中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན། (དང་པོ།)

རྩོམ་པ་པོ་:央金拉姆 普文玥 ཁྱབ་བསྒྲགས་དུས་ཚོད་:2026-01-19 19:19:41 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཟླ་1པོའི་ཚེས་18ཉིན། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་སྤེལ་འགོ་བརྩམས། ཉིན་དེའི་ཕྱི་དྲོར། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གི་གསུང་བཤད་དང་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སོགས་ལ་དམིགས་ནས་གྲོས་བསྡུར་བྱས་པ་མ་ཟད། ད་དུང་ད་ལོའི་ལས་དོན་ཡག་པོ་སྒྲུབ་པར་གྲོས་འགོ་ཧུར་ཐག་འདོན།

  ཨུ་ཡོན་དབྱང་ཧྲུན་ཧུང་གིས། ན་ནིང་ལོར་རྙོག་འཛིང་ཆེ་བའི་དུས་བབ་དང་རྣམ་པར་ཁ་གཏད་འཇལ་ཏེ། ཁུལ་ཨུས་འགོ་ཁྲིད་བརྟན་པོའི་འོག ཁུལ་ཡོངས་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པར་བརྒྱུད་ལས་དོན་གྲུབ་འབྲས་བཟང་པོ་ཐོབ་ནས་ཚང་མར་སྐུལ་ལྕགས་ཆེན་པོ་ཐེབས། སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ངས་རྒྱུན་མཐུད་ངང་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཐབས་འདོན་ཇུས་འབུལ་དང་རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ནས།  སྤྱི་ཚོགས་ཡར་ཐོན་དང་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སུ་འབུལ་པ་དང་ཆབས་ཅིག  འབའ་ལུང་རྫོང་གིས“རང་བྱུང་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་མཛོད”ཀྱི་ལེགས་ཆར་གཞི་ཚུགས་ནས།  རྫོང་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་དངུལ་རྩའི་སྒོ་ནས་རམ་འདེགས་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་ཅེས་བཤད།

   ཨུ་ཡོན་ཝང་སི་པོ་ཡིས། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གི་གསུང་བཤད་ལས་དམིགས་ཡུལ་དང་ལས་འགན་གསལ་པོ་སྟོན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་པ་སྐོར་གྱི་བསམ་བློ་གལ་ཆེན་མཚོན་ཡོད། ཆབ་སྲིད་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་ཚད་རང་བཞིན་བཅས་ཆེ་རུ་ལྡན། དུས་རིམ་རྗེས་མར།  ངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་དང་། དམངས་གཙོས་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་ཏན་བྱས་ཏེ། བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བློ་གྲོས་དང་སྟོབས་ཤུགས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད།

    ཨུ་ཡོན་མོ་ཀྲེང་རུང་གིས། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གི་གསུང་བཤད་ལས་སྤྱིའི་ཆ་ནས་2025ལོའི་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་།  ཁུལ་སྲིད་གྲོས་དང་དེ་བཞིན་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འདས་ཟིན་པའི་ལོ་གཅིག་རིང་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་བྱས་ཏེ།  རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་2026ལོར་ལས་འགན་བསྒྲུབ་པའི་ཐད་དམིགས་ཚད་གསར་པ་བཏོན་པས་ཨུ་ཡོན་ཚང་མར་སྐུལ་མ་ཆེན་པོ་ཐེབས། སླད་ཕྱིན་ངས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བར་མཐའ་འཁྱོངས་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཐབས་འདོན་ཇུས་འབུལ་བྱ་རྒྱུ་ཡིན་ཞེས་བཤད།

   ཨུ་ཡོན་ཚེ་རིང་ཆོས་མཚོ་ཡིས། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ནང་བདེ་ཆེན་གྱི་འཕེལ་རྒྱས་ལ་དམ་པོ་དམིགས་ནས། ཕྱོགས་མང་པོས་སྲིད་གྲོས་ཀྱིས་ས་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་བྱས་རྗེས་མངོན་ཏེ།  འགན་འཁྲི་འཁུར་བའི་ཆོད་སེམས་ཆེན་པོ་མངོན་ནས།  ལས་དོན་དངོས་གཉེར་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པ་བཅས་མཚོན་ཡོད། དུས་རིམ་རྗེས་མར། ངས་མུ་མཐུད་དུ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲིད་ཞུགས་སྲིད་གླེང་གི་འགན་འཁྲི་བསྒྲུབས་ཏེ། ཁུལ་ཡོངས་ཀྱི་འགྲིམ་འགྲུལ་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

   ཨུ་ཡོན་ལི་ཀྲི་རུང་གིས། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་ནང་འདས་ཟིན་པའི་ལོ་གཅིག་རིང་གི་ཁུལ་སྲིད་གྲོས་ཀྱི་འགན་སྒྲུབ་གནས་ཚུལ་དང་གསར་གཏོད་ལག་ལེན་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་དང་། 2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། ཁུལ་སྲིད་གྲོས་ཀྱིས་དེ་བས་མཐོ་བའི་གནས་བབ་ཐོག་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། འགན་འཁྲི་བསྒྲུབས་པ། ལག་ལེན་བསྟར་བ། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ་བཅས་མཚོན་ཡོད། གོམ་སྟབས་རྗེས་མར། ངས་རང་འགན་གཙང་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པའི་རྣམ་འགྱུར་གྱིས་དམངས་གཙོའི་ལྟ་སྐུལ་ལ་སྐུལ་འདེད་བཏང་སྟེ། ཏང་ཨུ་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་ཐག་གཅོད་བྱས་པ་དང་། ནུས་ལྡན་གྱིས་ཇུས་ཐབས་སྤྱོད་པར་སྤུས་ཚད་མཐོ་བ་དང་། ཟབ་ཚད་ཆེ་བ། དོན་འཁྱོལ་ཐུབ་པ་བཅས་ཀྱི་བསམ་འཆར་དང་གྲོས་འགོ་སྔར་ལས་མང་པོ་འདོན་རྒྱུ་ཡིན་ཞེས་བཤད།

   ཨུ་ཡོན་ཁྲི་ཧྥུ་ཏུང་གིས། ངས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཆུ་གློག་ནུས་རྒྱུའི་ཁེ་ལས་འཛུགས་སྐྲུན་པའི་འགན་འཁྲི་གནས་བབ་ལ་གཞི་ཚུགས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་ཡིན། ལས་ཡུལ་དང་པོ་རུ་བཅར་འདྲི་བརྟག་ཞིབ་བྱས་པ་བརྒྱུད། གློགའདོན་ས་ཚིགས་འཛུགས་སྐྲུན་གཉེར་སྐྱོང་བྱེད་རིང་གི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ། གློགའདོན་ས་ཚིགས་འཛུགས་སྐྲུན་དང་ས་གནས་ཀྱི་མངའ་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་རང་འགུལ་ངང་སྤྱི་འདོམས་ཡག་པོ་བྱས་ནས། བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ནུས་རྒྱུའི་སྒུལ་ཤུགས་བསྣན་རྒྱུ་ཡིན་ཞེས་བཤད།

 

责任编辑:江初卓玛 万玛措

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན། (དང་པོ།)

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླ་ནས་འགོ་ཚུགས།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་མགོ་བརྩམས།

མདོ་འཛིན་པས་ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་སྐོར་བཤད།

བདེ་ཆེན་གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་2026ལོའི་ཁུལ་རིམ་་་་་་

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་146པ་འཚོགས་པ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་72པ་འཚོགས་པ།

རྒན་རྒོན་ཚོའི་ཆེད་སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་འདི་བཀྲམ་འདུག

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com