中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

མཐོ་སྒང་གི་ལེའུ་གསར་པ་བྲིས། བློ་སེམས་གཅིག་མཐུན་གྱིས་རྒྱང་རིང་ལ་བསྐྱོད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས་པའི་ཟུར་བྲིས།

རྩོམ་པ་པོ་:和丽瑶 ཁྱབ་བསྒྲགས་དུས་ཚོད་:2026-01-20 15:18:38 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   2025ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་མཇུག་བསྡུ་བའི་ལོ་ཡིན་ལ།  ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འཐབ་འགོད་ཇུས་འདོན་ཀྱི་ལོ་ཡང་ཡིན། ལོ་རྒྱུས་ཀྱི་ཚད་རྟགས་ཀྱིས་ཐེངས་འདིའི་ཚོགས་འདུར་རྒྱུན་ལྡན་མིན་པའི་དོན་སྙིང་མངོན་ཡོད། འགན་འཁྲི་དང་སེམས་གཏམ་ཕྲག་ཐོག་འཁུར་ཏེ་ཁུལ་ཡོངས་ས་གནས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་དམངས་ཆེན་འཐུས་མི་སྙིང་སྟོབས་ཆེན་པོས་ཚོགས་ཁང་དུ་ཕེབས་ཤིང་། ཁོང་ཚོའི་ཁྲོད་གཞི་རིམ་དུ་རྩ་བ་ཚུགས་པའི་ལས་བྱེད་པ་དང་ཞིང་ནང་རྨོ་འདེབས་བྱེད་མཁན་གྱི་ཞིང་འབྲོག་པ་ཡོད་ལ། སློབ་གསོ་དང་འཕྲོད་བསྟེན་གྱི་འཐབ་ས་དང་པོར་འབད་བརྩོན་བྱེད་མཁན་གྱི་ལག་རྩལ་མི་སྣ་དང་། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ནས་ཡོང་བའི་འཐུས་མི་ཡང་ཡོད། ཁོང་ཚོའི་ངོ་གདོང་ལ་བདེ་ཆེན་འཕེལ་རྒྱས་གཏོང་བར་བཅངས་པའི་ཡིད་ཆེས་དང་འགན་འཁྲི་བྲིས་ཡོད། ཀྲུའུ་ཞིའི་སྟེགས་བུའི་ཐོག་རྒྱལ་རྟགས་འོད་དུ་འཚེར་བ་དང་དར་དམར་མིག་འཕྲོ་བ། ཀྲུའུ་ཞིའི་སྟེགས་བུའི་ཞབས་སུ་འཐུས་མི་གོ་རིམ་ལྡན་པའི་སྒོ་ནས་བཞུགས་ལ་སྙིང་སྟོབས་ཕུན་སུམ་ཚོགས་པ། གཟི་བརྗིད་ལྡན་ཞིང་སྤྲོ་སེམས་ཆེ་ལ། མཐུན་སྒྲིལ་འབད་བརྩོན་གྱི་རྣམ་པ་ཟབ་མོ་ཚོགས་རར་ཁྱབ་ཡོད། 

   ཆུ་ཚོད་9པའི་ཐོག བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་ཚོགས་རའི་ནང་གྲགས།  སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་པ་དང་ཆབས་ཅིག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་ཆེན་ལ་སྲིད་གཞུང་ལས་དོན་གྱི་སྙན་སེང་ཞུས། དེ་ནི་འབྲས་བུ་ཕུན་སུམ་ཚོགས་པ་དང་མི་སེམས་ལ་སྐུལ་མ་ཐེབས་པའི་གྲུབ་འབྲས་ཐོ་ཡིག་ཞིག་ཡིན་ཏེ། ལོ་ལྔའི་རིང་བདེ་ཆེན་གྱིས་གནོན་ཤུགས་མང་པོ་ཐེག་པ་དང་འགྲན་སློང་མང་པོ་ཁྱད་བསད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གོམ་སྟབས་བརྟན་པོ་སྤོ་རྒྱུར་སྐུལ་འདེད་བཏང་ཡོད། ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར་300ལས་བརྒལ་བ་དང་། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར་སྒོར་དུང་ཕྱུར་91.99ཟིན་ནས་བརྒྱ་ཆ་6.8འཕར་ཡོད། རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3636.01སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་296.27ཟིན།  རྒུན་ཆང་དང་བེ་ཤ  ཀྲུང་ལུགས་སྨན་རྫས་སོགས་སྤུས་ལེགས་ཐོན་རྫས་ཀྱི་ཐོན་སྒོ་བསྡོམས་འབོར་སྒོར་ཁྲི་7000ཟིན་ནས་22.8%འཕར་ཡོད།  འབྱུང་འཕྲོད་ནུས་རྒྱུའི་འཕར་ཐང་སྒོར་དུང་ཕྱུར་50ཟིན་པ་དང་འཕར་ཚད་48.8%ཟིན་ནས་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ནུས་གསར་པར་གྱུར་ཡོད། གྲོང་གསེབ་གཏན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སྔོན་དཔག་བྱས་ན་སྒོར་15664ཟིན་ནས་8%ཡས་མས་འཕར་རྒྱུ།ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་45.8ཟིན་ནས26.66%འཕར་ཡོད། སྐྱེ་ཁམས་ཀྱི་དགེ་མཚན་རྒྱུན་མཐུད་དུ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ཡོད། གྲོང་གསེབ་ངལ་རྩོལ་ནུས་ཤུགས་གནས་སྒྱུར་ལས་ཞུགས་མི་གྲངས་ཁྲི་12ཡན་བརྟན་ལྷིང་བྱས་ཡོད་པས་དམངས་འཚོའི་འགན་སྲུང་དྲ་བ་ཇེ་བརྟན་དུ་གཏོང་ཡོད། མཐོ་རྒྱུགས་ནས་དངོས་གཞིའི་ཚན་ཁག་ཏུ་ཞུགས་ཚད་51.47%ཟིན་ནས་ལོ་བཅུའི་རིང་གི་ཟིན་ཐོ་གསར་པ་བཏོད་པས་སློབ་གསོ་བྱ་གཞག་སྐས་རིམ་གསར་པར་སླེབས་པ། མངོན་མཚན་ཆེ་བའི་གྲངས་གཞི་རབ་དང་རིམ་པ་དང་གྲུབ་འབྲས་བརྟན་པོ་རེ་རེ་ལས་བདེ་ཆེན་གྱིས་དཀའ་ངལ་འགག་སྒྲོལ་དང་འབད་བརྩོན་ཧུར་ཐག་བྱེད་པའི་སྤྱིར་བཏང་མིན་པའི་རྐྱེན་རྩ་བདེན་དཔང་བྱེད་ཀྱི་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་ཆེན་ལག་ལེན་གྱི་སྐྱེ་སྟོབས་ཆེན་པོ་མངོན་ཡོད་པ་རེད།  

   དེ་ནི་འབེན་ཕྱོགས་གནད་ལ་འཁེལ་ཞིང་མི་རྣམས་ལ་འབད་བརྩོན་སྐུལ་སློང་བྱེད་པའི་ཨར་ལས་དཔེ་རིས་ཞིག་ཡིན་ཏེ།སྙན་ཞུའི་ནང་བདེ་ཆེན་གྱི་ཐོན་ཁུངས་ཀྱི་སྐྱེས་སྟོབས་དང་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་ནས། “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་ཐིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་མཐོར་འདེགས་དང་། རྣམ་གྲངས་ཀྱི་མ་རྩའི་རིམ་སྤར། ཁྱད་ལྡན་ཐོན་ལས་ཀྱི་ཕན་ནུས་མཐོར་འདེགས། གསར་གཏོད་བསྒྱུར་བཅོས་ཀྱི་ནུས་པ་མཐོར་འདེགས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་རིམ་པ་མཐོར་འདེགས། དམངས་འཚོ་འགན་སྲུང་གི་སྤུས་ཚད་མཐོར་འདེགས་སོགས་ཀྱི་ཐད་མཐུན་སྦྱོར་ནུས་ཤུགས་རྒྱག་པ་བརྒྱུད་དེ་ཕྱོགས་ཡོངས་ནས་ཕྱོགས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་ཐབས་ལམ་འཆར་འགོད་བྱས་ཡོད།  2026ལོ་དེ་“ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཚུགས་པའི་ལོ་ཡིན་པའི་ཆ་ནས་གཙོ་གནད་དུ་ཚོ་འདུས་འཕེལ་རྒྱས་དང་ཐོན་ལས་རིམ་སྤར་གཅིག་གྱུར་འཆར་འགོད་དང་། ཕན་ནུས་ལྡན་པའི་མ་རྩ་འཇོག་པ་དང་འཛད་སྤྱོད་རྒྱ་སྐྱེལ། ཚན་རྩལ་གསར་གཏོད་དང་ཐོན་སྐྱེད་ནུས་ཤུགས་སྤུས་ཚད་གསར་པ་འཕེལ་རྒྱས། གཏིང་ཟབ་པའི་བསྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེས། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་འབྱུང་འཕྲོད་འཕེལ་རྒྱས།  དྲང་གཞག་འགན་སྲུང་དང་དམངས་འཚོ་ལེགས་སུ་གཏོང་བ། ཉེན་ཁའི་འགོག་ཟོན་དང་བདེ་འཇགས་བཅོས་སྐྱོང་བཅས་ཕྱོགས་བརྒྱད་ཀྱི་ལས་དོན་དམ་འཛིན་བྱ་རྒྱུ་དང་།  གནད་ལ་འཁེལ་ཞིང་དངོས་སྒྲུབ་ཀྱི་བཀོད་སྒྲིག་དང་སྐད་གྲགས་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་བདེ་ཆེན་ཕྱོགས་ཡོངས་ནས་ཕྱོགས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འབྲི་རྒྱུ། 

འདས་ཟིན་པའི་གནས་ཚུལ་ལ་ཕྱིར་མིག་བལྟས་ཚེ། གྲངས་གཞི་རབ་དང་རིམ་པ་དང་མཚན་སྙན་རེ་རེ་ལས་བདེ་ཆེན་གྱིས་དཀའ་ངལ་འགག་སྒྲོལ་དང་འབད་བརྩོན་ཧུར་ཐག་བྱེད་པའི་འཕེལ་རྒྱས་ཀྱི་རྐྱེན་རྩ་བདེན་དཔང་བྱས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ན། སྲིད་ཇུས་རེ་རེ་དང་བྱེད་ཐབས་རེ་རེ་ལས་བདེ་ཆེན་གྱི་མི་རིགས་ཁག་གི་མང་ཚོགས་ལས་བརྩོན་བདེ་འཁོད་དང་ལག་གདང་སྦྲེལ་ནས་ཐུན་མོང་ཕྱུག་པོར་འགྱུར་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་རགས་བྲིས་བྱས་ཡོད།

    སྟེགས་བུའི་ཐོག་སྐད་ཆ་གྲགས་ཤིང་སྟེགས་བུའི་ཞབས་མིག་མདངས་བརྟན།ཐལ་མོ་རྡེབ་པ་དེ་ནི་གྲུབ་འབྲས་ལ་ཁས་ལེན་བྱས་པ་ཡིན་ལ། མ་འོངས་པའི་རེ་སྒུག་དེ་བས་ཀྱང་ཡིན།  ཚོགས་ར་ནས་ཐོན་རྗེས། འཐུས་མི་ཚོའི་སེམས་ཤུགས་འཕྱུར་བ་དང་འཐབ་འཛིང་གི་བློ་སྟོབས་མཐོ་བས། སྙན་ཞུའི་སྐོར་གྱི་གྲོས་བསྡུར་དང་འཕེལ་རྒྱས་སྐོར་གྱི་གླེང་མོལ་དྲང་པོ་བྱས་པས། དགའ་སྤྲོ་འཕེལ་བའི་སེམས་ཁམས་ནི་སྐད་ཆ་ཤོད་བཞིན་ཡོད།   

    འབའ་ལུང་རྫོང་གི་དམངས་ཆེན་འཐུས་མི་ཏུང་རུའེ་ལན་ཚོགས་ར་ནས་ཐོན་དུས་གོམ་སྟབས་ཧ་ཅང་སྐྱིད་པོའི་ངང་སྙན་ཞུའི་ནང་གི་གྲོང་གསེབ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། དམངས་འཚོ་འགན་སྲུང་བཅས་སྐོར་གྱི་བཀོད་སྒྲིག་དེ་ང་ཚོའི་སེམས་གཏིང་དུ་བཤད་ཡོད་ཅེས་ཟེར་ཞིང་། ཁོང་གིས་འབྲུ་ནག་དེ་འབྲས་ཆང་དང་། འབྲས་འཁོར། མཛེས་བཟོའི་ཐོན་རྫས་བཅས་སུ་བསྒྱུར་དགོས་པ་དང་། ཕན་ཐེན་སྒང་ནི་བདེ་ཆེན་གྱི་ལོ་རེའི་བེ་ཤ་དང་པོ་ཐོན་ཡུལ་ཞེས་པའི་མིང་བྱང་དེ་སྔར་བས་འོད་འཚེར་དགོས་པ། སྣ་མང་ཅན་གྱི་མི་རིགས་རིག་གནས་ལ་བརྟེན་ནས་གྲོང་གསེབ་ཡུལ་སྐོར་སྐུལ་སློང་བྱས་ཏེ་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱས་ནས་ནུས་ཚད་ཆེན་པོ་ཐོན་དུ་འཇུག་དགོས་བཅས་ཀྱི་འཆར་གཞི་བཏབ་ཡོད་པ་དང་། གྲོང་ཚོའི་ས་གཤིས་གནོད་འཚེའི་སྡོད་ཁང་དང་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་སྔ་ཙམ་ཐག་གཅོད་བྱས་ནས་གྲོང་མི་རྣམས་སེམས་བདེ་ཡོང་བར་རེ་སྒུག་བྱེད་བཞིན་ཡོད།  

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་དམངས་ཆེན་འཐུས་མི་ལི་ཅི་ལུང་གིས་སྙན་ཞུའི་སྐོར་གླེང་སྐབས་རེ་སྒུག་གིས་ཁེངས་ཤིང་། སྙན་ཞུ་དེ་དངོས་གནས་ཡག་པོ་འདུག་ཅེས་ཐད་ཀར་བཤད། གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁོང་གིས་རེ་སྒུག་གསུམ་བཤད་པ་སྟེ། གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་དུ་རྒྱུན་མཐུད་ངང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སྲ་བརྟན་དུ་གཏོང་བ་དང་། ཐུན་མོང་དཔལ་འབྱོར་དང་ཁྱད་ཆོས་ལྡན་པའི་ཞིང་ལས་དང་ཡུལ་སྐོར་ཐོན་ལས་སྐུལ་སློང་བྱས་ཏེ་གྲོང་མི་ཚོའི་ཡོང་འབབ་འཕར་བ་དང་བརྟན་པོའི་ངང་ཐུན་མོང་ཕྱུག་པོར་བསྐྱོད་པ། བདེ་ཆེན་གྱི་སྐྱེ་ཁམས་ཀྱི་ནོར་བུ་ས་ཆ་སྲུང་སྐྱོང་ཡག་པོ་དང་། སྐྱེ་ཁམས་དམིགས་སུ་བཀར་བའི་འདུ་ཤེས་བརྟན་སྲུང་། སྐྱེ་ཁམས་ཀྱི་རིན་ཐང་བསྒྱུར་བའི་ཐབས་ལམ་འཚོལ་ཞིབ་བཅས་བྱས་ཏེ་རི་སྔོན་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་ཅེས་པ་ལག་ལེན་བསྟར་ནས་ཕན་འབྲས་ཐོན་དུ་འཇུག་པ། སློབ་གསོ་དང་སྨན་བཅོས་ཀྱི་ཞབས་ཞུ་སྔར་ལས་ལེགས་པ་དང་སྔར་ལས་སྙོམས་པ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་སེམས་མཐུན་གཞོགས་འདེགས་དང་ལག་གདང་སྦྲེལ་ནས་མཉམ་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།

  ལོ་ཤས་རིང་བདེ་ཆེན་གྱི་ལས་དོན་ཁག་ལ་མངོན་མཚན་ཆེ་བའི་ལན་སྤྲད་ཡོད། ལྷག་པར་དུ་གྲོང་གསེབ་དར་རྒྱས་གཏོང་བའི་ཐད་འགྱུར་ལྡོག་ནི་ང་ཚོ་མི་སེར་གྱི་མིག་མདུན་དུ་མཐོང་ཐུབ་པ་དང་རེག་ཐུབ་ཀྱི་ཡོད། གཞི་རིམ་དུ་ལོག་རྗེས་ངས་རང་ཉིད་ཀྱི་ལས་གཏོད་ཀྱི་རྣམ་གྲངས་ལ་གཞི་ཚུགས་ནས་ཡུལ་མི་རྣམས་ཁྲིད་དེ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལ་ཁྱད་ཆོས་བཟོས་ནས་ཁྲོམ་ར་ལས་སྒྲོལ་དགོས། ད་དུང་མང་ཚོགས་ཀྱི་ཁྲོད་དུ་མང་ཙམ་འགྲོ་ནས་ཚང་མའི་སེམས་ཁྲལ་བྱེད་པ་དང་རེ་སྒུག་བྱེད་པ་བཅས་ཀྱི་དོན་དག་ཡིད་ལ་བཟུང་ཞིང་དོན་དངོས་སུ་བརྒྱུད་བསྒྲགས་བྱས་ཏེ་སྲིད་གཞུང་དང་མང་ཚོགས་བར་གྱི་སྦྲེལ་ཐག་ཡག་པོ་ཞིག་བྱེད་དགོས་ཞེས་འཇོལ་རྫོང་གི་དམངས་ཆེན་འཐུས་མི་ཨ་ཆེན་མས་ངར་ཤུགས་ཀྱིས་ཁེངས་པའི་སྒོ་ནས་མྱོང་ཚོར་ཟབ་མོས་བཤད། 

བདེ་ཆེན་གྱི་འཕེལ་རྒྱས་འགྲུལ་བཞུད་ནི་“ལོ་ལྔ་ཚན་བཅུ་བཞི་པ་”མཇུག་བསྡུ་བའི་མཛད་སྒོའི་ཁྲོད་སྟོབས་ཤུགས་བསགས་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཚུགས་པའི་ཁྲོད་ངར་ཤུགས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། འཐུས་མི་ཚོའི་སེམས་གཏམ་ནི་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཐུན་མོང་ཐོག་རེ་སྒུག་བྱེད་པ་ཞིག་ཡིན་ལ། བདེ་ཆེན་གྱིས་འབད་བརྩོན་བྱས་ནས་མདུན་སྐྱོད་བྱེད་པའི་ཟད་མཐའ་མེད་པའི་སྒུལ་ཤུགས་ཀྱང་ཡིན། ད་ཆ་འཕེལ་རྒྱས་ཀྱི་འབོད་སྒྲ་གྲགས་ཟིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་རང་མདངས་སྔར་བས་མངོན་གསལ་དོད་དུ་ཕྱིན་པ། གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ལམ་སྔར་བས་གསལ་བ། དམངས་འཚོ་འགན་སྲུང་གི་དྲ་རྒྱ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་བགྲོད་ལམ་ཐོག་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐེངས་འདིའི་ཚོགས་ཆེན་འགོ་ཚུགས་ས་གསར་པར་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་དམ་འཛིན་དངོས་བསྒྲུབ་བྱས་ཏེ་ཨར་ལས་དཔེ་རིས་དེ་ཡུལ་ལྗོངས་དངོས་ཀྱི་རི་མོ་རུ་གྱུར་ནས་མཐོ་སྒང་གི་ས་གཞི་ཆེན་མོར་སྐྱེ་སྟོབས་ཀྱི་དཔལ་འབར་ནས་བློ་སེམས་གཅིག་སྒྲིལ་གྱིས་ཕུགས་འདུན་སྐྲུན་པའི་འགྲུལ་བཞུད་ཁྲོད་བདེ་ཆེན་གྱི་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་འབྲི་རྒྱུ་རེད།

责任编辑:江初卓玛 万玛措

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

མཐོ་སྒང་གི་ལེའུ་གསར་པ་བྲིས། བློ་སེམས་གཅིག་མཐུན་གྱིས་རྒྱང་རིང་ལ་བསྐྱོད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས་པའི་ཟུར་བྲིས།

གྲོས་གཞི་སྒྲུབ་ཚད་100%ཟིན་ནས་བློ་ཡིད་ཚིམ་ཚད་96.6%ཟིན་པ་དང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་གཉེར་སྒྲུབ་ལ་ཕན་འབྲས་ཐོབ་པ།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་སྒྲུབ་པར་གྲུབ་འབྲས་མངོན་གསལ་ཐོབ།ཨུ་ཡོན་བློ་ཡིད་ཚིམ་ཚད་100%ཟིན།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན། (དང་པོ།)

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་སེམས་ཀྱི་ཉི་ཟླ་ནས་འགོ་ཚུགས།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་མགོ་བརྩམས།

མདོ་འཛིན་པས་ཁུལ་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་སྐོར་བཤད།

བདེ་ཆེན་གྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་2026ལོའི་ཁུལ་རིམ་་་་་་

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com