中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཞིང་ཆེན་ཚན་རྩལ་ཐིང་དུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུ་པར་ཕེབས། 

ཁྱབ་བསྒྲགས་དུས་ཚོད་:2025-12-23 16:21:33 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་བ་12པའི་ཚེས་22ཉིན། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གཉིས་ཀྱིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཚན་རྩལ་ཐིང་དུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུ་པར་ཕེབས། ཞིང་ཆེན་ཚན་རྩལ་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། འགོ་འཛིན་ཀའོ་ཅུན་བཞུགས་མོལ་ཚོགས་འདུ་ནང་ཞུགས་པ་དང་གསུང་བཤད་ཀྱང་གནང་། 

    བཞུགས་མོལ་ཚོགས་འདུའི་ཐོག བདེ་ཆེན་ཁུལ་གྱིས་2024ལོ་དང་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་རིང་ཚན་རྩལ་གསར་གཏོད་ཀྱི་ལས་དོན་གཙོ་བའི་གནས་ཚུལ་དང་ཐོབ་པའི་ཕན་འབྲས་ཕྱོགས་ཡོངས་ནས་སྙན་སེང་ཞུ་ཞིང་། འབྲེལ་ཡོད་དོན་དག་ལ་སྔར་བས་རྒྱབ་སྐྱོར་བྱ་བའི་རེ་འདུན་ཞུས། 

    ལུའོ་ཁྲའོ་ཧྥེང་གིས་ཞིང་ཆེན་ཚན་རྩལ་ཐིང་གིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་ནུས་ལྡན་འོག ཞིང་ཆེན་ཚན་རྩལ་ཐིང་གིས་རྣམ་གྲངས་དང་ཤེས་ལྡན་མི་སྣ། སྟེགས་བུ་སོགས་ཀྱི་ཐད་མུ་མཐུད་དུ་མཛུས་སྟོན་དང་རྒྱབ་སྐྱོར་བྱས་པ་བརྒྱུད། བདེ་ཆེན་གྱི་ཚན་རྩལ་གསར་གཏོད་ལས་དོན་ལ་མཆོང་བསྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་ཅིང་ཚན་རྩལ་གྱིས་ཐོན་ལས་འཕེལ་རྒྱས་ཐད་ཀྱི་སྒུལ་ནུས་ཀྱང་ཇེ་ཆེར་སོང་ཡོད་ཅེས་བསྟན། ཁོང་གིས། ཞིང་ཆེན་ཚན་རྩལ་ཐིང་གིས་མུ་མཐུད་དུ་བདེ་ཆེན་གྱི་ཚན་རྩལ་གསར་གཏོད་ལས་དོན་ལ་སྔར་ལྟར་རྒྱབ་སྐྱོར་བྱེད་པ་དང་ལྷག་པར་དུ་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་ཀྱི་ལག་རྩལ་འགག་རྩའི་འགག་སྒྲོལ་དང་། ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ལས་མཐོར་གཏོང་། སྟེགས་བུ་འཛུགས་སྐྲུན་གསར་གཏོད། ཚན་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་བར་ཤུགས་སྣོན་བརྒྱབ་སྟེ་བདེ་ཆེན་མཐོ་སྒང་གི་ཁྱད་ལྡན་གསར་གཏོད་སྒུལ་ནུས་ཀྱི་འཕེལ་རྒྱས་ལམ་བུའི་ནང་འགྲོ་ཐུབ་པར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས།   
    ཀའོ་ཅུན་གྱིས་བདེ་ཆེན་ཁུལ་གྱིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས། ཞིང་ཆེན་ཚན་རྩལ་ཐིང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བོད་འབྲེལ་ས་ཁུལ་གྱི་ཁུལ་དང་རྫོང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་བའི་སྐོར་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་མཉམ་ལས་ལམ་སྲོལ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཚན་རྩལ་རྣམ་གྲངས་བཀོད་སྒྲིག་དང་གསར་གཏོད་ཐོན་ཁུངས་བཀོད་སྒྲིག་ཐད་བདེ་ཆེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཤིང་། བདེ་ཆེན་གྱིས་སྔར་བས་ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ལ་དམིགས་ནས། ཁེ་ལས་ཀྱི་གསར་གཏོད་གཙོ་གཟུགས་ཀྱི་གོ་གནས་ཇེ་ཆེར་གཏོང་བ་དང་། ཧྲང་ཧའེ་དང་ཡུན་ནན་གྱི་མཉམ་ལས་སོགས་ཀྱི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ཏེ་ཚན་རྩལ་གྲུབ་འབྲས་བསྒྱུར་བ་དང་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཚན་རྩལ་ཐིང་གིས་ཞབས་ཞུའི་འགན་ལེན་ཡག་པོ་བྱས་ཏེ་བདེ་ཆེན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་མཉམ་དུ་ཚན་རྩལ་གྱི་སྒུལ་ཤུགས་སྔར་ལས་སྟོབས་ཆེར་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས། 
    ཞིང་ཆེན་ཚན་རྩལ་ཐིང་གི་འགོ་ཁྲིད་ཧོ་ཀེ་ཝུའེ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། རང་ཁུལ་གྱི་འགོ་ཁྲིད་ཡུས་ཀུའེ་ཧྥུན་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཞུགས། 

责任编辑:七林、曲批

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

བདེ་ཆེན་རུ་ཁག་མུའུ་ལ་རུ་སོང་། ཟླ་འདིའི་ཚེས་༢༧ཉིན་ཞི་ཧྲོང་པན་ན་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ།

བདེ་ཆེན་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་ཀྱི་བསམ་འཆར་བསྡུ་ལེན་ལས་དོན་གཏིང་ཟབ་ཏུ་སྤེལ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཞིང་ཆེན་ཚན་རྩལ་ཐིང་དུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུ་པར་ཕེབས། 

བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས།

ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་144པ་འཚོགས། 

བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་ཆེད་དོན་ཚོགས་འདུ་འཚོགས། 

མཐའ་ཆུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དེ། སེ་འབྲུ་མེ་ཏོག་བཞད་སར་དར་རྒྱས་ཀྱི་གླུ་དབྱངས་དཀྲོལ།

དམངས་འཚོའི་གསལ་ཐོ་ཞེས་པ་དེ་བདེ་སྐྱིད་ཀྱི་རྩིས་ཐོ་ཞེས་པར་བསྒྱུར་བཅུག

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com