འོད་སྣང་གིས་གངས་ལྗོངས་གསལ་བ་བྱེད་ཅིང་གློག་དྲོད་ཀྱིས་བདེ་ཆེན་གྱི་དུས་རབས་གསར་བ་བསུས།——ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་ཀྱིས་སྤུས་ཚད་མཐོ་བའི་གློག་ཤུགས་ལ་བརྟེན་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།
བདེ་ཆེན་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3380ཡོད་དེ། སྔོན་ཆད་རི་མཐོ་ལུང་གཟར་དང་རྨང་གཞི་ཞན་པའི་རྐྱེན་གྱིས་ཡུན་རིང་གློག་སྤྱོད་དཀའ་བ་དང་གློག་བརྟན་པོ་མེད་པའི་དཀའ་ངལ་ལ་འཕྲད། ཉེ་བའི་ལོ་ཤས་རིང་། ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་(བསྡུས་འབྲི་བྱས་ན་བདེ་ཆེན་གློག་འདོན་ཅུས་)ཀྱིས་གློག་དྲའི་གཞི་སྒྲོམ་མུ་མཐུད་བརྟན་དུ་གཏོང་བ་དང་ ། གློག་འདོན་འགན་ལེན་བྱེད་པ། ལྗང་མདོག་ནུས་རྒྱུ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་གངས་ལྗོངས་ས་མཐོའི་ས་གཞིའི་ཐོག་ཏན་ཏིག་ངང་འཁྱོལ་བ་བྱས་ཡོད། 2021ལོ་ནས་2025ལོ་བར་རིམ་རྩིས་བྱས་ན་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་22.61བཏང་བས་ཁུལ་ཡོངས་ཀྱི་གློག་ཤུགས་ཀྱི་ནུས་རྒྱུ་གཙང་མས་བརྒྱ་ཆ་100ཟིན་ཡོད་པ་རེད།


དར་ཆ་མངོན་པར་བསྒྲེངས་ནས་གངས་ལྗོངས་ས་མཐོའི་གློག་ཤུགས་བྱ་གཞག་གི་ཆབ་སྲིད་ཁ་ཕྱོགས་དམ་འཛིན་ནན་པོ་བྱེད་པ།

དུས་ཡུན་རིང་པོའི་ནང་བདེ་ཆེན་གློག་གཏོང་ཅུས་ཏང་ཨུས་“གྲོས་གཞི་ཨང་དང་པོའི་”ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་ཨུ་དང་ཏང་སྤྱི་ཁྱབ་ཀྲི་པུའུ། ཏང་ཀྲི་པུའུ་བཅས་རིམ་གསུམ་གྱི་སློབ་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། མཆན་འགོད་མཛུབ་སྟོན་བཅས་ཀྱི་དགོངས་དོན་འཕྲལ་མར་སློབ་སྦྱོང་དང་ལག་བསྟར་བྱས་ཡོད། ཆབ་སྲིད་ཀྱི་སྣེ་ཁྲིད་དེ་ཤོག་བུའི་སྟེང་གི་བླང་བྱ་ཁོ་ན་མིན་པར་ད་དུང་གཞི་རྩའི་ལྕགས་སྒྲོམ་གྱི་གནས་སའི་ཐད་དང་གངས་རླུང་འཚུབ་པའི་མྱུར་བཟོའི་བཀའ་རྒྱ་དང་པོ་དང་གསོལ་སྟོན་བཤམས་པའི་སྐད་གཉིས་སྒྲོག་འགྲེལ་བྱེད་ཐེངས་རེ་རེར་ཡོད།
འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ལུང་ཁུག་གི་གྲོང་ཚོ་ཁག་གཅིག་ཏུ་འཁོར་རིགས་ལས་ཡུལ་དུ་སྐྱོད་ཐབས་མེད་པས། འཛུགས་སྐྲུན་པས་རྟ་ཁལ་ལ་བརྟེན་ནས་གློག་ཤིང་དང་། གློག་སྐུད། གློག་ཤུགས་ཡོ་བྱད་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་པའི་རི་ཀླུང་མང་པོ་བརྒལ་ལ། གཡང་གཟར་བྲག་རིར་ཡོད་པའི་ལི་སུའུ་རིགས་ཀྱི་མང་ཚོགས་ལ་སྒུལ་ཤུགས་གློག་གཏོང་བྱས་ཏེ། རི་ཀླུང་གི་མང་ཚོགས་ལ་འོད་སྣང་དང་བྱམས་བརྩེ་སྐྱེལ་བ་རེད།

དངོས་སྒྲུབ་འགན་འཁུར་གྱིས་ས་མཐོའི་འཕེལ་རྒྱས་ཀྱི་ནུས་རྒྱུའི་རྨང་གཞི་བརྟན་དུ་བཏང་བ།

ཉེ་ཆར།འཇོལ་རྫོང་གྲོང་གི་ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་ཁུལ་གྱི་གནས་སྤོས་མང་ཚོགས་414ཡིས“གྲོང་དུ་སྤོས་མ་ཐག་གློག་གཏོང་ཐུབ་པའི”གནས་ཚུལ་བྱུང་བ་དང་།དམངས་འཚོའི་འདུ་འགོད་གལ་ཆེན་དེར་དམིགས་ཏེ་བདེ་ཆེན་གློག་འདོན་ཅུས་ཀྱིས་ཆེད་དོན་ཚོགས་ཆུང་བཙུགས་ནས་སྔ་སྣུར་དུ་རིག་ནུས་གློག་གཏོང་དྲ་བ་ལེ་ལག་ཚང་བ་བཟོས་ཏེ། བཀོད་སྒྲིག་བྱ་ཡུལ་དུ་དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས་ནས“གློག་གཏོང་བ་བརྒྱུད་འཕེལ་རྒྱས་གཏོང་བའི”འདུ་ཤེས་ལག་ལེན་བསྟར་ཏེ་གློག་གཏོང་ཐུབ་པ་བྱས་པ་རེད།
2023ལོའི་ཟླ་11པར་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་བདེ་ཆེན་གྱི་སྒུལ་འཁོར་གྱི་དུས་རབས་དངོས་སུ་འགོ་ཚུགས། མེ་འཁོར་ཤར་གཏོང་ཐུབ་ལ་ཉེ་སྐབས་བདེ་ཆེན་གློག་འདོན་ཅུས་ཀྱིས་སེམས་ཀྱི་ཉི་ཟླའི་འཐེན་འཁྲིད་ས་ཚིགས་ཀྱི་གློག་འདོན་སྐུད་ལམ་ལ་རེས་སྐོར་མང་པོའི་དམིགས་བསལ་སྐོར་གཡེང་དང་དམིགས་བསལ་སྲུང་སྐྱོང་བྱས་ཏེ། འཕྲལ་སྡོམ་གློག་འདོན་འཁོར་ཁང་དུ་ལས་རེས་བྱས་ནས་གློག་འདོན་གྱི་བྱ་ཐབས་ཁག་ཏན་ཏིག་དང་ཞིབ་ཚགས་སྤྱད་དེ་ཤུགས་འགྲེམས་མེ་འཁོར་གྱི་དུས་རབས་ཀྱི་གློག་འདོན་ལ་འགན་ལེན་བྱས་པ་དང་འཕུར་བསྐྱོད་ཀྱི་སྒུལ་འཁོར་གྱིས་གངས་རི་དང་རྩྭ་ཐང་བརྒལ་ཏེ་བརྟན་པོའི་གློག་ཤུགས་ཀྱིས་ས་མཐོའི“མྱུར་ཚད་དང་སྤྲོ་སེམས”ལ་འགན་ལེན་བྱས་ཡོད།

ཐོན་ལས་ལ་བརྟེན་ནས་ས་མཐོའི་རྩ་ཆེའི་ཐོན་ཁུངས་སྲུང་སྐྱོང་བྱས་པ།

བེ་ཤ་ཁྲོམ་རར་འདོན་པའི་དུས་ཚིགས་སུ་སླེབས་སྐབས་སེམས་ཀྱི་ཉི་ཟླའི་བེ་ཤ་ཉོ་ཚོང་ཁྲོམ་རར་མཚན་གང་བྲེལ་བ་ཆེན་པོ་ཡོད།ཐོ་རེངས་རི་གཤམ་ནས་བཏོགས་པའི་བེ་ཤ་འཕྲལ་དུ་གྲང་མཛོད་དུ་བཅུག་ནས་ལེགས་སྒྲུག་བྱེད་པ་དང་།ཉིན་དེ་རང་དུ་མཁའ་ཐོག་སྐྱེལ་འདྲེན་བྱས་ཏེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་གྲས་ཁག་གི་གསོལ་ལྕོག་ཐོག་འབྱོར་བ་བྱེད་ཀྱི་ཡོད།
ཡུན་ནན་གྱི་བེ་ཤའི་བསྡུ་འགྲེམས་ལྟེ་གནས་ཆེ་ཤོས་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་རྒྱུན་མཐུད་གློག་ཤུགས་འགན་ལེན་དང་ཁ་འབྲལ་ཐབས་མེད།2021ལོ་ནས་2025ལོ་བར་བདེ་ཆེན་གློག་གཏོང་ཅུས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3108བཏང་ནས་བེ་ཤའི་ཐོན་ལས་གླིང་གི་གློག་གཏོང་ནུས་པ་ཆེ་རུ་བཏང་བ་དང་།རིག་ནུས་ཅན་གྱི་གློག་སྡེབ་སྒྱུར་བཀོད་ལེགས་སྒྲུབ་བྱས་པ་རེད།རི་ནས་གསོལ་ལྕོག་བར་གྱི་བེ་ཤ་སོས་པ་དེ་དག་ལ་གློག་ཤུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།
བདེ་ཆེན་ཁུལ་གྱི་ལྗང་མདོག་ནུས་རྒྱུའི་གྲོང་གསེབ་དར་རྒྱས་དཔེ་སྟོན་གྲོང་ཚོ་དང་པོ་ཡུང་ཨན་གྲོང་ཚོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་92.06ཟིན་ནས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2བར་འཕར་བ་དང་།ནས་ཆང་བཟོ་གྲྭའི་རླངས་སྒྱུར་སྒྲིག་ཆས་རྒྱུན་མཐུད་ངང་འཁོར་སྐྱོད་ཐུབ་པ་དང་།སྟར་ཀའི་སྣུམ་འཁོར་ཁང་གི་ཐོན་སྐྱེད་ཐེག་ཚད་གང་ཡོད་ལས་བརྒལ་བ།ཞག་སྡོད་མགྲོན་ཁང་གི་གློག་སྒྲོན་གྱིས་གྲོང་ཚོའི་མཚན་མོ་གསལ་བ་བཅས་བྱས་ནས་ལྗང་མདོག་གློག་ཤུགས་དེ་ས་མཐོའི་གྲོང་ཚོའི་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད།

ལྗང་མདོག་གི་ནུས་རྒྱུ་གཙང་མས་བདེ་ཆེན་གྱི་རྒྱུགས་ལན་བཏབ་པ།

2022ལོར་རྒྱལ་ཡོངས་ཀྱི་ས་བབ་མཐོ་བའི་ཆུ་འོད་གསོག་འཇོག་རིག་ནུས་གློག་དྲ་ཆུང་གྲས་དང་པོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་དུ་བསྐྲུན་པ་དང་།ཆུ་གློག་དང་།འོད་ཤུགས།གསོག་ནུས་བཅས་མཉམ་ལས་གསབ་རེས་བྱས་པས་ས་གནས་དེ་གའི་གློག་མཁོ་འདོན་བྱེད་ཚད་95%ནས་99.8%ཡན་བར་འཕར་ཡོད།
ཁུལ་ཡོངས་ལ་བལྟས་ན།ལྗང་མདོག་ཕྱོགས་སྒྱུར་གྱི་རི་མོ་རིམ་བཞིན་བཀྲམ་པ་དང་།2021ལོ་ནས་2025ལོ་བར་མུ་མཐུད་འཛུགས་སྐྲུན་བྱས་པ་བརྒྱུད།ཁུལ་ཡོངས་ཀྱི་གློག་ཤུགས་ནུས་རྒྱུ་གཙང་མས་བརྒྱ་ཆ་100ཟིན་པ་དང་།འཛམ་གླིང་གི་ས་བབ་མཐོ་ཤོས་ཡིན་པའི་ན་ཀུའུ་འོད་ཤུགས་རྣམ་གྲངས་བདེ་བླག་ངང་འཁོར་རྒྱུག་ཐུབ་པ། བདེ་ཆེན་གློག་འདོན་ཅུས་ཀྱིས་དྲ་སྦྲེལ་གྱི་ལེ་ལག་ཚང་བ་བྱས་ཏེ་རྣམ་གྲངས་དེ་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཁོར་ཡུག་ཏུ་གནས་པར་རོགས་སྐྱོར་བྱས་ཡོད། བདེ་ཆེན་གྱི་ཤང་གྲོང་29ཚང་མར་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཁྱབ་ཡོད་ལ།རང་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་སྐབས་ཤང་གྲོང་དུ་གློག་གསོག་བདེ་བླག་ཡོང་གི་ཡོད་པ་དང་ལྗང་མདོག་ཕྱོགས་སྒྱུར་གྱི་འགྲོ་ལམ་དེ་ཐག་རིང་ལུང་ཁུག་གི་གྲོང་ཚོར་ཁྱབ་ཡོད།

གསར་གཏོད་གྱི་སྒུལ་ཤུགས། མི་མེད་གནམ་གྲུ་དང་གྲངས་གཞི་ཆེན་པོར་བརྟེན་ནས་ས་མཐོ་བཅོས་སྐྱོང་བྱེད་པ།

“སྔོན་མ་ལམ་ཐིག་ལ་སྐོར་ཞིབ་ཐེངས་རེ་བྱེད་སྐབས་རི་མཐོ་པོ་མང་པོ་བརྒལ་དགོས་པ་དང་བྲག་རིའི་གཡས་གཡོན་གྱི་ལམ་ཆུང་བརྒྱུད་དགོས་པས་ཉིན་གཅིག་ལ་སྐྱོད་ཐེངས་གཅིག་ལས་མེད། ད་ཆ་མི་མེད་གནམ་གྲུ་སྤྱད་དེ་རང་འགུལ་ངང་མི་མངོན་པའི་རྐྱེན་ངན་ཤེས་རྟོགས་ཐུབ་པས་ལས་ཕྱོད་ལྡབ་འགྱུར་གྱིས་ཆེ་རུ་ཕྱིན་ཡོད། མི་མེད་གནམ་གྲུས་བྲག་རིའི་ནགས་ཚལ་སྟུག་པོ་བརྒལ་ནས་རང་འགུལ་ངང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་ཀྱི་ཡོད་པས་སྐོར་ཞིབ་ཀྱི་སྤུས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། 2021ལོ་ནས་2025ལོའི་བར་བདེ་ཆེན་གློག་འདོན་ཅུས་ཀྱིས་དབང་ཆ་སྤྲད་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་དང་ཞིང་ཆེན་རིམ་པའི་ཚན་རྩལ་བྱ་དགའ་མང་པོ་ཐོབ་ཡོད།”
གློག་ཤུགས་ཀྱི་གྲངས་གཞི་ཆེན་པོའི་རིན་ཐང་མུ་མཐུད་དུ་མངོན་གྱི་ཡོད།ཉེ་བའི་ལོ་ཤས་རིང་བདེ་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གིས་སྣེ་ཁྲིད་དང་གཙོ་ཁྲིད་བྱས་པའི་ནུས་རྒྱུའི་གྲངས་གཞི་ཆེན་པོའི་ཆེད་ཚན་ཚོགས་ཆུང་ཐོག་མ་བཙུགས་ཏེ། “གློག་ཤུགས་ཀྱིས་དཔལ་འབྱོར་ལ་ལྟ་བ་”སོགས་གྲངས་གཞི་ཆེན་པོ་བེད་སྤྱོད་བྱེད་སྟངས་8བཏོད་ནས་བདེ་ཆེན་གྱི་ནུས་རྒྱུའི་གྲངས་གཞི་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་། ཁུལ་ཨུ་སྲིད་ཁྲིམས་ཨུ་ལྷན་དང་སྡོད་ཁང་འཛུགས་སྐྲུན་ཅུས། གནས་སྤོ་བཀོད་སྒྲིག་གཞུང་དོན་ཁང་བཅས་ཀྱིས་སྔ་རྗེས་སུ་ཆེད་དོན་བརྟག་ཞིབ་བྱས་ནས་གློག་ཤུགས་ཀྱི་གྲངས་གཞི་དེ་མི་འབོར་འགྱུར་ལྡོག་ལྟ་ཞིབ་དང་། གནས་སྤོ་བཀོད་སྒྲིག་ཞིབ་འཇུག གཞི་རིམ་ཉེན་ཁ་ཞིབ་བཤེར་བཅས་ལ་སྤྱོད་རྒྱུར་བཏང་བ་རེད།

མུ་མཐུད་འབད་འཐབ་བྱས་ནས་འོད་སྣང་གིས་གངས་ལྗོངས་ས་མཐོ་འདི་ཉིད་ནམ་ཡང་གསལ་བར་བྱེད།

2021ལོ་ནས་2025ལོ་བར་གྱི་བརྗིད་ཉམས་ལྡན་པའི་གྲུབ་འབྲས་ལས་བདེ་ཆེན་གློག་ཤུགས་ཀྱི་འབད་འབུངས་ལས་ཀའི་རྗེས་ཤུལ་མངོན་ཡོད་ལ།འཇོལ་རྫོང་གི་2021ལོ་ནས་2023ལོ་བར་གྱི་གློག་དྲ་སྦྲེལ་མཐུད་འཛུགས་སྐྲུན་གྱི་རིམ་སྤེལ་ལས་གྲྭར་2025ལོའི་ལོ་འཁོར་གྱི་ཀྲུང་གོའི་གློག་ཤུགས་སྤུས་ལེགས་ལས་གྲྭའི་བྱ་དགའ་ཐོབ་པ་དང་། གྲོང་གསེབ་དར་རྒྱས་ཀྱི“འབའ་ལུང་གི་དཔེ་མཚོན”དེ་ལྷོ་ཕྱོགས་གློག་དྲའི“9+15”ཤར་ནུབ་རྒྱུད་ཀྱི་ཆ་སྒྲིག་མཉམ་སྐྲུན་གྱི་ཕུལ་བྱུང་དཔེ་གཞིར་བདམས་པ། རྒྱལ་ཡོངས་ཀྱི་ས་བབ་མཐོ་བའི་ཆུ་དང་གློག་གསོག་འཇོག་རིག་ནུས་གློག་དྲ་ཆུང་ངུ་ཐོག་མ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་སོགས་བྱས་ཡོད།
གྲུབ་འབྲས་ཐོབ་པའི་རྒྱབ་ལོག་ན་བདེ་ཆེན་གློག་ཤུགས་མི་སྣ་མི་རབས་ནས་མི་རབས་བར་གངས་ལྗོངས་སུ་གཞིས་ཆགས་པ་དང་།བརྟན་སྲུང་བྱས་ནས་ལོ་མང་སོང་བའི་གློག་ཤུགས་ལས་གྲྭ་བདག་སྐྱོང་མི་སྣ་ཡོད་ལ། གངས་ལྷགས་ཁྲོད་དུ་ལག་པ་གཉིས་གྲང་ཤུར་རྒྱག་པའི་ཞིབ་བཤེར་ཉམས་གསོ་མི་སྣ་ཡོད་པ་དང་། བོད་ཁྱིམ་ལི་ཤང་དུ་གློག་ཤེས་བརྡ་ཁྱབ་གཏོང་བར་ཡོང་བའི་མགྲོན་གཉེར་བ་ཡོད་པ། ས་བབ་མཐོ་ཚད་སྨི་4000ཡན་དུ་འོད་ཤུགས་དྲ་སྦྲེལ་སྙོམས་སྒྲིག་བྱེད་མཁན་ལག་རྩལ་མི་སྣ་ཡོད་པ་མ་ཟད། སྔ་དུས་རྟ་ཁལ་བ་ལ་བརྟེན་ནས་གློག་དྲ་འཛུགས་བསྐྲུན་མཁན་ཡང་ཡོད་པ་རེད། ཁོང་ཚོས་དཀའ་ངལ་ལ་མ་འཛེམས་པར་བྱ་སྤྱོད་ལ་བརྟེན་ནས་“གངས་ལྗོངས་སུ་འོད་སྣང་འཕྲོ་བར་བྱེད། བདེ་ཆེན་དུ་དྲོད་གློག་མངོན་པར་བྱེད་”ཞེས་པའི་དམ་བཅའ་ལག་ལེན་བསྟར་ཡོད།

- བདེ་ཆེན་གསར་འགྱུར།
ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།
གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།
ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས།
འོད་སྣང་གིས་གངས་ལྗོངས་གསལ་བ་བྱེད་ཅིང་གློག་དྲོད་ཀྱིས་བདེ་ཆེན་གྱི་དུས་རབས་གསར་བ་བསུས།——ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་ཀྱིས་སྤུས་ཚད་མཐོ་བའི་གློག་ཤུགས་ལ་བརྟེན་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།
ལི་ཡན་ལན་གྱིས་འོག་རིམ་གྱི“འགོ་གཙོ་དང་པོ”ལྟ་སྐུལ་གླེང་མོལ་བྱས།
ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ཏུ་འབྲེལ་ཡོད་ལས་དོན་སྙན་སེང་ཞུས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108