཇེ་མཐོར་འགྲོ་མགྱོགས་ཤོས་བཅས་ཀྱི་དུས་སྐབས་ཀྱི་གྲས་ཤིག་ཡིན། རང་ཁུལ་གྱིས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་10.21དང་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.24། སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་15ལས་བརྒལ་ནས་དམའ་སྲུང་དུད་ཚང་གི་ཚད་གཞི་སྤོར་རྗེས་ཀྱི་སེམས་གསོ་དང་། རྒན་རྒོན་ལ་ཟ་མ་རོགས་རམ་བྱེད་སྐབས་ཀྱི་འཛུམ་མདངས། སློབ་མའི་སློབ་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་སྐབས་ཀྱི་དགའ་སྤྲོ། ནད་པར་རོགས་སྐྱོབ་ཐོབ་རྗེས་ཀྱི་བག་ཕེབས་བྱུང་བ། གཞོན་ནུ་རྣམས་ལས་གཏོད་ལེགས་འགྲུབ་བྱུང་སྐབས་ཀྱི་ཡིད་ཆེས་བཅས་ལ་བྱེད་ཐབས་ཏན་ཏིག་རེ་རེ་སྤྱད་དེ་སྤྱི་མཚན་དུ་གྱུར་པའི་དམངས་འཚོའི་རྩིས་ཐོ་ཞེས་པ་མི་དམངས་མང་ཚོགས་ཀྱིས་ཚོར་ཐུབ་པའི་བདེ་སྐྱིད་རྩིས་ཐོར་ཞེས་པར་བསྒྱུར་ཡོད། ལོ་ལྔ་ཚན་བཅོ་ལྔ་པར་རྒྱང་ལྟ་བྱས་ན། རང་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མུ་མཐུད་ནས་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམ་འཛིན་བྱས་ཏེ། དམངས་འཚོའི་ཞན་ཆ་ཁ་གསབ་དང་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ། ཐུན་མོང་ཐོག་ཕྱུག་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་མུ་མཐུད་ནས་ཤུགས་སྣོན་ཞིང་སྔར་བས་དྲོད་ཚད་ལྡན་པ་དང་སྤུས་ཀ་ལྡན་པའི་དམངས་འཚོའི་ལེའུ་གསར་པ་ཧུར་ཐག་སྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་ལས་ལེགས་པ་དང་སྐྱིད་སྣང་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་སྣང་བཅས་སྔར་ལས་འགན་སྲུང་ལྡན་པ་བཅས་བྱེད་དགོས།
责任编辑:曲批、七林
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
མཐའ་ཆུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དེ། སེ་འབྲུ་མེ་ཏོག་བཞད་སར་དར་རྒྱས་ཀྱི་གླུ་དབྱངས་དཀྲོལ།
དམངས་འཚོའི་གསལ་ཐོ་ཞེས་པ་དེ་བདེ་སྐྱིད་ཀྱི་རྩིས་ཐོ་ཞེས་པར་བསྒྱུར་བཅུག
རང་ཁུལ་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
སེམས་ཀྱི་ཉི་ཟླའི་དགུན་ཁའི་གངས་འཁྱགས་གྲོས་ཆོད་ཀྱིས་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་ལ་རོགས་རམ་བྱས་ཏེ། སྤོ་ལོ་བལྟས་སྐབས་ཁ་བ་རྩེད་ནས་ཁྱོད་ལ་ཐེངས་གཅིག་ནང་སྤྲོ་སྣང་ངང་རྩེད་དུ་བཅུག
ཡུན་ནན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བདེ་ཆེན་གྱི་ཆེད་དོན་ཚོགས་འདུ་ཁུན་མིང་དུ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ཁུལ་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སུ་རྟོག་ཞིབ་གནང་།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་ཛ་དྲག་ཆེ་ཞིང་བཙུགས་སྤོར་འབེན་འཕེན་བྱས་པ་བརྒྱུད་ཆུས་ཅིང་ལས་ཕམ།
2025/2026ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོའི་མཉམ་འགྲན་བདེ་ཆེན་འགྲན་ཁུལ་གྱི་འགྲན་བསྡུར་འགོ་ཚུགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
