中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས།

རྩོམ་པ་པོ་:和帝龙 ཁྱབ་བསྒྲགས་དུས་ཚོད་:2026-09-03 17:30:34


图片


ཟླ་8ཚེས་28ཉིན། ཁུལ ་ཡོངས་ཀྱི་ སྲ་གཟུགས་སྙིགས་རོ ་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་འཚོགས་པ། ཁུལ ཨུའི ་ཧྲུའུ་ཅི་གཞོན་པ་ ཁུལ དཔོན ་ལས་ཚབ་ལི་ཡན་ལན་ཚོགས་འདུར་ ཞུགས་ཤིང ་གསུང་བཤད་ཀྱང་གནང་ ཁོ་མོས་ ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ ས་ནས ཀྲུང་དབྱང་དང་ཞིང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བཀོད་སྒྲིག་བླང་བྱ་གསར་ཤོས་དང་བསྡུར་ནས་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་གསེད་བཀྲོལ་ བྱེད་དགོས་ལ། ཞན་ཆ་དང་མི་འདང་སར་དབྱེ་ཞིབ་བྱས་ཏེ་ ཁུལ ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་བཅོས་སྐྱོང་གི་གཙོ་གནད་ལས་འགན་བསྐྱར་དུ་བཀོད་སྒྲིག་དང་། བསྐྱར་དུ་བཀོད་སྒྲིག བསྐྱར་དུ་དོན་འཁྱོལ་བཅས་བྱེད་དགོས་པ་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བདེ་ཆེན་ནི“གཙང་གསུམ་མཉམ་རྒྱུག”གི་འཛམ་གླིང་རང་བྱུང་ཤུལ་བཞག་ལྟེ་བའི་ཁུལ་དུ་གནས་པ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས།སྲ་གཟུགས་སྙིགས་རོ་བཅོས་སྐྱོང་བྱེད་པའི་ངོ་བོ་ནི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གྱི་ཕན་འབྲས་དང་།“རྒྱལ་ཁབ་ཀྱི་ལས་དོན་ཆེན་པོའི་”་འགན་འཁུར་ཤུགས་ཚད།དམངས་འཚོའི་ཁས་ལེན་མངོན་འགྱུར་བྱེད་ཚད་བཅས་ལ་ཕྱོགས་བསྡུས་ཞིབ་བཤེར་བྱེད་པ་ཞིག་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣོད་བཅུད་ཁོར་ཡུག་ཁྲིམས་གཞུང་》དང་།སྲ་གཟུགས་སྙིགས་རོ་སྦགས་བཙོག་འགོག་བཅོས་ཀྱི“ལོ་ལྔ་ཚན་བཅོ་ལྔ་བའི”འཆར་འགོད།ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་འགན་འཁྲི་བདའ་འདེད་གཏོང་བའི་འབྲེལ་ཡོད་གཏན་འབེབས་བཅས་བརྩི་སྲུང་ཞུ་ས་དང་། ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་བརྡ་ཁྱབ་གཏོང་བའི་གྱོད་དཔེའི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱེད་པ།ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་དག་ཐེར་བྱེད་པའི་ཕན་འབྲས་ལ་དམ་པོར་དམིགས་ནས་བསྐྱར་ལོག་གཏན་འགོག་བྱས་ཏེ་བདེ་ཆེན་གྱི་སྣོད་བཅུད་མངོན་གསལ་དོད་པོ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན

སྙིགས་རོ་བཅོས་སྐྱོང་བྱ་རྒྱུ་ནི་རྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་ཞིང་། བཟོ་ལས་ཀྱི་སྲ་གཟུགས་ཟོག་རོ་དང་། འཚོ་བའི་གད་སྙིགས། ཨར་ལས་ཀྱི་གད་སྙིགས། ཞིང་ལས་ཀྱི་སྙིགས་རོ། ཉེན་ཆེའི་སྙིགས་རོ་བཅས་ཁྱབ་ཁོངས་ཡོངས་སུ་གཅིག་གྱུར་གྱིས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། “ཉུང་གཏོང”དང“བེད་སྤྱོད”ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། གཏེར་ཁའི་གད་སྙིགས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་32.62%དང་། ཕྱུགས་རིགས་དང་བྱ་རིགས་ཀྱི་ལུད་རོ་བེད་སྤྱོད་བྱེད་ཚད་85%ལས་བརྒལ་བ། སོག་མ་བེད་སྤྱོད་བྱེད་ཚད་94%ལས་བརྒལ་བ་བཅས་ཀྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་བཏང་ནས མགྱོགས་མྱུར་གྱིས་སེམས་ཀྱི་ཉི་ཟླའི་འཚོ་བའི་གད་སྙིགས་མེར་བསྲེག་བཟོ་གྲྭ་དང་འཇོལ་རྫོང་གི་གྲོང་གསར་རྙིང་གི་གད་སྙིགས་མེར་བསྲེག་རྣམ་གྲངས་སོགས་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱས་ཏེ ཨར་ལས་ཀྱི་གད་སྙིགས་འཁོར་རྒྱུག་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། “འགག་སྒྲོལ”དང“ཕུགས་ཕན”འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ ཁྲིམས་འགལ་ངང་གཤོ་བའི་ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་རྒྱུན་གཏན་ངང་དག་ཐེར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན

ཚོགས་འདུའི་ཐོག་རིམ་ཁག་དང་སྡེ་ཚན་ཁག་གིས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ལ་ཤུགས་སྣོན་བརྒྱབ་ནས་ཁོངས་གཏོགས་དོ་དམ་དང་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་བ་དང་།སྡེ་ཚན་གྱི་མཉམ་སྒུལ་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ།མཉམ་འབྲེལ་ཁྲིམས་འཛིན་དང་ཆ་འཕྲིན་མཉམ་སྤྱོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་ཀྱི་ཞིབ་བཤེར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ།གནད་དོན་ཕྱོགས་ཡོངས་ནས་གྲལ་བཤེར་དང་།དག་ཐེར་གྱི་རྩིས་ཁྲ་འཛུགས་པ།ཡིག་ཚགས་དཔྱད་གཞི་ཚད་ལྡན་དུ་གཏོང་བ་བཅས་བྱེད་པ་དང་།དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་གྱོད་དོན་དང་བཅའ་ཁྲིམས་ཀྱི་དོན་སྦྱར་དང་ཐེར་འདོན་གོང་ཞུའི་ཐབས་ལམ་ཤར་གཏོང་བྱེད་པ།མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས། ཚོགས་འདུའི་ཐོག་ད་དུང་ཉེ་དུས་ཀྱི་འབྲུབ་འགོག་ལས་དོན་ལ་བཀོད་སྒྲིག་བྱས་ཏེ“1262”ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་།ལས་རེས་སྡོད་རེས་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ངང་འབྲུབ་འགོག་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

ཁུལ་སྲིད་གཞུང་གི་ཚན་ཁག་གི་ཁོངས་མི།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་རྫོངགྲོང་ཁྱེརཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།



འགན་འཁུར་རྩོམ་སྒྲིག་པ།:仁欠才让

  • བདེ་ཆེན་གསར་འགྱུར།

ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།

ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས།

འོད་སྣང་གིས་གངས་ལྗོངས་གསལ་བ་བྱེད་ཅིང་གློག་དྲོད་ཀྱིས་བདེ་ཆེན་གྱི་དུས་རབས་གསར་བ་བསུས།——ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་ཀྱིས་སྤུས་ཚད་མཐོ་བའི་གློག་ཤུགས་ལ་བརྟེན་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།

ལི་ཡན་ལན་གྱིས་འོག་རིམ་གྱི“འགོ་གཙོ་དང་པོ”ལྟ་སྐུལ་གླེང་མོལ་བྱས།

ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ཏུ་འབྲེལ་ཡོད་ལས་དོན་སྙན་སེང་ཞུས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com