དྭངས་གསལ་དུས་ཚིགས་ཀྱི་གྲོས་གཞི་འདོན་ཡིག གོམས་སྲོལ་སྒྱུར་ནས་ཡ་རབས་ངང་དུར་མཆོད་བྱེད།
ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམ་ལ།
ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱེད་པ། དུར་མཆོད་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ། ཤེས་དཔལ་དང་། བདེ་འཇགས། འཆམ་མཐུན་བཅས་ཀྱི་དུར་མཆོད་ཀྱི་རྣམ་པ་གཏོད་པ། ཤེས་དཔལ་གྱི་པུར་འཇུག་གི་དར་སྲོལ་གསར་པ་འཛུགས་པ་བཅས་བྱ་ཆེད། ང་ཚོས་ཚང་མར་གཤམ་གསལ་གྱི་གྲོས་གཞི་འདོན་རྒྱུ་སྟེ།
ཡ་རབས་ངང་དུར་མཆོད་བྱེད་པ་དང་སྲོལ་བཟང་རྒྱུན་འཛིན་བྱེད་དགོས། ཤོག་དངུལ་མེར་སྲེག་གཏོང་བ་དང་ཤོག་སྦག་སྤོར་བ་སོགས་སྲོལ་རྒྱུན་གྱི་དུར་མཆོད་བྱེད་སྟངས་དོར་ནས། མེ་ཏོག་འབུལ་བ་སོགས་ཡ་རབས་དང་སྟབས་བདེའི་རྣམ་པས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་དུར་མཆོད་བྱེད་དགོས།
དུར་མཆོད་བདེ་འཇགས་མཐའ་འཁྱོངས་བྱས་ནས་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང་བྱེད་དགོས། དྭངས་གསལ་དུས་ཚིགས་སུ་སྐམ་ཤས་ཆེ་བས། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་མངོན་གསལ་དོད་པ། ནགས་ཚལ་གྱི་མེ་འགོག་དང་འབར་གས་བཀག་འགོག་གི་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱས་ཏེ་ནགས་རི་དང་། རྩྭ་ཐང་། སྤྱི་པའི་བང་སོ་སོགས་ས་ཁོངས་སུ་མེ་མི་སྤྱོད་པ་དང་། འབར་གས་སླ་བའི་དངོས་རྫས་འཁྱེར་ནས་དུར་མཆོད་མི་བྱེད་པ། སྒྲིག་འགལ་ངང་མཆོད་རྫས་མེར་སྲེག་མི་གཏོང་བ་བཅས་བྱེད་དགོས། ཡ་རབས་ངང་ཕྱིར་སྐྱོད་དར་སྤེལ་གཏོང་བ་དང་འགྲིམ་འགྲུལ་སྒྲིག་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་བྱས་ནས་དུར་མཆོད་གོ་རིམ་ལྡན་པ་ཡོང་བར་འགན་ལེན་བྱེད་དགོས།
“རྒན་བཀུར་གཉེན་གཅེས”ཀྱི་སྲོལ་རྒྱུན་སྤྱོད་བཟང་རྒྱུན་འཛིན་བྱེད་དགོས། རྒན་རབས་འཚོ་བཞུགས་སྐབས་སྲི་ཞུ་དང་བྱམས་སྐྱོང་མང་ཙམ་བྱས་ནས་རྒན་རྒོན་ཚེ་མཇུག་སྐྱིད་པོ་ཡོང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲི་ཞུ་སྒྲུབ་པ། བསམ་པའི་ཉམས་འགྱུར་བཟང་པོར་བརྟེན་ནས་ཁྱིམ་རྒྱུད་ཀྱི་སྤྱོད་བཟང་རྒྱུན་འཛིན་བྱེད་པ། དུས་རབས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བ་བཅས་བྱེད་དགོས།
སྣོད་བཅུད་པུར་འཇུག་ཁྱབ་གདལ་བཏང་ནས་པུར་འཇུག་གི་སྲོལ་གསར་གཏོད་དགོས། ལྗང་མདོག་གི་པུར་འཇུག་བྱེད་ཐབས་སྤྱད་དེས་ས་ཞིང་མི་བཟུང་བའམ་ས་ཞིང་ཉུང་འཛིན་བྱེད་པའི་སྐྱེ་ཁམས་ཀྱི་པུར་འཇུག་བྱེད་ཐབས་སྤྱོད་དགོས། ལྗང་མདོག་སྣོད་བཅུད་དང་ཤེས་དཔལ་གྲོན་ཆུང་གི་པུར་འཇུག་བྱེད་སྟངས་ཁྱབ་གདལ་གཏོང་དགོས།
གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། ང་ཚོས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོར་སྔོན་གཤེགས་དཔའ་བོའི་བང་སོ་མཇལ་བ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། བདེ་ཆེན་དམར་དམག་རྒྱང་སྐྱོད་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། དྲན་གསོ་དེ་ལས་སྒྲུབ་ལས་གཏོད་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་པའི་གྲོས་འགོ་བཏོན།
ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་དུས་རབས་ཀྱི་དར་སྲོལ་གསར་པར་སྣེ་ཁྲིད་བྱེད་དགོས། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་གཞུང་ལས་པས་སྣེ་ཁྲིད་དཔེ་སྟོན་དང་། སྣེ་ཁྲིད་དེ་ཡ་རབས་གྲོན་ཆུང་ངང་འདས་མཆོད་གཉེར་བ། སྣེ་ཁྲིད་དེ་ཡ་རབས་ཐཱན་ཉུང་དུར་མཆོད་བྱེད་པ། སྣེ་ཁྲིད་དེ་པུར་འཇུག་སྒྱུར་བཅོས་དང་གོམས་སྲོལ་སྒྱུར་བཅོས་དྲིལ་བསྒྲགས་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔེ་སྟོན་སྣེ་ཁྲིད་བྱེད་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཡ་རབས་ངང་དུར་མཆོད་གི་དར་སྲོལ་བཟང་པོ་ཞིག་ཆགས་རྒྱུར་སྣེ་ཁྲིད་བྱེད་དགོས།
ང་ཚོས་ལག་གདང་སྦྲེལ་བ་དང་། རང་ངོས་ནས་འགོ་འཛུགས་པ། ད་ལྟ་ནས་འགོ་འཛུགས་པ་བཅས་བྱས་ཏེ་ལུགས་རྙིང་སྲོལ་ངན་རང་རྟོགས་ངང་བཀག་འགོག་བྱེད་པ་དང་། ཡ་རབས་སྲོལ་གསར་གྱི་དར་སྤེལ་གཏོང་མཁན་དང་། བརྒྱུད་སྤེལ་བྱེད་མཁན། ལག་ལེན་བསྟར་མཁན་བཅས་བརྩོན་ལེན་བྱེད་པ། ཡ་རབས་ཀྱི་བྱ་སྤྱོད་དང་། བདེ་འཇགས་ཀྱི་བྱ་སྤྱོད། ལྗང་མདོག་གི་འདུ་ཤེས་བཅས་ལ་བརྟེན་ནས་ཡ་རབས་དང་། བདེ་འཇགས། ཐཱན་ཉུང་། འཆམ་མཐུན་བཅས་ཀྱི་དྭངས་གསལ་དུས་ཚིགས་ཤིག་མཉམ་དུ་གཏོང་དགོས།
ཀྲུང་གུང་བདེ་ཆེན་ཁུལ་ཨུའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་ལས་ཁང་།
བདེ་ཆེན་ཁུལ་དམངས་སྲིད་ཅུས།
2026ལོའི་ཟླ་3པའི་ཚེས་27ཉིན།
- བདེ་ཆེན་གསར་འགྱུར།
བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108