ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས།

ཟླ་5ཚེས་6ཉིན།ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས་ནས། ཞི་ཕིན་ཕིང་གི་ཕྱི་འབྲེལ་དགོངས་པ་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་།རྒྱལ་ཡོངས་ས་གནས་ཀྱི་ཕྱི་འབྲེལ་ལས་དོན་གྲོས་ཚོགས་དང་ཞིང་ཨུའི་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས།ལས་དོན་ཕྱོགས་སྡོམ་དང་དུས་བབ་དབྱེ་ཞིབ།གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བཅས་བྱས་ཏེ།ལས་ཀའི་མཉམ་ཤུགས་སྔར་བས་གཅིག་ཏུ་སྒྲིལ་བ་དང་སྤུས་ཚད་མཐོ་བའི་ཕྱི་འབྲེལ་ལས་དོན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ཡོངས་ལ་ཞབས་འདེགས་ཞུ་བ་དང་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི།ཁུལ་ཨུའི་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན།ཁུལ་ཨུའི་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཝེ་ཏུང་གྲོས་ཚོགས་ནང་ཞུགས།
གྲོས་ཚོགས་ཐོག་《ཞི་ཕིན་ཕིང་གི་ཕྱི་འབྲེལ་དགོངས་པའི་སློབ་སྦྱོང་རྩ་གནད་2025ལོའི་པར་གཞི་》དང་དེ་བཞིན་རྒྱལ་ཡོངས་ས་གནས་ཀྱི་ཕྱི་འབྲེལ་ལས་དོན་གྲོས་ཚོགས།ཞིང་ཨུའི་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད།2025ལོའི་ཁུལ་ཡོངས་ཀྱི་ཕྱི་ཕྱོགས་ལས་དོན་སྤེལ་ཚུལ་སྙན་ཞུ་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་རེད།
གྲོས་ཚོགས་ཐོག་བསྟན་དོན།“ལོ་ལྔ་ཚན་བཅུ་བཞི་པའི་”རིང་།རང་ཁུལ་གྱིས་བརྟན་བརླིང་དང་འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞིར་དམ་པོར་དམིགས་ནས།འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ།ཏང་གིས་ཕྱི་འབྲེལ་ལས་དོན་ལ་གཅིག་སྡུད་གཅིག་འགྱུར་འགོ་ཁྲིད་བྱེད་ཤུགས་མུ་མཐུད་དུ་ཤུགས་སྣོན་བརྒྱབ་པ་དང་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་བར་སྔར་ལས་རང་འགུལ་དང་བྱས་རྗེས་ལྡན།ས་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན།ཁུལ་ཡོངས་ཀྱི་ཆུ་ཚད་མཐོ་བའི་བདེ་འཇགས་ལ་ཞབས་འདེགས་ཞུ་བར་གནད་འཁེལ་ནུས་ལྡན་ཐོན།ཕྱི་ཕྱོགས་ལ་“ཀྲུང་གོའི་གཏམ་རྒྱུད་·བདེ་ཆེན་གྱི་ལེན་ཚན་”ཡག་པོ་བཤད་ནས།བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱི་འབྲེལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
གྲོས་ཚོགས་ཐོག་ནན་བཤད་གནང་དོན།གྲོས་ཚོགས་ཐོག་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་།རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བརྗོད་བྱ་གཙོ་བོར་མཐའ་འཁྱོངས་བྱས་ནས།རང་ཁུལ་གྱི་ཕྱི་ཕྱོགས་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་།རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་འདེགས་ཧུར་ཐག་ཞུ་བ་དང་ཀྲུང་དབྱང་གི་ཕྱི་ཕྱོགས་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོ་བྱེད་པའི་ཕྱི་འབྲེལ་བྱེད་སྒོ་ནང་དེ་ལས་མང་པོ་ཞུགས་རྒྱུར་བརྩོན་ལེན་ཧུར་ཐག་བྱེད།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ངོ་སྤྲོད་ཡག་པོ་བྱེད་དགོས།ཕྱི་ཕྱོགས་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་རྨང་གཞིའི་སྒྲིག་བཀོད་གཙོ་གནད་དུ་བྱས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ནས།ནུས་ཤུགས་ཡོད་རྒུས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་སྐྲུན་དགོས།“ ཕྱི་དོན་+དྲིལ་བསྒྲགས་”ལ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ།བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་སྲུང་སྐྱོང་།ལྗང་མདོག་འཕེལ་རྒྱས།དམངས་འཚོ་ལེགས་བཅོས།སྒོ་དབྱེ་ཁོང་ཡངས་དང་ཤེས་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་གཏམ་རྒྱུད་ཡག་པོ་བཤད་དགོས།ཕན་ཚུན་འབྲེལ་མཐུད་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས།རིག་གནས་ཡུལ་སྐོར་འགྲོ་འོང་དང་རྒྱལ་སྤྱིའི་གྲོང་རོགས་མཉམ་ལས་བཅས་གཏིང་ཟབ་ཏུ་གཏོང་ནས།ཁྱབ་ཁོངས་མང་པོའི་སྤེལ་རེས་བྱས་པར་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་སྤེལ་རེས་ཀྱི་གཏིང་ཟབ་ཏུ་གཏོང་བ།དམངས་ཁྲོད་ཕྱི་འབྲེལ་ལས་དོན་གྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ།ཀྲུང་ཧྭར་ཤེས་རྟོགས་དང་ཀྲུང་ཧྭར་མཛའ་མཐུན་སྟོབས་ཤུགས་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་དགོས།
གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། གྲོས་ཚོགས་ཐོག་ཏང་གིས་ཕྱི་འབྲེལ་ལས་དོན་སྤྱི་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཏང་གི་ཕྱི་དོན་སྒྲིག་ཁྲིམས་ནན་སྲུང་བྱེད་དགོས།མཐུན་སྦྱོར་རྣམ་པ་ཤུགས་ཆེན་གྱིས་བསྐྲུན་ནས།གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ཏེ།ལས་ཀའི་མཉམ་ཤུགས་ཆགས་པར་ཤུགས་ཆེར་གཏོང་དགོས།ཕྱི་ཕྱོགས་ལས་དོན་གྱི་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ།ཕྱི་དོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ལས་བྱེད་པའི་ཕྱི་ཕྱོགས་ལས་ཀའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པ།
ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཁུལ་ཨུའི་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་གྲོས་ཚོགས་ནང་ཞུགས།
- བདེ་ཆེན་གསར་འགྱུར།
ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
བདེ་ཆེན་རུ་ཁག་3-1གི་བསྡུར་ཚད་ཐོག་ཀྲའོ་ཐུང་རུ་ཁག་ལས་རྒྱལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108