ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའ་ཐོབ་མཁན་འཐུས་མི་ཚོར།
ཕུགས་བསམ་ཆེན་པོ་བློ་ལ་བཅངས་ནས་འབད་འབུངས་ཡར་བརྩོན་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ཚོའི་སྣེ་ཁྲིད་དེ་མི་སྒེར་གྱི་དོན་གཉེར་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱེད་དགོས་པའི་སྐུལ་ལྕག་གནང་བ།
འཕྲིན་ལན།
ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའ་ཐོབ་མཁན་འཐུས་མི་ཚོ།
འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཚོས་ཏང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཚན་རྩལ་གསར་གཏོད་དང་། གྲོང་གསེབ་དར་རྒྱས། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། རྒྱལ་སྲུང་མཐའ་སྲུང་སོགས་གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་ཏེ་དངོས་སྒྲུབ་ཐེག་པ་འཁུར་ལེན་ལ་བརྟེན་ནས་ངོ་གནོང་མི་དགོས་པའི་ལང་ཚོའི་ལེའུ་བརྩམས་ཏེ། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་རང་རྟོན་རང་དར་དང་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད།
ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། གཞོན་ནུ་ཚོས་བྱས་རྗེས་འཇོག་པའི་དུས་ལ་བབས་ཡོད། ཁྱེད་ཚོས་ཕུགས་བསམ་ཆེན་པོ་བློ་ལ་བཅངས་ནས་འབད་འབུངས་ཡར་བརྩོན་བྱས་ནས་རྒྱ་ཆེའི་གཞོན་ནུ་ཚོའི་སྣེ་ཁྲིད་དེ་མི་སྒེར་གྱི་དོན་གཉེར་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱེད་པ་དང་རང་ངོས་ཀྱི་ལས་གནས་ལ་གཞི་ཚུགས་ནས་ལས་རྗེས་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་རྒྱང་ལམ་གསར་པར་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་སྐབས་སུ། ཁྱེད་ཚོ་དང་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་གི་ཡིན།
ཞི་ཅིན་ཕིང་།
2026ལོའི་ཟླ་5ཚེས་2ཉིན།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་འབྱོར་བའི་གློག་འཕྲིན)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའ་ཐོབ་མཁན་འཐུས་མིར་འཕྲིན་ལན་སྤྲིངས་ནས། རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་འབྲེལ་ཐུགས་རེ་ཟབ་མོའང་བཅོལ་གནང་བ་རེད།
ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ཁྱེད་ཚོས་ཏང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཚན་རྩལ་གསར་གཏོད་དང་། གྲོང་གསེབ་དར་རྒྱས། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། རྒྱལ་སྲུང་མཐའ་སྲུང་སོགས་གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་ཏེ་དངོས་སྒྲུབ་ཐེག་པ་འཁུར་ལེན་ལ་བརྟེན་ནས་ངོ་གནོང་མི་དགོས་པའི་ལང་ཚོའི་ལེའུ་བརྩམས་ཏེ། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་རང་རྟོན་རང་དར་དང་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། གཞོན་ནུ་ཚོས་བྱས་རྗེས་འཇོག་པའི་དུས་ལ་བབས་ཡོད། ཁྱེད་ཚོས་ཕུགས་བསམ་ཆེན་པོ་བློ་ལ་བཅངས་ནས་འབད་འབུངས་ཡར་བརྩོན་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ཚོའི་སྣེ་ཁྲིད་དེ་མི་སྒེར་གྱི་དོན་གཉེར་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱེད་པ་དང་རང་ངོས་ཀྱི་ལས་གནས་ལ་གཞི་ཚུགས་ནས་ལས་རྗེས་གསར་པ་རྒྱུན་ཆད་མེད་པར་བཏོད་དེ་རྒྱང་ལམ་གསར་པར་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའ་སྤྲོད་པའི་དམིགས་ཡུལ་ནི་ཆབ་སྲིད་ཡར་ཐོན་དང་། ཀུན་སྤྱོད་བཟང་བ། ལེགས་སྐྱེས་མངོན་གསལ་དོད་པ་བཅས་ཀྱི་ཕུལ་བྱུང་གཞོན་ནུའི་དཔེ་མཚོན་གཏོད་པ་དང་གཟེངས་བསྟོད་བྱ་ཆེད་རེད། ཉེ་ཆར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བྱ་དགའ་ཐོབ་པའི་གཞོན་ནུའི་འཐུས་མི་16གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་གཞི་རིམ་དུ་རྩ་བ་ཚུགས་ཏེ་ལེགས་སྐྱེས་ཕུལ་བའི་གནས་ཚུལ་དང་མྱོང་ཚོར་སྙན་སེང་ཞུས་ཏེ“ལོ་ལྔ་ཚན་བཅོ་ལྔ་པར”བྱས་རྗེས་འཇོག་པ་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་པའི་ཆོད་སེམས་མཚོན་པར་བྱས་ཡོད།
- བདེ་ཆེན་གསར་འགྱུར།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།
སྐབས་དགུ་བའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས155པ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108