中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

རྩོམ་པ་པོ་:普文玥 刘小庆 ཁྱབ་བསྒྲགས་དུས་ཚོད་:2026-09-03 17:31:38
ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། བདེ་ཆེན་ཁུལ་གྱིས“ཁུལ——རྫོང——ཤང——གྲོང་ཚོ”བཅས་རིམ་བཞིའི་བསྡུ་སྒྲིལ་རྣམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱས་ནས སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་དང་ཁ་གཏད་རོགས་སྐྱོར། རིག་ལྡན་སྨན་བཅོས། མི་རིགས་གསོ་རིག་དང་སྨན་བཅོས་འགན་བཅོལ་སྒྱུར་བཅོས་སོགས་ལས་དོན་ལ་གཅིག་སྡུད་ཤུགས་འདོན་བྱས་ཏེ་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་། 2025ལོའི་ལོ་མཇུག་བར་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་328ཟིན་པ་དང་། ཉལ་ཁྲི་2326དང་། འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣ་3950བཅས་ཡོད་པ་དང་། རྒྱུན་སྡོད་མི་འབོར་སྟོང་རེའི་ཉལ་ཁྲི་དང་།ལས་གཉེར་སྨན་པ། ཐོ་འགོད་སྨན་གཡོག་བཅས་ཀྱི་གྲངས་འབོར་5.89དང་། 3.23དང་། 3.75བཅས་སོ་སོར་ཟིན་པ་དང་། ལྟེ་བའི་དམིགས་ཚད་ཁག་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། སྨན་བཅོས་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནསནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ།འདུ་ཤེས་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད།

图片
图片
图片
图片
图片

ཁུལ་རིམ་པའི་སྣེ་འདྲེན་སྟོབས་ཆེར་བཏང་ནས་ས་ཁོངས་སྨན་བཅོས་ཀྱི་ལྟེ་བ་གཏོད་པ།

བདེ་ཆེན་ཁུལ་མི་དམངས་སྨན་ཁང་གིས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་བསྐྱར་ཞིབ་ལས་ཀ་བདེ་བླག་འགྲུབ་ཅིང་། ས་གནས་དེ་གའི་མང་ཚོགས་ཚོས་སྒོ་རྩར་ཀ་པ་རིམ་པ་གསུམ་པའི་སྨན་བཅོས་ཞབས་ཞུ་ཚད་ལྡན་ཅན་ལོངས་སྤྱོད་ཐུབ་པ་བྱུང་ཡོད།

འཕེལ་རྒྱས་ཀྱི་ཁ་ཕྱོགས་དེར་དམིགས་ནས་སྨན་ཁང་གི་གཙོ་གནད་རིག་ཚན་འཛུགས་སྐྱོང་གི་གྲུབ་འབྲས་རྒྱུན་ཆད་མེད་པར་མངོན་གྱི་ཡོད། མཆིན་པ་དང་མཁྲིས་པ། ཕོ་བ། རྒྱུ་མ་བཅས་ཀྱི་སྐྲན་ནད་ལྟེ་གནས་ཁུལ་ཡོངས་ཀྱི་སྐྲན་ནད་ཀྱི་རིག་ཚན་མང་བའི་ནད་བརྟག་སྨན་བཅོས་ལྟེ་གནས་ཐོག་མ་དེར་བརྩིས་ཡོད། རིག་ཚན་གྱི་ཚད་བརྒལ་དང་དུས་མཚུངས་ཁུལ་མི་དམངས་སྨན་ཁང་གིས་ཚན་ཞིབ་སློབ་ཁྲིད་དང་། ཤེས་ལྡན་པ་གསོ་སྐྱོང་། རིག་ལྡན་ཞབས་ཞུ་བཅས་ཀྱི་ལས་དོན་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ཡོད།


图片
图片


图片
图片
མ་ལག་གི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་དམངས་ཕན་ཕན་འབྲས་ཐོན་པ་བྱ

ཁུལ་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་མགྱོགས་མྱུར་གོང་སྤེལ་ནི། ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་མ་ལག་གི་གཅིག་གྱུར་བཀོད་སྒྲིག་དང་སྲིད་ཇུས་ཀྱི་འདེགས་སྐྱོར་དང་བྲལ་ཐབས་མེད

མ་ལག་འཐུས་ཚང་གཏོང་བ་དང་དུས་མཚུངས་སུ་མཉེན་སྟོབས་འཛུགས་སྐྲུན་མྱུར་དུ་ཇེ་མགྱོགས་སུ་བཏང་ཞིང་། ཧྲང་ཧའེ་གྱིས་ཡུན་ནན་དང་། ཁུན་མིང་གིས་བདེ་ཆེན་ལ་བཅས་ལ་ཁ་གཏད་རོགས་སྐྱོར་བྱེད་ཚད་ཇེ་མང་དུ་བཏང་བ་དང་། ལག་རྩལ་གསར་པ་དང་ལས་གཞི་གསར་པ་བརྒྱ་ལྷག་དོན་འཁྱོལ་བྱ སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་དང་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུའི་ཁེབས་ཚད་རྒྱུན་མཐུད་དུ་ཇེ་ཆེར་བཏང་ཡོད།

   སྨན་བཅོས་འགན་བཅོལ་སྒྱུར་བཅོས་བྱས་པ་ལས་མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་པ་དང་།རང་ཁུལ་གྱིས་སྨན་བཅོས་འགན་བཅོལ་གྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་ཏེ་སྨན་བཅོས་འགྲོ་གྲོན་ཐད་ཀར་ཉུང་དུ་དང་རྩ་ཆག་གཏོང་ཐུབ་པ་བྱུང་བ།རིག་ལྡན་སྨན་བཅོས་འགན་བཅོལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།སྨན་བཅོས་འགན་བཅོལ་ཨང་རྟགས་སྤྱོད་ཚད་ཞིང་ཆེན་ཡོངས་ཀྱི་ཨང་བཞི་པར་སླེབས་པ།གཞི་རིམ་སྨན་བཅོས་སྒྲིག་གཞི་196ལ་སྨན་བཅོས་འགན་བཅོལ་གྱི“གྲོང་ཚོ་ཚང་མར་ཁྱབ་པ”བྱུང་བ།སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ལ“སྒོ་རྩར”སྨན་བཅོས་འགན་བཅོལ་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱུང་བ།སྨན་བཅོས་འགན་བཅོལ་གྱི་སྨན་རིན་བསྐྱར་བརྩི་དང་ས་ཆ་གཞན་དུ་སྨན་བཅོས་བྱས་ནས་བསྡོམས་རྩིས་རྒྱག་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་རེད།


图片

图片
图片
图片
མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

ཁུལ་ཡོངས་ཀྱི་སྨན་བཅོས་ཁྱོན་ཡོངས་ནས་རིམ་སྤོར་བྱེད་རིང་།ཁུལ་བོད་ལུགས་སྨན་ཁང་གིས་མི་རིགས་ཀྱི་གསོ་རིག་གི་ལེགས་ཆར་གཞི་ཚུགས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བཏང་།

    རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ཚན་རུས་ནད་ཚན་ཁག་ནི་ཁུལ་བོད་ལུགས་སྨན་ཁང་གི་ཆེས་མིག་ལ་གསལ་བའི་མིང་བྱང་གསར་པ་དེ་རེད། ཆེད་ཚན་རུས་ནད་ཚན་ཁག་དེས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བོད་ལུགས་གསོ་རིག་རུས་ནད་གསོ་ཐབས་རྒྱུན་འཛིན་བྱས་ཡོད་ལ། དེང་རབས་གསོ་རིག་གི་ལག་རྩལ་དང་ཟུང་འབྲེལ་བྱས་ནས་སྒྲིག་ཆས་སྔོན་ཐོན་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད། བོད་ལུགས་གསོ་རིག་གི་ཁྱད་ལྡན་ནད་སྐྱོང་རྣམ་གྲངས་12བྱས་པ་དང་འབྲེལ་རིགས་གཅིག་མཁས་ཅན་གྱི་གཞི་རིམ་ལས་དོན་ས་ཚིགས་བཙུགས་ནས་མཐའ་འཁོར་གྱི་ས་ཆ་མང་པོར་ཞབས་འདེགས་ཞུ་བའི་ཁྱབ་ཚད་རིང་དུ་བཏང་ཡོད། མིག་སྔར་ཁུལ་ཡོངས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་24དང་བོད་སྨན་སྨན་སྦྱོར་121 སྨན་བཅོས་ཞབས་ཞུ་23སྨན་བཅོས་འགན་བཅོལ་གྱི་འགྲོ་གྲོན་རྩིས་ཞུའི་ནང་བཅུག་ཡོད་ལ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུའི་དྲ་རྒྱ་ཁྱབ་ཡོད། ཤང་དང་གྲོང་རྡལ་དང་གྲོང་ཚོ་རིམ་པའི་སྨན་བཅོས་སྒྲིག་གཞིར་གཞི་རྩའི་ཆ་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་འོས་འཚམ་ལག་རྩལ་ཞབས་ཞུ་མཁོ་འདོན་ཐུབ་ཡོད་པ་རེད།


图片
图片
图片
གཞི་རིམ་གྱི་གཞི་རྩའི་དྲ་བ་བརྟན་དུ་བཏང་ནས་བདེ་ཐང་ཞབས་ཞུའི “མཐའ་མའི་སྤྱི་ལེ་གཅིག
ཤར་གཏོང་ཐུབ་པ་བྱས་པ།

ཁུལ་རིམ་པའི་སྨན་བཅོས་སྒྲིག་གཞིའི་སྣེ་ཁྲིད་འོག་རྫོང་རིམ་པའི་སྨན་ཁང་གི་ཞབས་ཞུའི་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། འབའ་ལུང་རྫོང་དང་འཇོལ་རྫོང་མི་དམངས་སྨན་ཁང་ཀ་པ་རིམ་པ་གཉིས་པར་དཔྱད་ཞིབ་བྱས་པ་བརྒྱུད་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་དམངས་སྨན་ཁང་དང་། འབའ་ལུང་རྫོང་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་སྨན་ཁང་། འཇོལ་རྫོང་མི་དམངས་སྨན་ཁང་གཉིས་པ་སོགས་སྨན་བཅོས་སྒྲིག་གཞི་ཁག་གཅིག་དངོས་སུ་སྤྱོད་འགོ་ཚུགས། ཁུལ་རིམ་པའི་འགོས་ནད་སྨན་ཁང་དང་འཕྲལ་སྡོམ་དངོས་ཟོག་གསོག་འཇོག་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་ ཤང་དང་གྲོང་རྡལ་རིམ་པའི་ངོས་ནས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་30ཚང་མ་ཚད་གཞི་ལོན་པ་དང་དེའི་ནང་ཤང་7རྒྱལ་ཁབ་ཀྱི་འོས་སྦྱོར་ཚད་གཞིར་སླེབས་པ་དང་གྲོང་ཚོ་རིམ་པའི་ཞབས་ཞུའི་དྲ་རྒྱ་སྔར་བས་བརྟན་དུ་ཕྱིན་ནས་གྲོང་ཚོ་163གྱི་འཕྲོད་བསྟེན་ཁང་ཚང་མ་ཚད་ལྡན་ཅན་དུ་འགྱུར་བ་དང་གྲོང་གསེབ་སྨན་པ་330བཀོད་སྒྲིག་བྱས་ཏེ“གྲོང་ཚོ་རེར་སྨན་པ་རེ”ཡོད་པ་བྱས་ཡོད།

   རྒྱང་རིང་འཕྲུལ་མིའི་གཤགས་བཅོས་བྱེད་པ་ནས་གདོང་འཁྲུད་སྨན་བཅོས་དང་རང་འདེམས་རྩིས་རྒྱག་ཁྱབ་གདལ་བཏང་བའི་བར་དང་།བོད་སྨན་དང་སྨན་རྫས་སྨན་བཅོས་འགན་བཅོལ་ནང་འཇུག་པ་ནས་གཞི་རིམ་གྱི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པའི་བར་འགྱུར་ལྡོག་དེ་དག་ལས་རང་ཁུལ་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་ཡོད། ཧྲང་ཧའེ་དང་ཡུན་ནན་དབར་གྱི་མཉམ་ལས་དང་།རིག་ལྡན་སྨན་བཅོས།མི་རིགས་ཀྱི་གསོ་བ་རིག་པ། སྨན་བཅོས་འགན་བཅོལ་སྒྱུར་བཅོས་བཅས་ཕྱོགས་མང་པོའི་མཉམ་ཤུགས་ལ་བརྟེན་ནས་ཐུན་མོང་ཐོག་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ལྡན་པའི་ལམ་བུ་བཏིང་ཡོད།



འགན་འཁུར་རྩོམ་སྒྲིག་པ།:仁欠才让

  • བདེ་ཆེན་གསར་འགྱུར།

ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།

ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས།

འོད་སྣང་གིས་གངས་ལྗོངས་གསལ་བ་བྱེད་ཅིང་གློག་དྲོད་ཀྱིས་བདེ་ཆེན་གྱི་དུས་རབས་གསར་བ་བསུས།——ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་ཀྱིས་སྤུས་ཚད་མཐོ་བའི་གློག་ཤུགས་ལ་བརྟེན་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།

ལི་ཡན་ལན་གྱིས་འོག་རིམ་གྱི“འགོ་གཙོ་དང་པོ”ལྟ་སྐུལ་གླེང་མོལ་བྱས།

ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ཏུ་འབྲེལ་ཡོད་ལས་དོན་སྙན་སེང་ཞུས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com