ལུའོ་ཁྲའོ་ཧྥེང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས ་ནན་གྱིས་བསྟན་དོན། དམངས་འཚོའི་དཀའ་གནད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་དངོས་ འབྲས ་ཀྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་སློག་དགོས།

ཟླ་9ཚེས་2ཉིན་ལུའོ་ཁྲའོ་ཧྥེང་ཅིན་ཅང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཕེབས་ནས་སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་བྱས་ཚུལ་དང་གནད་དོན་དག་ཐེར་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ཟླ་9ཚེས་2ཉིན་ནས་ཚེས་3ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤང་གྲོང་དང་གྲོང་ཚོའི་ཚོ་ཆུང་མང་པོར་བསྐྱོད་དེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཐད་ཆེད་དོན་བརྟག་ཞིབ་བྱས་པ་རེད།

ཟླ9ཚེས་2ཉིན་ལུའོ་ཁྲའོ་ཧྥེང་ཧྲང་ཅང་ཤང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ལྟེ་གནས་སུ་རྒན་གསོའི་ཞབས་ཞུ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་གནད་ལ་མི་འཁེལ་བའི་གནད་དོན་བཅོས་སྒྲིག་བྱེད་ཚུལ་ལ་བརྟག་ཞིབ་བྱེད་པར་བསྐྱོད་པ།
བརྟག་དཔྱད་ཞིབ་འཇུག་བྱེད་རིང་། ལུའོ་ཁྲའོ་ཧྥེང་དང་བཅས་པས་སྔ་རྗེས་སུ་སྟག་མཆོང་གྲོག་རོང་གྲོང་རྡལ་སུང་ཧོ་གྲོང་ཚོ་ཨུ་ལྷན་དང་། ཡུང་ཧྲེང་གྲོང་ཚོ་ཨུ་ཡོན་ལྷན་ཁང་། ཅིན་ཅང་གྲོང་རྡལ་ཁྲེ་ཀྲོའུ་གྲོང་ཚོའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་ས་ཚིགས། གྲོང་རྡལ་འཕྲོད་བསྟེན་ཁང་། ཧྲང་ཅང་ཤང་དམིགས་བསལ་དཀའ་ངལ་བསྙེན་བཀུར་ལྟེ་གནས། ཧྲང་ཅང་ཤང་སློབ་ཆུང་། ཉི་ཤར་ཤང་ཤིན་ཡང་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཧུའེ་ཕི་ཚོ་ཆུང་། སྐད་ཚག་ཤང་སྐད་ཚག་གྲོང་ཚོའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་སོགས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་། སྙན་ཞུར་ཉན་པ། ས་གནས་ས་ཐོག་ཏུ་ངོ་བཅར་སྣེ་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཡིག་བསྐུར་ངོ་བཅར་གནད་དོན་བཅོས་སྒྲིག་དང་། གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ་། རྒྱུ་ནོར། ཐོན་ཁུངས།”གྱི་ཆེད་དོན་བཅོས་སྒྲིག་ལས་དོན། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་གནད་དོན་དག་ཐེར། སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་ལྟ་སྐུལ་དོ་དམ། རྒན་གསོའི་ཞབས་ཞུ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ། སློབ་རའི་ཟ་མ་དང་ཟུར་ཁྲིད་སློབ་ལྭ་བཅོས་སྐྱོང་། གྲོང་གསེབ་ཀྱི་ཆུ་འདྲེན་ཆུ་སྤྱོད་འགན་སྲུང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་བཅས་ལ་ཁྱོན་ཡོངས་ནས་ཤེས་རྟོགས་གནང་བ་རེད།

སྟག་མཆོང་གྲོག་རོང་གྲོང་རྡལ་སུང་ཧོ་གྲོང་ཚོར་ལུའོ་ཁྲའོ་ཧྥེང་གིས་ས་གནས་ས་ཐོག་ཏུ་མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་གནད་དོན་གྱི་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་ངོ་བཅར་དུ་ཡོང་བའི་མང་ཚོགས་ལ་སྣེ་ལེན་ཞུས།མང་ཚོགས་ཀྱིས་ཚུར་སྣང་བྱས་པའི་ཚོ་ཆུང་དུ་ཤར་གཏོང་བྱས་པའི་གཞུང་ལམ་ལ་གཏོར་སྐྱོན་ཕོག་ཀྱང་མཁྲེགས་འགྱུར་མེད་པའི་གནད་དོན་ནན་ཏན་ངང་ཉན་ལ། ས་གནས་ས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་དུས་བཀག་ནང་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་གྱི་རེ་ཞུ་ཐག་གཅོད་བྱ་རྒྱུ་དེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས་པའི་ནན་བཤད་གནང་།
འགན་འཁུར་རྩོམ་སྒྲིག་པ།:扎史次里
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས ་ནན་གྱིས་བསྟན་དོན། དམངས་འཚོའི་དཀའ་གནད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་དངོས་ འབྲས ་ཀྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་སློག་དགོས།
ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།
གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།
ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས།
འོད་སྣང་གིས་གངས་ལྗོངས་གསལ་བ་བྱེད་ཅིང་གློག་དྲོད་ཀྱིས་བདེ་ཆེན་གྱི་དུས་རབས་གསར་བ་བསུས།——ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་ཀྱིས་སྤུས་ཚད་མཐོ་བའི་གློག་ཤུགས་ལ་བརྟེན་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།
ལི་ཡན་ལན་གྱིས་འོག་རིམ་གྱི“འགོ་གཙོ་དང་པོ”ལྟ་སྐུལ་གླེང་མོལ་བྱས།
ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ལས་དོན་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108