中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཤིང་ཏོག་ཟོས་ན་ལེགས་མོད་ཀྱང་གང་བྱུང་དུ་ཟ་མི་རུང་།

ཁྱབ་བསྒྲགས་དུས་ཚོད་:2026-04-29 15:48:11 འབྱུང་ཁུངས་:青海藏文科技报
 

    ཤིང་ཏོག་ནི་ཀུན་གྱིས་ཁས་ལེན་པའི་བདེ་ཐང་གི་ཟས་རིགས་ཤིག་ཡིན། དེས་ཁ་ལྟོ་སྐོང་ཐུབ་པར་མ་ཟད། ཝེ་འཚོ་རྒྱུ་དང་གཏེར་རྫས། བཟའ་བཅའི་ཚི་སྣ་སོགས་བཅུད་རྫས་བསྡུ་ལེན་བྱེད་པ་ཇེ་མང་དུ་གཏོང་ཐུབ། འོན་ཀྱང་ཕོ་བ་དང་མཚེར་བ་མི་བདེ་བའི་མིར་མཚོན་ན། ཤིང་ཏོག་འགའ་ཤས་ཟོས་ན་ཕོ་བ་དང་མཚེར་བའི་ཁུར་བོ་ཇེ་ལྕིར་གཏོང་སྲིད།

   ཕོ་བ་དང་མཚེར་བ་མི་བདེ་བའི་མི་རྣམས་ཀྱིས་ཤིང་ཏོག་རིགས་གསུམ་ཉུང་དུ་བཟའ་དགོས།
   ཕོ་བ་མི་བདེ་བའི་མིར་མཚོན་ན་ཤིང་ཏོག་ཐམས་ཅད་ཟོས་ཆོག་པ་ཞིག་མ་ཡིན་པར། གཤམ་གྱི་ཤིང་ཏོག་འདི་དག་མང་དུ་ཟོས་ན་ཕོ་མཚེར་ཇེ་སྡུག་ཏུ་འགྲོ་སྲིད།
   ༡ སྐྱུར་ཤས་ཆེ་བའི་ཤིང་ཏོག
   སྐྱུར་ཤས་ཆེ་བའི་ཤིང་ཏོག་ཏུ་ཏན་ཉིང་དང་གདོད་མའི་མེ་ཏོག་མདོག་རྒྱུ་སོགས་ཧྥུན་རིགས་མང་བའི་དངོས་རྫས་འདུས་ལ། ལྷག་པར་ཚད་ངེས་ཅན་གྱི་སྤྲི་དཀར་རྩབས་བདོག་པས་སྤྲི་དཀར་རྫས་དཀག་ཏུ་འཇུག་སྲིད། གལ་ཏེ་ཕོ་བའི་ནང་དུ་འབྱར་ཁུ་ཟགས་ཐོན་བྱས་པ་མ་འདང་ན། འཇུ་ལམ་གྱི་འབྱར་སྐྱིའི་ཕྱི་ངོས་ལ་གནོད་པ་ཐེབས་སྲིད།
   འཕན་སིལ་དང་སྐྱུ་རུ་ར་སོགས་སྐྱུར་ཤས་ཆེ་བའི་ཤིང་ཏོག་ཟོས་པ་ཚད་ལས་བརྒལ་ན་ཕོ་རྒྱུར་གནོད་དེ། རྒྱུན་ལྡན་གྱི་འཇུ་བ་དང་བསྡུ་བར་ཤུགས་རྐྱེན་ཐེབས་པར་མ་ཟད། ཚབས་ཆེ་ན་ཕོ་བ་ན་བ་དང་སྙིང་ཁམས་མི་བདེ་བའི་ནད་བབ་ཇེ་སྡུག་ཏུ་གཏོང་བས། ཀུ་ཤུ་དང་ངང་ལག ཁམ་བུ། འབྲི་ཏ་ས་འཛིན་སོགས་སྐྱུར་ཤས་མི་ཆེ་བའི་ཤིང་ཏོག་གདམ་དགོས།
   ༢ བསིལ་ཤས་ཆེ་བའི་ཤིང་ཏོག
   ཕོ་བ་ནི་དྲོད་འཕྲོད་ཅིང་བསིལ་་་མི་འཕྲོད་པས། ཕོ་མཚེར་གྱི་མེ་དྲོད་ཞན་པའི་མིས་བསིལ་ཤས་ཆེ་བའི་ཟས་རིགས་མང་དུ་ཟ་བ་ལ་ལྷག་པར་འཛེམ་དགོས།
   ཆུ་ཀུབ་དང་འབྲ་གོ་སོགས་བསིལ་ཤས་ཆེ་བའི་ཤིང་ཏོག་གིས་ཕོ་བ་དང་མཚེར་བའི་མེ་དྲོད་ལ་གནོད་སྐྱོན་བཟོ་སྐྱེན་ཞིང་། སྔར་ལས་ལྷག་པའི་སྒོ་ནས་ཕོ་མཚེར་གྱི་འཇུ་བ་དང་བརྗེ་ཚབ་སོགས་ཀྱི་བྱེད་ནུས་ཇེ་ཞན་དུ་གཏོང་བ་དང་། ཟོས་པ་མང་ན་འཇུ་མི་ཐུབ་པ་དང་ཕོ་བ་ན་བ། རྙང་བ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་སྲིད།
   ༣ དུས་མིན་ཤིང་ཏོག
   དུས་མིན་ཤིང་ཏོག་ནི་རྒྱུན་པར་འདེབས་འཛུགས་ཀྱི་ལག་རྩལ་དམིགས་བསལ་བར་བརྟེན་པའམ་དྲོད་ཁང་ཆེན་མོར་གསོ་སྐྱོང་བྱས་པ་ཞིག་ལ་བྱ་སྟེ། དེ་དག་གི་བྲོ་བ་དང་འཚོ་བཅུད་ཀྱི་གྲུབ་ཆ་ནི་དུས་འཚམ་ཤིང་ཏོག་དང་ཁྱད་པར་ཡོད་པར་མ་ཟད། སོས་པ་སྲུང་བ་དང་སྐྱེལ་འདྲེན་བྱེད་པའི་ཆེད་དུ་རྫས་འགྱུར་སྨན་རྫས་ཀྱང་ཉུང་ངུ་སྤྱད་ཡོད་སྲིད།
ཕོ་བ་མི་བདེ་བའི་མིའི་ཕོ་རྒྱུའི་བྱེད་ལས་ནི་ལྟོས་བཅས་ཀྱིས་ཞན་པས། “དམིགས་བསལ་གྱི་གྲུབ་ཆ”འདི་དག་འཕྲོད་དཀའ་ཞིང་འཇུ་མི་སླ་བས། མང་དུ་ཟོས་ན་མི་བདེ་བ་ཇེ་སྡུག་ཏུ་འགྲོ་སྲིད།

责任编辑:万玛措

  • བདེ་ཆེན་གསར་འགྱུར།

ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།

རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།

ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།

ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།

བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།

སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com