中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་གྱིས་ཚད་གཞི་འཕར་རྩིས་ཡོད་པའི་ཁེ་ལས་ཁག་ལ་འཚམས་འདྲི་དང་བརྟག་དཔྱད་གནང་།

རྩོམ་པ་པོ་:黄晓丽 ཁྱབ་བསྒྲགས་དུས་ཚོད་:2026-09-04 16:37:39 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

图片

ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླགྲོང་ཁྱེར་ནུས་ཁུངས་གཏེར་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་རུ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་དེ་བཞིན་ཚད་གཞི་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་རེད།

ཟླ་9ཚེས་3ཉིན ། ཁུལ་ཨུ་ ཧྲུའུ་ཅི་གཞོན་པ ལས་ཚབ་ ཁུལ་དཔོན ་ལི་ཡན་ལན་ གྱིས་ སེམས་ཀྱི་ཉི་ཟླ གྲོང་ཁྱེར་དུ་ ཚད་ གཞི་འཕར་རྩིས་ཡོད་པའི་ ཁེ་ལས་ཁག་ལ་ འཚམས་འདྲི་དང་བརྟག་དཔྱད་ བྱེད་པར་ཕེབས་ནས ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་སྤེལ་རེས་བྱས་ཏེ ཐོན་སྐྱེད་གཉེར་སྐྱོང་གི་གནས་ཚུལ་དང་དེ་བཞིན་མིག་སྔར་འཕྲད་པའི་དཀའ་ངལ་དང་གནད་དོན་ རྒྱུས་ལོན་ ཞིབ་ཕྲ་བྱས་པ་རེད། ཁོ ་མོ་ཡིས་ གནད་དོན་གྱི་ཁྲིད་སྟོན་དང་དགོས་མཁོའི་ཁྲིད་སྟོན་རྒྱུན་འཁྱོངས ་བྱས་ཏེ། ཁེ་ལས་ཀྱི་རེ་ ཞུ་ སྦྲེལ་མཐུད་ གནད་འཁེལ་ བྱས་ནས། ཞབས་ཞུའི་འགན་ལེན་དང་ལས་ཀའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་ཁེ་ལས་སྟོབས་ཆེ་རུ་གཏོང་བ་དང་ ཚད་གཞི་ གཅིག་གྱུར་ བསྡུ་ལེན་བྱས་པ། ཁུལ་ ཡོངས་ ཀྱི་ དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད ་བྱེད ་དགོ ས་ཞེས་ནན ་གསུང་ གནང་།
图片

ལི་ཡན་ལན་གྱིས་ཡུན་ལུའི་ནེང(སེམས་ཀྱི་ཉི་ཟླ)ནུས་ཁུངས་གསར་པགསར་སྤེལ་ཚད་ཡོད་ཀུང་སི་རུ་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་བཞུགས་མོལ་བྱས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་དེ་བཞིན་ཚད་གཞི་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

སེམས་ཀྱི་ཉི་ཟླགྲོང་ཁྱེར་ནུས་ཁུངས་གཏེར་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་རུ་ལི་ཡན་ལན་གྱིས་བྱེ་རྡོ་སྔོག་འདོན་ལས་སྒྲུབ་དང་ཐོན་སྐྱེད་གཉེར་སྐྱོང་དོ་དམ་གྱི་གནས་ཚུལ་ལ་འདྲི་རྩད་ཞིབ་ཕྲ་བྱས་པ་རེད། ཁོ་མོ་ཡིས་སྐྱེ་ཁམས་སྔོན་ཐོན་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པབྱེ་རྡོ་སྔོག་འདོན་དང་ཆུ་ལམ་གྱི་བྱེ་མའི་སྔོག་འདོན། གཏེར་རིའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་སོགས་ཀྱི་ལས་སྒོར་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་གཙོ་གནད་ལས་གྲྭ་དང་དམངས་འཚོའི་རྣམ་གྲངས། ཁྲོམ་རའི་ཨར་ལས་རྒྱུ་ཆ་མཁོ་སྤྲོད་ཀྱི་དགོས་མཁོ་འགན་ལེན་ཏན་ཏིག་བྱས་ནས། ཆུ་ལམ་བཅོས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་རོགས་རམ་བྱེད་དགོས་ཞེས་ནན་གསུང་གནང་།

ལི་ཡན་ལན་གྱིས་ཡུན་ལུའི་ནེང(སེམས་ཀྱི་ཉི་ཟླ)ནུས་ ཁུངས་ གསར་པ གསར་སྤེལ་ཚད་ཡོད་ཀུང་སི ་རུ་སྐྲུན་བཞིན་པའི་ནུས་ཁུངས་གསར་པའི་རྣམ་གྲངས་ཀྱི་འཕེལ་རིམ་དང་དེ་བཞིན་ཁེ་ལས་ཀྱི་རྗེས་མཐུད་འཕེལ་རྒྱས་འཆར་འགོད་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད། རང་ཁུལ་གྱིས་“ལོ་ལྔ་ཚན་བཅོ་ལྔ་པའི ”རིང་“4+2+N” དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ ར་ འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ རྗེས་མཐུད་རྣམ་གྲངས་ཇུས་འགོད་བརྩོན་ལེན་ཧུར་ཐག་བྱས ་ནས། ཁུལ་ཡོངས་ ཀྱི་དཔལ་འབྱོར་འཕེལ་རྒྱས་ དངོས་མཁོ་འདོན་བྱེད་པ་དང་ ཁྱོན་ཡོངས་ཀྱི་ལྗང་མདོག་འཕར་ཚད་ ལ་ འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་གསུང་གནང་།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུང་ཡོན་ཚན་རྩལ་ཚད་ཡོད་ཀུང་སི འི་ མོས་འདེམས་ གྲོང་ཁྱེར་ལས་སྒོའི་ལས་ཚབ་གཙོ་གཉེར་བྱེད་པ ལི་ཡན་ལན་གྱིས་ཁེ་ལས་ཀྱི་ལས་ཞུགས་བསྡུ་ལེན་དང་སྟེགས་ བུ་ གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ ལ་རྒྱུས་ལོན་ ཞིབ་ཕྲ་བྱས་པ་རེད། ཁོ ་མོ་ཡིས མངག་ཚོང་སྐྱེལ་མཁན་ ནི་གྲོང་ཁྱེར་གྱི་སྐོར་སྐྱོད་མཛེས་ལྗོངས་ཤིག་ཡིན་པས ཁེ་ལས་ཀྱིས་ལས་ཞུགས་མི་སྣ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ།བདེ་འཇགས་སློབ་གསོ་དང་ཁེ་དབང་འགན་ལེན་ལ་ཤུགས་སྣོན་རྒྱག་ ནས འཐབ་ཕྱོགས་དང་པོའི་ལས་བཟོ་བར་སེམས་ཁུར་གཅེས་སྐྱོང་ བྱེད་དགོས་ཞེས་སྟོན། སྟེགས་བུའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ས་གནས་དང་མཉམ་འབྲེལ་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་བྲིན་སྐུལ་བྱེད་སྒོ་སྤེལ་བ་དང་འཛད་སྤྱོད་ཀྱི་གསོན་ཤུགས་སྐུལ་སྤེལ་ནུས་ལྡན་གཏོང་དགོས་ཞེས་བསྟན་པ་རེད།

ལི་ཡན་ལན་ གྱིས་བླང་བྱ་ལྟར། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རང་འགུལ་ངང་ཞབས་འདེགས་ཞུ་བའི་འདུ་ཤེས་ཟབ་ཏུ་གཏོང་ནས། ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱ ས་ཏེ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེར་གཏོང་བ། ལས་སྒྲུབ་ལས་ཆོད་ཆེ་རུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ལ་འཕེལ་རྒྱས་ཀྱི་ཆ་རྐྱེན་བཟང་པོ་བསྐྲུན་དགོས། “གཅིག་གཏད་གཅིག”གི་གསོ་སྐྱོང་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དམིགས་ཚད་ཀྱི་འགག་ཚིགས་ལ་དོ་སྣང་ཆེན་པོ་བྱེད་པ། དུས་ཚོད་རེའུ་མིག་གཏན་འབེབས་བྱས་ནས། འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱིས་ཚད་གཞི་འཕར་བར་རོགས་རམ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་གཅིག་གྱུར་ཡོད་ཚད་ནང་འདྲེན་བྱེད་དགོས། དེ་དང་ཆབས་ཅིག ཚད་གཞི་འཕར་བའི་ཁེ་ལས་ཁག་ལ་ ཡིད་ཆེས་བརྟན་པོ་དང་རང་ངོས་ཀྱི་ངེས་གནས་གཏན་འཁེལ་ཡང་དག་འཚོལ་བ། གསར་གཏོད་འཕེལ་རྒྱས་དང་ཁྲོམ་ར་རྒྱ་ཆེར་གཏོང་བ། ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཚད་གཞི་འཕར་བའི་གྲ་སྒྲིག་ཁག་ཧུར་ཐག་བྱས་ནས། ཚད་གཞི་འཕར་བའི་ཁེ་ལས་ཀྱི་གྲལ་ནང་སྔ་ཙམ་ཞུགས་གང་ ཐུབ་བྱེད་དགོས།

ཀྲོང་ཞའོ་ཕིང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བརྟག་དཔྱད་ནང་ཞུགས་པ་རེད།


འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་གྱིས་ཚད་གཞི་འཕར་རྩིས་ཡོད་པའི་ཁེ་ལས་ཁག་ལ་འཚམས་འདྲི་དང་བརྟག་དཔྱད་གནང་།

ལུའོ་ཁྲའོ་ཧྥེང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་སྐབས ་ནན་གྱིས་བསྟན་དོན། དམངས་འཚོའི་དཀའ་གནད་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་དངོས་སྒྲུབ་དངོས་ འབྲས ་ཀྱི་གྲུབ་འབྲས་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་བརྡ་ལན་སློག་དགོས།

ནད་ཆེན་ཁུལ་ལས་མི་བརྒལ། ནད་ཆུང་ཤང་ལས་མི་བརྒལ། —— བདེ་ཆེན་ཁུལ་གྱི་སྨན་བཅོས་བདེ་ཐང་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ།

གོས་ཟས་འགྲོ་འདུག་ཁྲོད་ནས་འཕོ་འགྱུར་ཆེན་པོ་མཐོང་། འཚོ་བའི་དྲོད་ཁོལ་ཁྲོད་ནས་འཕེལ་རྒྱས་ཆེན་པོ་མཐོང་བ།——འཇོལ་རྫོང་གི་ཁྱིམ་ཚང་དཀྱུས་མ་འགའ་ཤས་ལས་འཚོ་བའི་འཕོ་འགྱུར་ཆེན་པོ་བཤད་པ།

ཁུལ་ཡོངས་ཀྱི་སྲ་གཟུགས་སྙིགས་རོ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་དོན་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་བསྡུས།

འོད་སྣང་གིས་གངས་ལྗོངས་གསལ་བ་བྱེད་ཅིང་གློག་དྲོད་ཀྱིས་བདེ་ཆེན་གྱི་དུས་རབས་གསར་བ་བསུས།——ལྷོ་ཕྱོགས་གློག་དྲ་ཡུན་ནན་བདེ་ཆེན་གློག་འདོན་ཅུས་ཀྱིས་སྤུས་ཚད་མཐོ་བའི་གློག་ཤུགས་ལ་བརྟེན་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།

ལི་ཡན་ལན་གྱིས་འོག་རིམ་གྱི“འགོ་གཙོ་དང་པོ”ལྟ་སྐུལ་གླེང་མོལ་བྱས།

ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་དྲུག་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com