中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཡོངས་དངུལ་རྩའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཁྱབ་བསྒྲགས་དུས་ཚོད་:2026-04-02 15:27:05 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཚེས1ཉིན། ཁུལ་ཡོངས་དངུལ་རྩའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་དངུལ་རྩའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་།ཀྲུང་དབྱང་གི་དངུལ་རྩའི་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།སྲིད་དངུལ་འགན་བཅོལ་ཁེ་ལས་ཀྱིས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།དངུལ་རྩ་ཡིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ནས་བདེ་ཆེན་གྱིལོ་ལྔ་ཚན་བཅོ་ལྔ་པའིའགོ་ཡག་པོ་འཛུགས་རྒྱུར་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་གཙོ་སྐྱོང་གནང་བ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཕེབས་པ།

    ཚོགས་འདུའི་ཐོག་བདེན་འཚོལ་དུས་དེབ་ཐོག་བཀོད་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ།ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་དེ་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་དགོསཞེས་པ་དང་ཞིང་ཆེན་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚན་པ་9ཡིས“ལོ་ལྔ་ཚན་བཅུ་བཞི་པའི”ལས་དོན་གྱི་ཕན་འབྲས་དང་2026ལོའི་ལས་ཀའི་འཆར་གཞིར་དམིགས་ནས་གཅིག་རྗེས་གཉིས་མཐུད་ངང་གཏམ་བཤད་སྤེལ་བ་དང་འབྲེལ་དངུལ་རྩས་བདེ་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། 

    ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་།ཁུལ་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་འགན་འཁྲི་ནན་ཏན་སྒྲུབ་པ་དང་རང་འགུལ་ངང་བྱས་རྗེས་བཞག་པ།དངུལ་རྩས་འདེགས་སྐྱོར།སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ།ཀུན་ཕན་དངུལ་རྩ།ཉེན་ཁ་འགོག་ཟོན་སོགས་ཀྱི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུ་བ་ཡོང་ཆེད་སྟོབས་ཤུགས་ཧུར་ཐག་བཏོན་ཡོད།ད་ལོ་ནི་“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཚུགས་ལོ་ཡིན་པས།ཁུལ་ཡོངས་ཀྱི་དངུལ་རྩའི་མ་ལག་གིས་བསམ་བློ་དང་བྱ་སྤྱོད་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་དང་།བདེ་ཆེན་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་གི་འཕེལ་རྒྱས་དམིགས་འབེན་གྱི་གནས་ཐིག་གཏན་ཁེལ་ལ་དམིགས་པ།ཚན་རྩལ་དངུལ་རྩ་དང་།ལྗང་མདོག་དངུལ་རྩ།ཀུན་ཕན་དངུལ་རྩ།རྒན་གསོའི་དངུལ་རྩ།གྲངས་ཀའི་དངུལ་རྩ་བཅས་“ལས་དོན་ཆེན་པོ་ལྔ་”ཡག་པོ་སྒྲུབ་པ།ཁྱབ་ཁོངས་གཙོ་བོར་དམིགས་ནས་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།རང་ཁུལ་གྱི“ལོ་ལྔ་ཚན་བཅོ་ལྔ་པའི་”འཕེལ་རྒྱས་ལ་སྟོབས་ཤུགས་སྔར་ལས་ཆེ་བ་འབུལ་དགོས།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།དངུལ་རྩའི་ཁོངས་གཏོགས་ཀྱིས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་རམ་འདེགས་བྱས་ཏེ།བདེ་ཆེན་གྱིས“4+2+N”དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་།ཁྲོམ་ར་གཉེར་སྐྱོང་བྱེད་པོ་རིགས་ཁག་གི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་དམ་པོར་དམིགས་པ།བདེ་ཆེན་ཐོན་ལས་ཀྱི་ཁྱད་ཆོས་དང་འཚམ་པའི་དངུལ་རྩའི་ཐོན་རྫས་མུ་མཐུད་གསར་གཏོད་བཅས་བྱས་ཏེ།གནད་ལ་འཁེལ་བ་དང་གནད་སྨིན་ཅན་གྱི་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་དགོས།རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པར་རོགས་རམ་བྱས་ཏེ།ལོ་ལྔ་ཚན་བཅོ་ལྔ་པའི་རིང་རང་ཁུལ་གྱིས་ཇུས་འགོད་བྱས་པའི་རྣམ་གྲངས་གལ་ཆེན་གྱི་དགོས་མཁོ་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་།དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།དམངས་འཚོ་ལེགས་བཅོས་བྱེད་པར་རོགས་རམ་དང་།གྲོང་གསེབ་དར་རྒྱས་དང་།ལས་སྐྲུན་ལས་ཞུགས།ནང་མཁོ་རྒྱ་སྐྱེད་སོགས་ལ་དམིགས་ནས་ཞབས་ཞུའི་སྣ་མང་རང་བཞིན་དང་།ཀུན་ཕན་རང་བཞིན།ཁྱབ་ནུས་རང་བཞིན་བཅས་ཆེ་རུ་གཏོང་བ་དང་།རང་འགུལ་ཞབས་ཞུའི་འདུ་ཤེས་ཆེ་རུ་གཏོང་བ།དངུལ་རྩའི་སྲིད་ཇུས་གནད་སྨིན་ནུས་ལྡན་ངང་ཁེ་ལས་སུ་བརྒྱུད་བསྒྲགས་བྱེད་པར་སྐུལ་འདེད་གཏོང་དགོས།ཁུལ་ཡོངས་ཀྱི་གནོད་འགོག་གནོད་འཕྲིའི་ལས་ཀར་རྒྱབ་སྐྱོར་དང་།འགན་བཅོལ་འགན་སྲུང་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ།ཀུན་ཕན་འགན་བཅོལ་ཐོན་རྫས་གསར་སྤེལ་ཧུར་ཐག་བཅས་བྱས་ཏེ།མང་ཚོགས་འགན་བཅོལ་ནང་ཞུགས་པའི་འདུ་ཤེས་མུ་མཐུད་མཐོར་འདེགས་གཏོང་དགོས།དངུལ་རྩའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་།དབྱེ་ཞིབ།ཉེན་བརྡ་གཏོང་བ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་བ།མང་ཚོགས་ཀྱི་དངུལ་རྩའི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ།དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཏེ་དངུལ་རྩའི་ཉམས་ཉེན་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་མཐའ་གཅིག་ཏུ་བྱ་དགོས།

    ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་།དངུལ་ཁང་དང་ཁེ་ལས་ཀྱི་མཉམ་ལས་ལས་སྟེགས་ཧུར་ཐག་འཛུགས་པ།ནོར་སྲིད་དང་དངུལ་རྩའི་མཐུན་སྦྱོར་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱེད་པ།ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་འགྱུར་བཅས་བྱས་ཏེ་དངུལ་རྩའི་ལས་དོན་གྱི་དཀའ་གནད་ཐག་གཅོད་གང་ཐུབ་བྱ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དངུལ་རྩ་སློབ་སྦྱོང་དང་།དངུལ་རྩ་ཤེས་རྟོགས།དངུལ་རྩ་བཀོལ་སྤྱོད་བཅས་བྱས་ཏེ་དངུལ་རྩའི་སྲིད་ཇུས་ཀྱི་ཁེ་སྤོགས་དེ་བས་མང་བ་བདེ་ཆེན་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།ནན་ཏན་གྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་དངུལ་རྩའི་སྒྲིག་གཞིའི་ཏང་འཛུགས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས།

    དབྱང་ཞུའེ་ཝུན་དང་།ཀྲོང་ཞའོ་ཕིན་དང་།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་དེ་བཞིན་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས་པ་རེད།

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཉི་འོད་སྤྱིལ་ཁང་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས།   རིམ་དབྱེ་རིགས་དབྱེས་གནད་སྨིན་ཇུས་འདོན་དང་། རྒྱུན་གཏན་གྱི་ཕུགས་ཕན་ལམ་སྲོལ་ནན་སྐྱོང་དང་ཚོད་འཛིན་ནན་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་ཡོངས་དངུལ་རྩའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྗང་མདོག་གཏེར་ལས་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ།

ཁུལ་གྱི་ཚན་ཁག་བཞིའི་འགོ་ཁྲིད་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།

ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཡིག་སྐུར་ངོ་གཏུག་མང་ཚོགས་ལ་སྣེ་ལེན་ཞུས།

ལུའོ་ཁྲའོ་ཧྥེང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་སྐྲུན་དགོས།

ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།

ཇ་ཞིང་ར་བར་ཇ་ལོ་འཐུ་བའི་ལས་ལ་བྲེལ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com