ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་སྒྲུབ་པར་གྲུབ་འབྲས་མངོན་གསལ་ཐོབ།ཨུ་ཡོན་བློ་ཡིད་ཚིམ་ཚད་100%ཟིན།
གསར་འགོད་པས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ནས་ཤེས་རྟོགས་བྱུང་དོན། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་སྒྲུབ་པའི་ལས་ཀར་གྲུབ་འབྲས་མངོན་གསལ་ཐོབ། གྱོད་དོན་ཐོ་འགོད་བྱས་པའི་གྲོས་གཞི་148ཚང་མ་བསྒྲུབས་ཚར་བ་དང་།ཨུ་ཡོན་བློ་ཡིད་ཚིམ་ཚད་100%ཟིན།
འདས་པའི་ལོ་གཅིག་གི་རིང་། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན། ཞུགས་མཁན་ལས་ཁུངས་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་ཀ་དང་“སྲིད་གྲོས་ལྔའི་”འཛུགས་སྐྲུན་བླང་བྱར་དམ་པོར་དམིགས་ནས། གྲོས་གཞིར་བརྟེན་ནས་ཐབས་ཇུས་འབུལ་འདོན་ཧུར་ཐག་བྱས། གྲོས་གཞིའི་ནང་བཏོན་པའི་79.74%ཐག་གཅོད་བྱས་པའམ་དང་ལེན་བྱས་པ་དང་། དེ་གཞན་གྱི་གྲོས་གཞི་འཆར་གཞིའི་ནང་བཀོད་པའམ་ཡང་ན་གསལ་བཤད་བྱས་ཡོད།
གྲོས་གཞིའི་ནང་དོན་ཁྱབ་རྒྱ་ཆེ་བ་དང་ཕན་འབྲས་ཏན་ཏིག་ཐོབ། འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཐད། གྲོས་གཞི་26 མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བཅོས་སྐྱོང་སོགས་ཚུད་ཡོད་དེ། གྲོང་གསེབ་ཀྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་དང་ཁྲིམས་རྩོད་པའི་ལས་གཉེར་ཁེ་དབང་འགན་སྲུང་སོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་བཏང་། འཕེལ་རྒྱས་དམ་འཛིན་བྱེད་པའི་ཐད། གྲོས་གཞི་45ཡིས་ནུས་ཁུངས་གཙང་མ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་ལ་དོ་སྣང་བྱས་ཏེ།འབྲེལ་ཡོད་ཐོན་ལས་འཆར་འགོད་དང་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་དཔྱད་གཞི་འདོན་སྤྲོད་བྱས་ཡོད། དམངས་འཚོར་ཕན་པའི་ཐད། གྲོས་གཞི་68ཀྱིས་ཐད་ཀར་སློབ་གསོ་དང་སྨན་བཅོས་སོགས་བྱ་གཞག་འཕེལ་རྒྱས་ལ་དམིགས་ནས་དམངས་བདེ་སྒོ་བསྟེན་སྨན་ཁང་རིམ་སྤོར་དང་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་ཞབས་ཞུའི་མ་ལག་འཛུགས་སྐྱོང་སོགས་དམངས་འཚོའི་བྱ་བ་དངོས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། སྐྱེ་ཁམསལེགས་སུ་གཏོང་བའི་ཐད། གྲོས་གཞི་ཁག་9བཏོན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་རོགས་རམ་བྱས་པ་དང་། གྲོང་གསེབ་ཀྱི་གད་སྙིགས་བསྡུ་རུབ་དབོར་འདྲེན་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་ས་མཐོའི་རྐང་ཐང་ཡུལ་སྐོར་ཚད་ལྡན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བ་འགན་ལེན་བྱེད་ཆེད། ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་མོལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས་མཐུན་སྦྱོར་མཉམ་འགུལ་གྱི་ལས་ཀའི་རྣམ་པ་ཞིག་བཏོད་ཡོད། གྲོས་གཞི་སྒྲུབ་པའི་བརྒྱུད་རིམ་ནང་གྲོས་གཞི་སྒྲུབ་སྐུལ་ཟླ་བར་ས་གནས་ས་ཐོག་ཏུ་སྒྲུབ་སྐུལ་དང་རིགས་གཅིག་པའི་གྲོས་གཞི་གྲོས་མོལ་སོགས་ཀྱི་བྱེད་ཐབས་ཐོག་མར་སྤྱད་པས་སྒྲུབ་གཉེར་གྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དུས་མཚུངས་སུ། ཁུངས་སྣེ་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོས་གཞིའི་ལས་དོན་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད།
ལོ་གཅིག་གི་རིང་། གྲོས་གཞི་148བཏན་ནས་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་དང་སྲིད་སྐྱོང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན། བསམ་འཆར་དང་གྲོས་འགོ་མང་པོ་ཞིག་འབྲེལ་ཡོད་ཐབས་ཇུས་དང་། འཆར་འགོད། ལས་ཀའི་བྱ་ཐབས་ནང་བསྡུ་ལེན་བྱས་པ་དང་དོན་འཁྱོལ་ཡང་བྱས་ཡོད། སྲིད་གྲོས་ཀྱི་གྲོས་གཞི་ཐག་གཅོད་ནུས་ལྡན་དང་དོན་འཁྱོལ་བྱས་པ་དེས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གསོན་ཤུགས་གང་ལེགས་མངོན་པ་དང་། རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
责任编辑:江初卓玛 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་སྒྲུབ་པར་གྲུབ་འབྲས་མངོན་གསལ་ཐོབ།ཨུ་ཡོན་བློ་ཡིད་ཚིམ་ཚད་100%ཟིན།
2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན། (དང་པོ།)
ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླ་ནས་འགོ་ཚུགས།
ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་མགོ་བརྩམས།
མདོ་འཛིན་པས་ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་སྐོར་བཤད།
བདེ་ཆེན་གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་2026ལོའི་ཁུལ་རིམ་་་་་་
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ཨུས་ཚོགས་འདུ་ཐེངས་146པ་འཚོགས་པ།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་72པ་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
