中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-03-25 10:38:34

ད་ལོའི་སྲིད་གཞུང་ལས་དོན་གྱི་སྙན་སྒྲོན་ནང་མི་དམངས་མང་ཚོགས་ཆེད་དུ་དོན་དངོས་མང་ཙམ་སྒྲུབ་དགོས་ཞེས་བཏོན་ཡོད།  ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རྩ་གནད་ནང་གཙོ་གནད་ལས་གྲྭ་རྣམ་གྲངས་བརྒྱ་དང་དགུའི་ཁྲོད་དམངས་འཚོ་ལས་གྲྭ་ཉེར་ལྔ་ཚུད་ཡོད།  དོན་དངོས་སྒྲུབ་པར་དངོས་གནས་ཡིན་མིན་དང་ལས་གྲྭ་འཛུགས་སྐྲུན་ཡག་མི་ཡག་ལ།  ཚད་གཞི་གལ་ཆེན་ཞིག་ནི་མི་སེར་གྱི་སེམས་ནང་གི་བསྔགས་བརྗོད་འོས་པའི་ལས་གྲྭ་ཞིག་ཏུ་འགྱུར་ཐུབ་མིན་དེ་ཡིན་པ་ལས། མི་དམངས་དང་རྒྱུ་ནོར་ལ་གནོ་པའི་འབོད་ཚིག་ལྟ་བུའི་ལས་གྲྭ་ཞིག་མིན།

ཉེ་བའི་ལོ་ཤས་རིང་།  ས་གནས་ཁ་ཤས་ཀྱི་ལྕགས་ལམ་གློག་འཁོར་དང་ཟོག་འགྲེམས་གྲོང་ཁྱེར་གསར་པ། གནའ་བོའི་འདྲ་བཟོའི་གྲོང་རྡལ་ཆུང་གྲས་སོགས་རྣམ་གྲངས་ཀྱིས་ཐབས་ཇུས་དོན་དངོས་དང་ཁ་བྲལ་པའི་རྐྱེན་གྱིས་བཤིག་ཉར་གཉིས་ཀ་དཀའ་བ་དང་ཕུགས་སྐྱོན་རྫོགས་མཐའ་མེད་པའི་གནས་སུ་གྱར་ཡོད།  འབོད་ཚིག་ལྟ་བུའི་ལས་གྲྭ་འདི་དག་ཨར་གཞུག་མ་འཁྱོལ་བའི་ལས་གྲྭར་གྱུར་བ་ལས་ཏང་ཡོན་ལས་བྱེད་པ་ཁག་ཅིག་གི་སྲིད་དོན་ལས་རྗེས་ལྟ་བ་ཡོ་ཁྱད་བྱུང་ཡོད་པའི་གནད་དོན་མཚོན་ཡོད།

གནམ་སའི་བར་དུ་ཚད་ཅིག་ཡོད།  ཚད་འདི་ནི་མི་སེར་ཡིན་ཞེས་པ་ལྟར་སྲིད་དོན་ལས་རྗེས་ཀྱི་ལྗིད་ཚད་འདང་ཡོད་མེད་ཚད་འདིའི་ཐོག་འཇལ་དགོས།

 ཏང་ནང་དུ་ཞུགས་དོན་ཅི་ཡིན་ནམ། དཔོན་པོ་བྱས་ནས་ཅི་བྱེད། རྗེས་སུ་ཅི་ཞིག་འཇོག་དགོས་ཞེས་པའི་གནད་དོན་འདི་ཏང་ཡོན་ལས་བྱེད་པ་ཚང་མས་རྒྱུན་དུ་བསམ་བློ་གཏོང་དགོས།  གཟེངས་བསྟོད་ངོ་ངམ་ནི་ཡིག་ཆ་དང་རེའུ་མིག་ནང་མེད་ལ་མི་སེར་གྱི་སེམས་ནང་ཡོད།  ལས་གཡོལ་བྱས་ནས་ལོ་མང་པོ་སོང་ཡང་མི་སེར་རྣམས་ཀྱིས་ལོ་དེ་དག་དང་ལས་བྱེད་པ་དེ་དག་སྐོར་གླེང་སྐབས། ད་དུང་སྙིང་ཐག་པ་ནས་སྐབས་དེའི་ཚན་ཁག་གིས་དོན་དངོས་བསྒྲུབས་པ་ཞེས་བརྗོད་པ་དེ་ནི་གཟེངས་བསྟོད་ཆེན་པོ་ཡིན།  རྨང་གཞི་བཏིང་བ་དང་ཕུགས་ལ་ཕན་ཐོགས་པའི་ལས་ཀ་མི་ཉུང་བ་ཞིག་ལ་ཏང་ཡོན་ལས་བྱེད་པའི་འགན་འཛིན་དུས་ཡུན་ནང་དུ་ཚ་ཚ་འུར་འུར་གྱི་ཕན་འབྲས་མཐོང་མི་ཐུབ་ཀྱང་། ལོ་མང་སོང་རྗེས་གཞི་ནས་རིམ་བཞིན་ཤུགས་རྐྱེན་འབྱུང་སྲིད།  དེ་དུས་བཙུགས་པའི་སྡོང་མྱུག་རིམ་བཞིན་གྲིབ་བསིལ་དུ་གྱུར་པ་དང་། འཆར་འགོད་བྱས་པའི་རྣམ་གྲངས་ལས་མང་ཚོགས་ལ་དངོས་ཕན་ཐོབ་པ། གསོ་སྐྱོང་བྱས་པའི་ཤེས་ལྡན་མི་སྣ་རྐང་འཛིན་དུ་གྱུར་ཡོད་སོགས་འདི་དག་ནི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་གསོན་ཉམས་ལྡན་པའི་མཆན་འགྲེལ་ཡིན།  

 བསྔགས་བརྗོད་ཇི་འདྲ་ཡིན་ཡང་མི་སེར་གྱི་གཟེངས་བསྟོད་ལས་མེད།  ཏང་ཡོན་ལས་བྱེད་པ་ཚང་མས་གནས་ལུགས་འདི་ཤེས་བའི་སྐབས་སུ་མིག་མདུན་གྱི་ཁེ་ཕན་ཁོ་ནར་བརྔམ་པའི་འབོད་ཚིག་ལྟ་བུའི་ལས་གྲྭ་དེ་དག་གིས་ཁྲོམ་ར་ཤོར་ངེས་ཡིན་པ་དང་།   ཕུགས་ལ་ཕན་པ་ཐོབ་པའི་བསྔགས་བརྗོད་འོས་པའི་ལས་གྲྭ་ནི་མི་སེར་གྱི་སེམས་ནང་འོད་འཚེར་ཐུབ་ངེས་རེད།

  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com