ཁུལ་གྱི་ཚན་ཁག་བཞིའི་འགོ་ཁྲིད་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན་གྱི་སྔ་དྲོར། རང་ཁུལ་གྱིས་2026ལོའི་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཤམ་བྷ་ལ་ལམ་ཆེན་གྱི་བརྒྱུད་ལམ་དུ་སྤེལ་བ་རེད། ལུའོ་ཁྲའོ་ཧྥེང་དང་ཀྲང་ཝེ་ཏུང་། ལི་ཡན་ལན། མིའོ་ཡིའུ་ཧྥ་སོགས་ཁུལ་གྱི་ཚན་ཁག་བཞིའི་འགོ་ཁྲིད་དང་ཁུལ་དང་གྲོང་ཁྱེར་ལས་ཁུངས་ཀྱི་ལས་བྱེད་པ། མང་ཚོགས་ཀྱི་འཐུས་ཚབ་པ། ནགས་སྲུང་བ་སོགས་དང་མཉམ་དུ་ལྕགས་ཁེམ་བཟུང་ནས་ས་སློག་པ་སོགས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“ཁང་པའི་རྒྱབ་མདུན་དུ་སྡོང་བོ་འཛུགས་པ་དང་ཁྲོམ་གཞུང་གི་ལམ་འགྲམ་དུ་འཛུགས་པའི”ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ཏེ“སྔོ་ལྗང་མཛེས་སྡུག་ལྡན་པའི་བདེ་ཆེན་”འཛུགས་སྐྲུན་ལ་སླར་ཡང་རྣམ་པ་གསར་པ་གཏོད་དགོས།
ཤིང་འཛུགས་ཡུལ་དངོས་སུ། ཁུལ་གྱི་འགོ་ཁྲིད་དང་ལས་བྱེད་མང་ཚོགས་ཀྱིས་ལས་བགོས་མཉམ་སྒྲུབ་བྱས་ཏེ།ལྗང་བུ་གསོ་སྐྱོར་དང་ས་སྐྱོར་རྒྱག་པ།རགས་བསྐོར་བ། ཆུ་གཏོང་བ་སོགས་ཀྱི་ལས་རིམ་རེ་རེ་བཞིན་ལེགས་པར་སྒྲུབ་པ་རེད།ལུའོ་ཁྲའོ་ཧྥེང་གིས་ཕྱོགས་གཅིག་ནས་ས་སྐྱོར་རྒྱག་པ་དང་ཆུ་གཏོང་བ། ཕྱོགས་གཞན་ཞིག་ནས་ཉེ་འགྲམ་གྱི་ནགས་ལས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལ་ཤིང་ཕྲུག་གི་ཡོང་ཁུངས་དང་དུས་མཇུག་གི་དོ་དམ་སྲུང་སྐྱོང་བྱེད་ཐབས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཁོང་གིས་ལྗང་མདོག་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་ལྗང་མཛེས་ལྗོངས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་ཚོས་སྔོ་ལྗང་གི་བར་མཐོངས་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་ལོངས་སུ་གང་ལེགས་སྤྱོད་པ་དང་།ལྗང་མདོག་དེ་བདེ་ཆེན་གྱི་ཀུན་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་ཅིག་ཏུ་འགྱུར་བ་བྱེད་དགོས།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཐེངས་འདིའི་ཤིང་འཛུགས་བྱེད་སྒོ་གོ་སྐབས་སུ་བཟུང་སྟེ།དམངས་ཡོངས་ཀྱིས་ལྗང་དགའ་ལྗང་འཛུགས་ལྗང་སྲུང་གསུམ་གྱི་ཚ་རླབས་མགྱོགས་པོར་བསླངས་ཏེ།ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་སྲ་བརྟན་དུ་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།
རྒྱུས་ལོན་བྱུང་བ་ལྟར་ན། 2026ལོར་ཁུལ་ཡོངས་ཀྱིས་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་100ལེགས་གྲུབ་བྱ་རྒྱུ་ཡིན་པ་དེའི་ནང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྡོང་རྐང་ཁྲི་40དང་འཇོལ་རྫོང་གི་སྡོང་རྐང་ཁྲི་35 འབའ་ལུང་རྫོང་གི་སྡོང་རྐང་ཁྲི་25བཅས་ཡོད་པ་རེད།ཉེ་བའི་ལོ་ཤས་རིང་།བདེ་ཆེན་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་མཛེས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ཏེ“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས།རི་ཆུ་ནགས་ཞིང་མཚེའུ་བཅས་ཀྱི་རྩྭ་སའི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད།འོས་འགན་ཤིང་འཛུགས་དང་།གྲོང་གསེབ་ཀྱི་སྔོ་འགྱུར་དཔེ་སྟོན་གཏོད་པ།ནགས་ཚལ་དང་གྲོང་གསེབ་གཏོད་རྒྱུ་ལྟེ་བར་བྱེད་པ་བཅས་ཀྱི་ཐོག་ནས་ནགས་བཟོ་སྔོ་འགྱུར་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ནགས་ཚལ་སྣོད་བཅུད་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ཡོད།2022ལོ་ནས་2025ལོ་བར།ཁུལ་ཡོངས་ཀྱིས་འོས་འགན་ཤིང་འཛུགས་ནགས་བཟོ་བྱེད་ཚད་ཁྲི་920.54ཟིན་པ་དང་།གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད་ནགས་ཚལ་དང་རྩྭ་ཐང་སྔོ་ཁེབས་ཁྱབ་ཚད་ནུས་ལྡན་ངང་མང་དུ་ཕྱིན་པ།ཁུལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་རེད།
- བདེ་ཆེན་གསར་འགྱུར།
ཁུལ་གྱི་ཚན་ཁག་བཞིའི་འགོ་ཁྲིད་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།
ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཡིག་སྐུར་ངོ་གཏུག་མང་ཚོགས་ལ་སྣེ་ལེན་ཞུས།
ལུའོ་ཁྲའོ་ཧྥེང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་སྐྲུན་དགོས།
ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།
ཇ་ཞིང་ར་བར་ཇ་ལོ་འཐུ་བའི་ལས་ལ་བྲེལ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་152པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་།
འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྐབས་གསུམ་པའི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108