中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླ་ནས་འགོ་ཚུགས།

རྩོམ་པ་པོ་:黄晓丽 和泰君 何雨桐 何帝龙 ཁྱབ་བསྒྲགས་དུས་ཚོད་:2026-01-19 18:12:08 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
图片

ཟླ་1པའི་ཚེས་19ཉིན་གྱི་སྔ་དྲོར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་འགོ་ཚུགས།

   ཐེངས་འདིའི་གྲོས་ཚོགས་ཐོག་འཐུས་མི་248ཞུགས་དགོས་ལ། དངོས་སུ་འཐུས་མི་208སླེབས་ཡོད་པས་གཏན་འབེབས་ཀྱི་མི་གྲངས་དང་མཐུན།

图片

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ལི་ཡན་ལན་གྱིས་འགོ་ཚུགས་གྲོས་ཚོགས་གཙོ་སྐྱོང་གནང་།

   ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་མཁན་ནི་ལུའོ་ཁྲའོ་ཧྥེང་དང་།  ཞུས་སི་སི། ལི་ཡན་ལན།  མིའུ་ཡིའུ་ཧྥ།  ཧོང་ལུང་ཞིན། ཞའོ་ཞུས།  དབྱང་ཅན་ཧྭ།  དབྱང་ཧྲུའུ་ཆི།  སུང་ཡུང་ལི།  ཡུས་ཅིན་ཆོན། ཡུས་ཡུང་ཧོང་།  ཀྲང་ལི་ཅུན།  སུང་ཆིང་ཡུན།  ཧོ་ཡུས།  ལུང་ཐན་ཆིང་བཅས་ཡོད། 

 
 

སྔ་དྲོའི་ཆུ་ཚོད་9པར། ཚོགས་ཆེན་འགོ་ཚུགས་ཏེ། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

     ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་སྲིད་གཞུང་གི་ལས་དོན་གྱི་སྙན་སེང་ཞུས་པ་རེད།

图片
སྙན་ཞུའི་ནང་བསྟན་དོན།

    2025ལོ་ནི་ལོ་ལྔ་ཚན་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན་ལ།  ལོ་ལྔ་ཚན་བཅོ་ལྔ་པ་”འཐབ་འགོད་ཇུས་འདོན་ཀྱི་ལོ་ཡང་ཡིན། ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཚོགས་ཐེངས་ཁག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བྱས་པ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་དེ་བཞིན་ཁུལ་ཨུའི་འགོ་ཁྲིད་ནུས་ལྡན་འོག  ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་དེ་བརྟན་ལྷིང་དང་འཕེལ་རྒྱས།  སྐྱེ་ཁམས།  མཐའ་མཚམས་སྲ་བརྟན་བཅས་དོན་ཆེན་བཞི་དམ་འཛིན་བྱས་པ། དཔལ་འབྱོར་ཆེན་པོ་གསུམ་ཞེས་པར་འཕེལ་རྒྱས་མགྱོགས་པོར་བཏང་བ། ཅན་ལྔ་ཞེས་པའི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་བཏང་བ། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་ཁག་ཐེག་བྱས་པ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་གོམ་སྟོབས་གསར་པ་སྤོས་ཡོད།  2025ལོར།  སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར་313ཟིན་པ་དང་2.5%ཡས་མས་འཕར་རྒྱུ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་9%ཡས་མས་འཕར་རྒྱུ་རེད།

སྙན་ཞུའི་ནང་བསྟན་དོན།

    ལོ་ལྔ་ཚན་བཅུ་བཞི་པའི་དུས་སྐབས་སུ།  རང་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་འཆམ་མཐུན་བརྟན་ལྷིང་ཡོང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གོམ་སྟབས་གསར་པ་སྤོས་པ། མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་སྲ་བརྟན་དུ་ཕྱིན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་འཇགས་ཚོར་སྣང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གྲུབ་འབྲས་ཐོབ་པའི་རྩ་བའི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲུ་ལམ་སྣེ་ཁྲིད་གྱིས་ཁ་ལོ་བརྒྱབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་པ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་དང་དེ་བཞིན་ཁུལ་ཨུའི་འགོ་ཁྲིད་ནུས་ལྡན་ལ་བརྟེན་པ། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་ལ་བརྟེན་པས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་གྲོས་དང་རྔུལ་ཆུ། འགན་འཁུར་དང་ལེགས་སྐྱེས་བཅས་འདུས་ཡོད།

སྙན་ཞུའི་ནང་བཏོན་དོན།

    ཁུལ་མི་དམངས་སྲིད་གཞུང་གིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རྩ་གནད་འཆར་ཟིནསྒྲིག་བཟོ་བྱས་ཡོད་དེ།  དོན་དངོས་དང་མཐུན་པ་དང་རྒྱང་ལྟའི་རང་བཞིན་ལྡན་པའི་སྤྱིའི་བསམ་ཕྱོགས་དང་། ལས་ཀའི་རྩ་དོན། དམིགས་ཚད་གཙོ་བོ། འཐབ་ཇུས་ཀྱི་ལས་འགན་བཅས་བཏོན་ཡོད།  ང་ཚོས་རྒྱུན་མཐུད་དུ་བརྟན་ལྷིང་དང་འཕེལ་རྒྱས།  སྐྱེ་ཁམས།  མཐའ་མཚམས་སྲ་བརྟན་བཅས་ཀྱི་དོན་ཆེན་བཞི་ལ་དམ་འཛིན་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་ཤིང་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གདོང་ལེན་དམག  ཡུན་ནན་གྱིས་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་བགྲོད་ལམ་གལ་ཆེན། འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”ཡུལ་སྐོར་དམིགས་ཡུལ་བཅས་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་མིའི་ཕྱོགས་ཡོངས་ཡར་རྒྱས་ཡོང་བ་དང་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཕྱུག་པོར་འགྱུར་བའི་གོམ་སྟབས་བརྟན་པོ་སྤོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་གཞི་རྩའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

སྙན་ཞུའི་ནང་།

    2026ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་བཏོན་པ་ནི། ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་སྔོན་མ་དང་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཞི་ཅིང་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཞིང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན། ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་དོན་འཁྱོལ་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། 

སྙན་ཞུའི་ནང་།

    བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་ལེན་གྱི་ལས་ཀའི་སྤྱིའི་གཞི་རྩ་མཐའ་འཁྱོངས་བྱས་ཏེ། ཞིང་ཨུ་3815འཐབ་ཇུས་འཕེལ་རྒྱས་དམིགས་འབེན་ལ་དམ་པོར་དམིགས་ནས། ཞབས་འདེགས་ཡག་ཤོས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དང་མཉམ་འདྲེས་བྱས། སྔར་ལས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བར་གཙོ་གནད་འཛིན་རྒྱུ་མཐའ་འཁྱོངས་བྱས། བསམ་བློ་བཅིངས་འགྲོལ་དང་བསྒྱུར་བཅོས་གསར་གཏོད། ཧུར་བརྩོན་ཡར་རྒྱས། དམ་འཛིན་དངོས་སྒྲུབ་བྱས་ནས། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས་དང་མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་མུ་མཐུད་དུ་དམ་འཛིན་གཏིང་ཟབ་བྱས། ལས་ཞུགས་བརྟན་ལྷིང་དང་ཁེ་ལས་བརྟན་ལྷིང་། ཁྲོམ་རའི་བརྟན་ལྷིང་། སྔོན་དཔག་བརྟན་ལྷིང་བཅས་ལ་ཤུགས་སྣོན་རྒྱབ་ནས།  དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་གཏོང་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་།  སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་ནས། ནུས་ཤུགས་ཡོད་རྒུས་ལོ་ལྔའི་ཚན་བཅོ་ལྔ་པའི་འགོ་ཡག་པོ་ཚུགས་པ་དང་གོམ་སྟབས་ཡག་པོ་སྤུས་བར་མངོན་འགྱུར་བྱེད་དགོས་ཞེས་བསྟན།    སྙན་ཞུའི་ནང་ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་4.5%ཡན་མས་འཕར་རྒྱུ་དང་། ཐོན་ལས་མ་འཇོག་བསྡུར་ཚད་བརྒྱ་ཆ་50ཡན་རྒྱུན་འཁྱོངས་བྱ་དགོས། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་2%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་3000གསར་དུ་འཕར།  གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་བ་དེ་དཔལ་འབྱོར་འཕར་སྣོན་ལས་མགྱོགས། སྡེ་ཚན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་བྱ་རྒྱུ་དེ་ཞིང་ཆེན་གྱིས་གཤམ་སྤྲོད་བྱས་པའི་དམིགས་ཚད་ལེགས་གྲུབ་བྱུངདགོས་ཞེས་གྲོས་འཆར་བྱས་པ་རེད། 

སྙན་ཞུའི་ནང་།

    ད་ལོའི་ལས་དོན་གཙོ་གནད་ཕྱོགས་བརྒྱད་ཀྱི་ཐོག་ནས་དམ་འཛིན་བྱེད་དགོས། གཅིག་གྱུར་འདུ་ཚོགས་འཕེལ་རྒྱས་དང་ཐོན་ལས་རིམ་སྤོར་བྱས་ནས། དཔལ་འབྱོར་རིགས་སྒྱུར་གྱི་ཐོན་ཁུངས་གསར་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱ་དགོས། མ་འཇོག་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་སྐུལ་སྤེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་སྣོན་ཚད་བརྒལ་གསར་པར་ཡོང་བར་སྐུལ་འདེད་གཏོང་དགོས།  ཚན་རྩལ་གསར་གཏོད་དང་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཐོན་ལས་ཀྱི་འགྲན་ལམ་གསར་པ་གཏོད་དགོས། གཞི་རིམ་གྱི་བསྒྱུར་བཅོས་གཏིང་ཟབ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་གཅིག་གྱུར་འཆར་འགོད་བྱས་ནས། ནུས་ཤུགས་ཡོད་རྒུས་ས་ཁོངས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས། གྲོང་ཁྱེར་དང་གྲོང་རྡལ་གསར་པ་ཅན་དང་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་དར་རྒྱས་ཡོང་བའི་རྣམ་པ་གསར་པ་གཏོད་དགོས། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་ཏེ།  ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་ལྗང་མདོག་རིགས་སྒྱུར་བྱེད་པའི་ལམ་སྲོལ་གསར་པ་འཛུགས་དགོས། འདྲ་མཉམ་འགན་ལེན་དང་དམངས་འཚོ་ཇེ་ལེགས་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ནས། ནུས་ཤུགས་ཡོད་རྒུས་དམངས་འཚོ་བདེ་སྐྱིད་ལེགས་བཅོས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། ཉེན་ཁ་སྔོན་འགོག་དང་བདེ་འཇགས་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་བདེ་འཇགས་བདེ་ཆེན་འཛུགས་སྐྲུན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

图片

ཟླ་1ཚེས་19ཉིན། ཁུལ་མི་དམངས་འཐུས་མོང་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། 

གྲོས་རིམ་ལ་གཞིར་བཟུང་ནས། ཚོགས་ཆེན་ཐོག་འཐུས་མི་རྣམས་ལ་བདེ་ཆེན་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རྩ་གནད་འཆར་ཟིན་དང་། བདེ་ཆེན་ཁུལ་གྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ། 2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྙན་ཞུ། བདེ་ཆེན་ཁུལ་གྱི་2025ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ། 2026ལོའི་ས་གནས་ནོར་སྲིད་སྔོན་རྩིས་འཆར་ཟིན་སྙན་ཞུ་བཅས་ལ་ཞིབ་བཤེར་གནང་རོགས་ཟེར།

ཚོགས་ཆེན་ཐོག་བདེ་ཆེན་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་འདེམས་བསྐོ་བྱེད་ཐབས་དང་བདེ་ཆེན་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འདེམས་མིའི་བྱེད་ཐབས་དང་འདེམས་མི་བཅས་ལ་བརྡས་ཐག་བཅད་པར་གྲོས་འཆམ་བྱུང་

 
 

ཀྲུའུ་ཞིའི་སྟེགས་བུའི་ཐོག་ད་དུང་ཀྲུའུ་ཧུང་དང་། ལི་དབྱང་། ལིའོ་ཝུན་ཚེ། ཁྲེན་ཁུན། ལུའུ་ཀྲི་ཅུན། དབྱང་ཞུས་ཝན། ཞུང་ཝུན་པིན། ཧུའུ་ཧྥེ་ཞུན། ཡུས་ཧྲེང་ཤེན། དབྱང་ཁྲེང་ལེན། ཡུས་ཀུའེ་ཧྥན། ཞུས་ཀོང་ཏེ། ལིན་ཧའོ། ལི་ཐའོ། པའོ་ཡུས་ཏུན། ཝན་ཏན་ཆིན། མ་གོ་ཀྲུང་། དབྱང་ཙི་ཅང་། ཁྲེན་ཅུན་མིན། དབྱང་ཅི་ཝན། ཕན་ཞུའེ་དབྱིན། ཁྲེན་ཚུན། ལིའུ་ཐེན་མིན། མེང་གོ་པིན་སོགས་ཡོད། 

  ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཟུར་ཞུགས་མི་སྣ་དང་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ནང་ཞུགས་མཁན་ཨུ་ཡོན་བཅས་གྲོས་ཚོགས་ནང་ཟུར་ཞུགས་གནང་བ་རེད།

责任编辑:江初卓玛 万玛措 

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླ་ནས་འགོ་ཚུགས།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་མགོ་བརྩམས།

མདོ་འཛིན་པས་ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་སྐོར་བཤད།

བདེ་ཆེན་གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་2026ལོའི་ཁུལ་རིམ་་་་་་

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་146པ་འཚོགས་པ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་72པ་འཚོགས་པ།

རྒན་རྒོན་ཚོའི་ཆེད་སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་འདི་བཀྲམ་འདུག

ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ཚོགས་ཆེན་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com