中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།

རྩོམ་པ་པོ་:江初 ཁྱབ་བསྒྲགས་དུས་ཚོད་:2026-09-03 17:31:13

      ཉེ་བའི་ལོ་ཤས་རིང་།འཇོལ་རྫོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་བདེ་ཆེན་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཤིང་། བློ་སྟོབས་ཆེར་སྐྱེད་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དུས་རབས་གསར་པའི་འཇོལ་རྫོང་འཛུགས་སྐྲུན་བྱེད་པའི་དཔའ་མཛངས་རྟུལ་ཕོད་ཀྱི་དུང་བརྡ་བཏང་བ་རེད། གངས་ལྗོངས་ས་མཐོའི་མི་སེམས་འགུལ་བའི་མཛེས་ལྗོངས་དེ་ཁ་བ་དཀར་པོའི་ཉི་འོད་གངས་ལ་འཕྲོས་པ་ཁོ་ན་མ་ཡིན་པར མི་སེར་དཀྱུས་མའི་ཁྱིམ་གྱི་གསོལ་ལྕོག་དང་། གོས་སྒྲོམ་ནང་ དེ་མིན་སྒོ་ཁྱིམ་བར་དང་ཁྱིམ་ལ་ལོག་པའི་ལམ་བར་སོགས་ལས་ཀྱང་མངོན་གྱི་ཡོད། ཆུ་ལ་ཟམ་མེད་པ་ནས་རླངས་གཤར་གཏོང་བར་དང་། ས་རྡོའི་གྱང་ཁང་ནས་གངས་རིའི་འགྲུལ་ཁང་བར། གྱོན་གོས་གཅིག་ལས་མེད་པ་ནས་གྱོན་གསར་པ་མང་བས་གོས་སྒྲོམ་ནང་མི་ཤོང་བའི་བར། ལོ་སར་སྐབསམ་གཏོགས་ཤ་ཟ་རྒྱུ་མེད་ནས་བཟའ་བཏུང་སྤུས་གཙང་བདེ་ཐང་དང་འཚོ་བཅུད་དོ་སྙོམས་བར་བཅས་མང་ཚོགས་ཀྱི་འཚོ་བར་ཉིན་རེ་བཞིན་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་འགྲོ་བཞིན་ཡོད།

图片

འགྲོ་ལམ། ཕ་ཡུལ་གྱི་ལམ་སྔར་ལས་ཇེ་བདེ་ཇེ་ཆེར་སོང་།

འཇོལ་རྫོང་ཡུན་ལིང་ཤང་བསོད་ནམས་གྲོང་ཚོའི་ནོར་བུ་ནི་གྲོང་ཚོའི་དངོས་གཞིའི་སློབ་མ་ཐོག་མ་དེ་ཡིན་པ་དང་། ཁོང་དམའ་རིམ་སློབ་འབྲིང་འགྲིམ་སྐབས་ལྕགས་ཐག་བཞུད་ནས་རྫ་ཆུ་བརྒལ་ནས་ཉིན་གཅིག་རྐང་ཐང་ལ་སོང་ན་ད་གཟོད་ཁྱིམ་དུ་སླེབས་པ་རེད རྗེས་སུ་
ལས་ཀ་བྱེད་སར་ཕྱིར་ཕ་ཡུལ་དུ་ཡོང་ན་སེམས་ཁྲལ་ཆེ་ཤོས་དེ་ཕ་ཡུལ་གྱི་ལམ་དེ་ཡིན་པ་རེད།

“བདེ་ཆེན་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ནས་བཟུང་ད་གཟོད་རང་ཁྱིམ་དུ་ལོག་པ་དེ་ནི་ལས་སླ་པོ་ཞིག་ཡིན་པ་གཞི་ནས་ཤེས་བྱུང་ཞེས་བཤད། ད་ལོའི་གུང་གསེང་རིང་། ནོར་བུ་ཡིས་རང་ཁྱིམ་སྒོ་ཁར་གཏད་ཡོད་པའི་ཨར་འདམ་ལམ་ལ་བལྟས་ནས་མྱོང་ཚོར་ཟབ་མོ་སྐྱེས། ལོ་ལྔའི་རིང་། འཇོལ་རྫོང་གི་འགྲིམ་འགྲུལ་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་བཏང་ལ། རིམ་རྩིས་བྱས་ན་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་མ་དངུལ་སྒོར་དུང་ཕྱུར་37.97བཏང་ཞིང་། ལམ་དྲ་འཐུས་ཚང་དུ་སོང་བ་དང་ཕྱི་ཕྱོགས་སུ་སྦྲེལ་མཐུད་དང་ས་ཁོངས་ཀྱི་ཁྱབ་འགྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན། ད་ཆ་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་ཨར་འདམ་ལམ་བུ་བཏིང་ཡོད་དེའགྲོ་འདུག་ལ་སྟབས་བདེ་ཆེན་པོ་བཟོས་ཡོད སྒེར་འཁོར་རླངས་འཁོར་མང་པོ་གྲོང་གསེབ་ཀྱི་གཞུང་ལམ་ཐོག་སྐྱོད་བཞིན་ཡོད་པ་དང་གྲོང་མི་ཕྱིར་སྐྱོད་སྔར་བས་སྟབས་བདེ་རུ་ཕྱིན་ཡོད། ནོར་བུས་ཡིས་གསར་འགོད་པར་རྩིས་ཤིག་བརྒྱབ་པ་སྟེ། དེ་སྔོན་སེམས་ཀྱི་ཉི་ཟླ་ནས་སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ཏུ་སྐྱོད་སྐབས་རླངས་འཁོར་ཐེངས་གསུམ་བརྗེ་དགོས་ཀྱི་ཡོད་ ད་ཆ་རང་ཉིད་ཀྱི་རླངས་འཁོར་བཏང་ནས་ཉིན་ཕྱེད་ཀྱིས་སེམས་ཀྱི་ཉི་ཟླར་སླེབས་ཐུབ་ཀྱི་འདུག ལམ་བུ་དེ་ནི་ང་ཚོར་ཐོབ་པའི་ལག་རྟགས་ཡག་ཤོས་དེ་རེད”ཅེས་བཤད།

ལྕགས་ཐག་བཞུད་ལམ་ནས་བགྲོད་ལམ་ཡངས་པོའི་བར་དང་ རྐང་ཐང་ནསའཁོར་ལམ་ཤར་གཏོང་བར་གྱི་འགྱུར་ལྡོག་དེས་དཀའ་ཚེགས་ཆེ་བའི་ལོ་ཟླ་བསྐྱལ་མྱོང་བའི་མི་ཚང་མས་ད་ཆའི་འཚོ་བ་སྐྱིད་པོ་དེ་དམ་འཛིན་བྱེད་བཞིན་ཡོད།

图片

སྡོད་ཁང་། དགོན་པ་སྟེང་གི་མགྲོན་ཁང་རིམ་སྤར་བྱས།

ལོ་53ལ་སླེབས་པའི་པད་མ་རྡོ་རྗེས་དགོན་པ་སྟེང་དུ་དུ་འཚོ་བ་བསྐྱལ་ནས་མི་ཚེ་ཕྱེད་ཀ་སོང་བ་དང་། ཆུང་དུས་ཨ་ཕས་སོལ་བ་བསྲེགས་ནས་དངུལ་བཙལ་པ་དང་བྱ་དེ་བཙོབ། གཞན་ལ་སྒོར་སྐྱིས་ནས་རང་གི་སློབ་ཡོན་སྟེར་བའི་འཚོ་བ་བསྐྱལ འོན་ཀྱང་ཁོང་གིས་དེ་ལས་མྱོང་ཚོར་ཟབ་མོ་བྱུང་བ་ཞིག་ནི་ལོ་ལྔའི་འགྱུར་ལྡོག་དེ་རེད།

“ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བཅུ་ཕྲག་ཁ་ཤས་ཡོང་བ་ནི་ཡ་མཚན་ཞིག་མིན་པར། གྲོང་ཚོའི་ནང་གི་མགྲོན་ཁང་དང་འགྲུལ་ཁང་ཁག་བཅུ་གྲངས་རིམ་སྤོ་བྱེད་བཞིན་ཡོད་། འགྱུར་ལྡོག་འདི་རྒྱབ་ལོག་ན་ཡུལ་སྐོར་སྤུས་ཚད་རིམ་སྤོར་བྱེད་བཞིན་ཡོད་པ་མཐོང་ ལོ་ལྔ་པོ་དེའི་ནང་འཇོལ་རྫོང་སྨན་རི་དང་པད་མ་རི་བོ་སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་དུས་བཞིའི་ཡུལ་སྐོར་གྱི་ལས་རྣམ་གསར་པ་ཞིབ་ཚགས་ངང་བཀོད་སྒྲིག་བྱས་ཏེ རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1722.66ལ་སྣེ་ལེན་ཞུས་ཤིང་། ཡུལ་སྐོར་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་172.64ཟིན་པ་དེ་ལོ་གོང་མ་ལས་27.47%དང་49.28%སོ་སོར་འཕར་ཡོད།

དགོན་པ་སྟེང་ནས་བལྟས་ན་མགྲོན་ཁང་མཐོ་དམའ་སྟར་འཕྲེར་སྒྲིག་ནས་ཡོད་ལ། དེ་སྔའི་རི་གྲོང་དབུལ་པོ་དེ་ད་ཆ་ཕན་ནུས་ཚང་བའི་ཡུལ་སྐོར་གྱི་གྲོང་རྡལ་ཞིག་ཏུ་གྱུར་ཡོད།

图片

གྱོན་པ། བུ་མོའི་གྱོན་གོས་ཇེ་མང་དུ་སོང་།

ཡུན་ལིང་ཤང་ཧུང་ཕོ་གྲོང་ཚོའི་གྲོང་མི་ཅིན་ཨན་ཕེ་ལོ་ཉི་ཤུ་ལ་སླེབས་སྐབས་གཞི་ནས་ཀོ་ལྷམ་ཐོག་མ་གྱོན་ཞིང་ འཕྲོད་བསྟེན་སློབ་གྲྭར་འགྲོ་སྐབས་གྱོན་པ་ཆ་གཅིག་ལས་མེད་པ་རེད གཟའ་མཇུག་ཏུ་གྲོགས་པོ་ཚོ་དང་མཉམ་དུ་ཆུ་འགྲམ་དུ་གཟུགས་པོ་འཁྲུ་བ་དང་གྱོན་པ་འཁྲུས་ལ། གྱོན་པ་ཉི་མ་བསྐམས་རྗེས་ད་གཟོད་གྱོན་ནས་ཕྱིར་སློབ་གྲྭརསོང་ཡིན དཀའ་སྡུག་དེ་ཚོ་ཁོང་གིས་བུ་མོར་བཤད་ནའང་བུ་མོས་གཏམ་རྒྱུད་ཞིག་ཏུ་རྩིས་ཀྱི་ཡོད།

བདེ་ཆེན་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། འཇོལ་རྫོང་གིས་དམངས་འཚོའི་ཐད་གཏོང་ཆ་མུ་མཐུད་མང་དུ་བཏང་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་གཏོང་ཆ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་ཆའི་80%ཡན་བཟུང་ལ། ལོ་ལྔའི་རིང་ཞིང་འབྲེལ་དང་རོགས་སྐྱོར་གྱི་མ་དངུལ་སྣ་ཚོགས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་13.9བཏང་ཡོད་པས་མང་ཚོགས་ཀྱི་ཡོང་འབབ་རིམ་བཞིན་མང་དུ་ཕྱིན་པ་དང་རྨང་གཞིའི་སྒྲིག་བཀོད་གསར་རྐྱང་དུ་གྱུར་ཡོད། ཅིན་ཨན་པེའི་ཁྱིམ་གྱི་ས་ཞིང་ནང་བཤུག་བཏང་ནས་ཐག་ཉེ་སར་ལས་ཀ་བྱེད་པར་འགྲོ་བཞིན་ཡོད་པས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད།

“སྔོན་ཆད་རྡོ་ཐོག་ཏུ་གྱོན་གོས་ཉི་སྐམ་གཏོང་བའི་དུས་ཚོད་མཇུག་བསྒྲིལ་ཟིན་ ད་ཆ་ཕྲུ་གུ་ཚོས་གྱོན་གོས་ཉོ་ཐུབ་མིན་ལ་སེམས་ཁྲལ་བྱེད་དགོས་མེད་པ་རེད།

图片

བཟའ་གཏུང་། སྒོ་རྩིང་ཁང་གི་སྦྱིན་བདག་མའི་སེམས་ཁྲལ་དེ་རང་གི་ལུས་པོ་རྒྱག་ཆེ་བ་དེ་རེད།

ལོ་52ལ་སླེབས་པའི་ཡེ་ཤེས་མཚོ་མོའི་ཁྱིམ་འཇོལ་རྫོང་ཡུན་ལིང་ཤང་ཧུང་ཕོ་གྲོང་ཚོའི་ནན་ཙོ་གྲོང་མི་ཚོགས་ཆུང་དུ་ཡོད་ལ ཆུང་དུས་སུ་དཔྱིད་གསར་དུས་ཆེན་སྐབས་འབྲས་དཀར་ཡོལ་གང་དང་ཤ་ལེབ་མོ་ཞིག་ཟ་རྒྱུ་བྱུང་བ་ནི་ཧ་ཅང་རྒྱས་སྤྲོས་ཤིག་ཡིན་ཞིང་། དུས་ཚོད་མང་ཆེ་བར་རང་ཁྱིམ་གྱིས་བཏབ་པའི་འབྲུ་རིགས་ཀྱིས་ཟ་མ་བཟའ་དགོས་ཀྱི་ཡོད། ད་ཆ་ཁོང་གིས་སྒོ་རྩིས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བ་དང་ཁྱོ་གས་སྐྱེལ་འདྲེན་བྱེད་ཀྱི་ཡོད། ཁྱིམ་གྱི་གསོལ་ལྕོག་སྟེང་དུ་དུས་རྒྱུན་ཤ་དང་བྱ་ཤ་ཉ་ཤ་སོགས་ཟ་རྒྱུ་ཡོད་པ་དང་། “ལོ་ལྔ་ཚུན་ང་ལ་དཀའ་ལས་གསར་པ་ཞིག་འཕྲད་པ་དེ་ནི་ཤ་སྐམ་དུ་འགྲོ་རྒྱུ་དེ་རེད”ཅེས་ཡེ་ཤེས་མཚོ་མོས་དགོད་ཞོར་དུ་བཤད། ཡེ་ཤེས་མཚོ་མོའི་ཁྱིམ་གྱི་ཅོག་ཙེའི་སྟེང་གི་འགྱུར་ལྡོག་དེ་དུད་ཚང་ཞིག་ལ་མཚོན་ན་སྟེས་དབང་ཞིག་མིན།

ལོ་ལྔའི་རིང་འཇོལ་རྫོང་གི་དཔལ་འབྱོར་བསྡོམས་འབོར་བརྟན་པོའི་ངང་འཕར་ནས་དུད་ཚང་ཁྲི་སྟོང་མང་བོའོ་སྒེར་གྱི་དངུལ་ཁུག་ཏུ་སོང་བ་རེད རྫོང་སྨན་ཁང་གི་ཀྲུང་ལུགས་གསོ་རིག་ཚན་ཁག་གིས་བཙུགས་པའི་ལུས་ཀྱི་ལྗིད་ཚད་ཡང་དུ་གཏོང་བའི་སྒོ་བསྟེན་སྨན་ཁང་དེ་དུས་རབས་འདིའི“སྐྱིད་སྡུག་གི་སེམས་ཁྲལ”གྱི་མཚོན་ཚུལ་དངོས་སུ་གྱུར་ཡོད།“ལྟོས་གྲོད་པ་མི་རྒྱགས་པ”ནས“ཟས་བཅུད་ལྡན་པ”དང་དེ་ནས“ཟས་བཅུད་ལྡན་པ་དང་བདེ་ཐང”དུ་གྱུར་བའི་གནས་ཚུལ་ལས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཕྱིན་པ་ཐད་ཀར་མཚོན་ཐུབ།





图片

ནོར་བུ་ཚང་གི་ཁྱིམ་གྱི་སྒོ་ཁར་སྣུམ་ལམ་གཏད་པས་ཕ་ཡུལ་ཡོང་ལམ་ཇེ་བདེར་བཏང་ཡོད་པ་དང་། པད་མ་རྡོ་རྗེའི་མགྲོན་ཁང་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་མང་བ། ཅིན་ཨན་ཕེའི་ཁྱིམ་གྱི་གོས་སྒམ་ནང་དུ་དུས་བཞིའི་གྱོན་ཆས་མང་པོ་གྱུར་བ ཡེ་ཤེས་མཚོ་མོའི་སྒྲོག་ཙེའི་ཐོག་འབྲུ་རིགས་དང་། བྱ་ཤ ངང་ཤ ཉ་ཤ་བཅས་བསྒྲིགས་ཡོད་པ་སོགས་བལྟས་པ་ཙམ་གྱིས་རྒྱུན་གཏན་གྱི་ལས་ཀ་ཞིག་ཡིན་མོད། འོན་ཀྱང་དེ་ནི་ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལགྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་བྱུང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན། འཕེལ་རྒྱས་ནི་སྔར་ནས་ད་བར་གྲང་ཤུར་ཤུར་གྱི་གྲངས་གཞི་ཞིག་མིན་པར་མི་སེར་ཚོའི“དེ་སྔོན་བསམ་ཡུལ་ལས་འདས་པའི”འཚོ་བ་སྐྱིད་པོ་ཞིག་ཡིན།




  • བདེ་ཆེན་གསར་འགྱུར།

ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།

ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས།

འོད་སྣང་གིས་གངས་ལྗོངས་གསལ་བ་བྱེད་ཅིང་གློག་དྲོད་ཀྱིས་བདེ་ཆེན་གྱི་དུས་རབས་གསར་བ་བསུས།——ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་ཀྱིས་སྤུས་ཚད་མཐོ་བའི་གློག་ཤུགས་ལ་བརྟེན་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།

ལི་ཡན་ལན་གྱིས་འོག་རིམ་གྱི“འགོ་གཙོ་དང་པོ”ལྟ་སྐུལ་གླེང་མོལ་བྱས།

ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་ཏུ་འབྲེལ་ཡོད་ལས་དོན་སྙན་སེང་ཞུས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com