中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ས་མཐོར“དཔྱིད་ཀྱི་གཏམ་རྒྱུད”སྙན།

—— བོད་ལྗོངས་ས་གནས་ཁག་གི་མང་ཚོགས་ཀྱིས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བའི་སྐོར་གྱི་མཐོང་ཐོས།

ཁྱབ་བསྒྲགས་དུས་ཚོད་:2026-03-31 10:53:39 འབྱུང་ཁུངས་:中国西藏新闻网

ཟླ་3ཚེས་28ཉིན། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་67འཁོར་བར་ཐུན་མོང་ཐོག་དྲན་གསོ་ཞུས་པ་རེད།

སྔ་དྲོའི་ཆུ་ཚོད་10པར། ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། དམག་མི་དང་ཉེན་རྟོག་པ། དགེ་སློབ་བཅས་ཀྱི་འཐུས་མི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཛོམས་ནས་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས། 《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》དཀྲོལ་བ་དང་བསྟུན་ནས་ལྷ་སའི་ལྷ་ཀླུ་སྡེ་ཁུལ་གྱི་གྲོང་མི་ཕུར་བུ་སྒྲོལ་མས་རྒྱལ་གླུ་ལེན་པ་དང་ཆབས་ཅིག མིག་ཟུང་དལ་བུར་སྒྲེང་བའི་རྒྱལ་དར་ལ་དད་གུས་ཆེན་པོས་ལྟ་བཞིན་མཆིས། ཁོང་གིས“ངའི་ཨ་མ་ནི་བོད་རྙིང་པའི་ཞིང་བྲན་རེད། དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་ཚུན། ང་རང་ལོ་ལྟར་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི་མཛད་སྒོར་ཞུགས་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བའི་འཚོ་བ་གསར་པའི་བཀའ་དྲིན་ཚོར་གྱི་འདུག”ཅེས་བརྗོད།

ལོ་67གོང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་དུ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་དུ་བཏང་བས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད། 2009ལོའི་ཟླ་1ཚེས་19ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག ལོ་རེའི་ཟླ་3ཚེས་28ཉིན་ནི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་གཏན་འཁེལ་བྱེད་པའི་གཏན་འབེབས་བྱས་པ་རེད།

ཚེས་28ཉིན། བོད་ཀྱི་ས་གནས་ཁག་གིས་དུས་གཅིག་ཏུ་རྒྱལ་དར་སྒྲེང་བ་དང་། རྒྱལ་གླུ་ལེན་པ། རིག་རྩལ་མཉམ་འཁྲབ། བོད་གསར་རྙིང་བསྡུར་བའི་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཡོད། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ། རྐྱང་གཞས་དང་མཉམ་གཞས་སྐད་གསང་མཐོན་པོས་བླངས་ཤིང་། ལོ་ན་ཆུང་བའི་སློབ་མ་ནས་བབ་ཆགས་ཤིང་ལས་ལ་བརྩོན་པའི་ཞིང་འབྲོག་པའི་བར། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་གར་སྟེགས་ཐོག་འཁྲབ་སྟོན་བྱས་ཏེ་གསར་བརྗེའི་གཏམ་རྒྱུད་བརྗོད་ཡོད། “གླུ་དབྱངས་ལེན་པ་ལས་ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་ཏང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པས། སེམས་ནང་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག”ཅེས་ཞིང་འབྲོག་པའི་འཐུས་མི་ཉི་མས་བརྗོད།

2025ལོར། བོད་ལྗོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3031.89ཟིན་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23184ཟིན་ཡོད། གཞན་ཡང་། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་72.5བར་རིང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་41.32ཟིན་པ་བཅས་ལས། མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད་པ་རེད།

“3·28”ལ་དྲན་གསོ་ཞུ་ཆེད། གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་རིག་རྩལ་འཁྲབ་སྟོན་དང་། གླུ་གཞས་འགྲན་བསྡུར། སློབ་ཁང་ཆུང་ངུ་སོགས་ཀྱི་བྱེད་སྒོ་སྤེལ་ཞིང་། ལོ་77ལ་སླེབས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་པ་སངས་ཀྱིས“དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཏང་དང་རྒྱལ་ཁབ་ཀྱི་གསོ་སྐྱོང་འོག་ང་རང་བྲན་གཡོག་ནས་མི་དམངས་ཀྱི་ལས་བྱེད་པར་གྱུར་ཞིང་། ད་ཆ་རྒན་ཡོལ་ཞུས་རྗེས་ཀྱི་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བརྗོད་པ་རེད།

ད་ཆའི་བོད་ལྗོངས་སུ། དམངས་འཚོ་འགན་སྲུང་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་ཅིང་། 2026ལོར་ལྗོངས་ཡོངས་སུ་མ་དངུལ་སྒོར་དུང་ཕྱུར་3.59བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་8006སྒྱུར་བཀོད་དང་ཡོམ་འགོག་བརྟན་གཏོང་དང་། མ་དངུལ་སྒོར་དུང་ཕྱུར་5.5བཀོད་སྒྲིག་བྱས་ནས་གཞི་རིམ་དུ་གཅིག་སྡུད་དྲོད་གཏོང་ལ་གཉེར་སྐྱོང་ཁ་གསབ་སྤྲོད་པ། མ་དངུལ་སྒོར་དུང་ཕྱུར་5བཀོད་སྒྲིག་བྱས་ནས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གནས་5000སྣོན་རྒྱུ་རེད།

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།

ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།

ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།

བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།

ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།

དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།

བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།

2025ལོར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་་

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com