ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཉི་འོད་སྤྱིལ་ཁང་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས། རིམ་དབྱེ་རིགས་དབྱེས་གནད་སྨིན་ཇུས་འདོན་དང་། རྒྱུན་གཏན་གྱི་ཕུགས་ཕན་ལམ་སྲོལ་ནན་སྐྱོང་དང་ཚོད་འཛིན་ནན་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་སོགས་ས་ཁོངས་སུ་ཕེབས་ནས་ཉི་འོད་སྤྱིལ་ཁང་བཅོས་སྒྲིག་དང་ཚད་ལྡན་འཛུགས་སྐྲུན་ལས་དོན་ལ་ཆེད་མངགས་བརྟག་ཞིབ་གནང་བ་རེད།ཁོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་བཅོས་སྒྲིག་དང་མཐོར་གཏོང་བྱེད་རྒྱུའི་སྐོར་གྱི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།རིམ་དབྱེ་རིགས་དབྱེས་རྩ་དོན་མཐའ་འཁྱོངས་ཀྱིས་ཉི་འོད་སྤྱིལ་ཁང་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།ཕུགས་ཕན་གྱི་དོ་དམ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”སྤུས་རྟགས་ཀྱི་གཟུགས་བརྙན་གང་ལེགས་མངོན་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཁྲའོ་ཧྥེང་དང་བཅས་པས་འཆམ་མཐུན་སྣོད་བཅུད་རང་གནས་བཅའ་སྒྲིག་སྡོད་ཁང་གཞིས་ཁུལ་གྱི་གཙོ་གནད་ཕལ་བ་ས་ཁོངས་ཀྱི་ཉི་འོད་སྤྱིལ་ཁང་ཚད་ལྡན་བསྐྲུན་ཚུལ་ལ་བརྟག་ཞིབ་གནང་བ།
རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོ་ཨ་ནུ་གྲོང་གྲོང་མི་ཚོ་ཆུང་དང་། འཆམ་མཐུན་སྣོད་བཅུད་རང་གནས་བཅའ་སྒྲིག་སྡོད་ཁང་གཞིས་ཁུལ། འོ་མ་ཆུ་ཁ་ཡུལ་མིའི་ཁུལ་དུ། ལུའོ་ཁྲའོ་ཧྥེང་དང་བཅས་པས་ཡུལ་དངོས་སུ་ཉི་འོད་སྤྱིལ་ཁང་བཅོས་སྒྲིག་དང་ཚད་ལྡན་འཛུགས་སྐྲུན་གྱི་ཕན་འབྲས་ལ་གཟིགས་ཞིབ་གནང་བ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་གྲོང་ཁྱེར་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི།དེ་བཞིན་ཤང་གྲོང་བཅས་ཀྱི་འགན་འཁུར་བློ་མཐུན་གྱི་ཡུལ་དངོས་ཀྱི་སྙན་ཞུ་ནན་ཏན་ངང་གསན་ནས། བཅོས་སྒྲིག་ཁྱབ་ཁོངས་དང་།ལག་བསྟར་ཚད་གཞི།མང་ཚོགས་ལས་དོན།གནད་དོན་ཐག་གཅོད་བྱ་རྒྱུ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།དུས་འགོའི་བཅོས་སྒྲིག་ལས་དོན་གྱི་ཕན་འབྲས་ལ་ཁས་ལེན་གནང་བ་དང་འབྲེལ་འཛུགས་སྐྲུན་གྱི་ཚད་གཞི་ལེགས་སུ་གཏོང་བ་དང་།དག་ཐེར་གྱི་མྱུར་ཚད་མགྱོགས་སུ་གཏོང་བ།མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད། རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དང་། ཚང་ཧྥང་སྡེ་ཁུལ་གྱི་ལྟེ་བའི་བཅོས་སྒྲིག་བྱ་ཡུལ་དུ།ལུའོ་ཁྲའོ་ཧྥེང་གིས་དག་ཐེར་ལེགས་བཅོས་བྱས་ཟིན་པའི་དུད་ཚང་དང་དག་ཐེར་ལེགས་བཅོས་བྱས་མེད་པའི་དུད་ཚང་གི་ལས་ཡུལ་དངོས་སུ་དག་ཐེར་བཅོས་སྐྱོང་གི་ཚད་གཞི་ལག་བསྟར་དང་།རྣམ་པ་ལ་དོ་དམ་ཚོད་འཛིན།དག་ཐེར་ཡོ་བསྲང་དང་གཙང་སེལ་སོགས་ཀྱི་ལས་ཀའི་འཕེལ་རིམ་ལ་གཙོ་གནད་ཐོག་ལྟ་ཞིབ་བྱས་ཏེ།ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས་ཀྱི་སྒོ་ནས་ལྟེ་བའི་ས་ཁོངས་བཅོས་སྒྲིག་དམ་འཛིན་བྱས་ཏེ་ལོ་རྒྱུས་དང་རིག་གནས་གྲོང་ཁྱེར་གྲགས་ཅན་གྱི་ཉམས་འགྱུར་སྲུང་སྐྱོང་གི་མ་མཐའི་མཚམས་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ལུའོ་ཁྲའོ་ཧྥེང་དང་བཅས་པ་ཚང་ཧྥང་སྡེ་ཁུལ་གྱི་ཡུལ་དངོས་སུ་ལྟེ་བའི་ཁུལ་གྱི་བཅོས་སྒྲིག་བྱས་མ་ཚར་བའི་ཉི་འོད་སྤྱིལ་ཁང་གི་གནས་ཚུལ་ལ་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ལེགས་སྒྱུར་དང་མཐོར་འདེགས་བྱེད་པའི་སྐོར་གྱི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་ནས། ནན་ཏན་གྱིས་ལྟེ་བའི་ཁུལ་དང་།གཙོ་གནད་ཁུལ།གཙོ་གནད་ཕལ་བའི་ཁུལ།སྤྱིར་བཏང་ཁུལ་བཅས་རིམ་དབྱེ་རིགས་དབྱེའི་གནད་སྨིན་ཇུས་འདོན་ནན་པོ་བྱས་ཏེ་ཉམས་འགྱུར་མཐུན་སྦྱོར་དང་།བདེ་འཇགས་སྒྲིག་སྲོལ།ལྗང་མདོག་ཁོར་ཡུག་སྲུང་སྐྱོང་།དཔལ་འབྱོར་དངོས་སྤྱོད་བཅས་ཀྱི་བླང་བྱར་དམ་པོར་དམིགས་ཏེ་སྒྲིག་སྲོལ་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།བློ་ཐག་རྦད་ཆོད་ཀྱིས་འཕར་ཚད་ཚད་ལྡན་དང་གསོག་ཚད་ཁོང་དུ་ཆུད་པ་བྱས་ཏེ།དག་ཐེར་ཡོ་བསྲང་བྱས་མེད་པའི་གནས་ལ་དམ་པོར་དམིགས་པ་དང་།ཁོངས་གཏོགས་ཀྱི་འགན་འཁྲི་ནན་དུ་གཏོང་བ།ལས་ཡུན་ལྡོག་སྒྲིག་བཅས་བྱས་ཏེ་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། རྒྱུན་གཏན་གྱི་སྐོར་ཞིབ་དང་འབྱུང་རྩ་ནས་དོ་དམ་ཚོད་འཛིན་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ཉི་འོད་སྤྱིལ་ཁང་བཅོས་སྒྲིག་དེ་གཅིག་སྡུད་འགག་སྒྲོལ་ནས་རྒྱུན་གཏན་གྱི་ཕུགས་ཕན་ལམ་སྲོལ་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ་གནད་དོན་བསྐྱར་ལོག་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། རིམ་ཁག་སྡེ་ཚན་ཁག་གིས་གང་མགྱོགས་ཀྱིས་བརྒྱུད་བསྒྲགས་དོན་འཁྱོལ་དང་། བྱ་ཐབས་ཞིབ་ཕྲ་བཟོ་བ།འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་གཟེར་འདེབས་པ་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་མུ་མཐུད་མཐོ་རུ་བཏང་ནས་སེམས་ཀྱི་ཉི་ཟླའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་བྱེད་དགོས།

ལུའོ་ཁྲའོ་ཧྥེང་དང་བཅས་པས་བདེ་ཆེན་ཁུལ་མི་དམངས་སྨན་ཁང་གནའ་གྲོང་སྨན་བཅོས་སྐྱོབ་བཅོས་ཞབས་ཞུ་ས་ཚིགས་སུ་ཞབས་ཞུའི་རྣམ་གྲངས་གྲ་སྒྲིག་གི་གནས་ཚུལ་ལ་རྒྱུས་ལོན་བྱས་པ།
བར་སྐབས་སུ། ལུའོ་ཁྲའོ་ཧྥེང་དང་བཅས་པས་ད་དུང་བདེ་ཆེན་ཁུལ་མི་དམངས་སྨན་ཁང་གནའ་གྲོང་སྨན་བཅོས་སྐྱོབ་བཅོས་ཞབས་ཞུའི་ས་ཚིགས་ཀྱིས་ཞབས་ཞུ་ས་ཚིགས་འཁོར་སྐྱོད་དོ་དམ་དང་།སྨན་བཅོས་ཐོན་ཁུངས་བཀོད་སྒྲིག དམངས་ཕན་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་།ཞབས་ཞུའི་རྣམ་གྲངས་ཀྱི་གྲ་སྒྲིག་དང་དངོས་ཟོག་གྲབས་གསོག་སོགས་ཀྱི་ལས་དོན་སྤེལ་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་།འབྲེལ་ཡོད་སྡེ་ཚན་གྱིས་སྨན་བཅོས་ཞབས་ཞུའི་མཁོ་སྤྲོད་རྒྱུན་མཐུད་ལེགས་སུ་གཏོང་བ་དང་།འཕྲལ་སྡོམ་ཐག་གཅོད་བརྒྱུད་རིམ་འཐུས་སྒོ་ཚང་དུ་གཏོང་བ།གནའ་གྲོང་ས་ཁོངས་ཀྱི་སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མང་ཚོགས་དང་ཡུལ་སྐོར་བའི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཧོང་ལུང་ཞིན་དང་ལི་ཐའོ་བརྟག་ཞིབ་ནང་ཞུགས་པ་རེད།
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཉི་འོད་སྤྱིལ་ཁང་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་སྐབས། རིམ་དབྱེ་རིགས་དབྱེས་གནད་སྨིན་ཇུས་འདོན་དང་། རྒྱུན་གཏན་གྱི་ཕུགས་ཕན་ལམ་སྲོལ་ནན་སྐྱོང་དང་ཚོད་འཛིན་ནན་པོ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དང་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཁུལ་ཡོངས་དངུལ་རྩའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྗང་མདོག་གཏེར་ལས་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ།
ཁུལ་གྱི་ཚན་ཁག་བཞིའི་འགོ་ཁྲིད་དཔྱིད་དུས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ།
ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཡིག་སྐུར་ངོ་གཏུག་མང་ཚོགས་ལ་སྣེ་ལེན་ཞུས།
ལུའོ་ཁྲའོ་ཧྥེང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་སྐྲུན་དགོས།
ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།
ཇ་ཞིང་ར་བར་ཇ་ལོ་འཐུ་བའི་ལས་ལ་བྲེལ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108