ཁུལ་ཨུས་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་གློག་བརྙན་《དབྱང་ཧྲན་ཀྲོའུ་》གཅིག་སྡུད་ཐོག་བལྟས་ཏེ་མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྣེ་ཁྲིད་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལེའུ་གསར་པ་བྲིས།
ཟླ་5ཚེས་7ཉིན། ཁུལ་ཨུས་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་གློག་བརྙན《དབྱང་ཧྲན་ཀྲོའུ་》གཅིག་སྡུད་ཐོག་བལྟས་པ།བློ་མཐུན་དབྱང་ཧྲན་ཀྲོའུ་ཡི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་དར་སྤེལ་གཏོང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད།ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་སྒྲིག་ལྟར། ཟླ་5པའི་ཚེས་7ཉིན།ཁུལ་ཨུས་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་གློག་བརྙན་《དབྱང་ཧྲན་ཀྲོའུ་》གཅིག་སྡུད་ཐོག་བལྟས་ནས་བློ་མཐུན་དབྱང་ཧྲན་ཀྲོའུ་ཡི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་དར་སྤེལ་གཏོང་། སྔོན་ཐོན་གྱི་དཔེ་མཚོན་མེ་ལོང་དུ་འཛིན་ཏེ།མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྣེ་ཁྲིད་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལེའུ་གསར་པ་བྲིས། ཁུལ་ཨུས་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་གློག་བརྙན་《དབྱང་ཧྲན་ཀྲོའུ་》གཅིག་སྡུད་ཐོག་བལྟས་ནས། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གློག་བརྙན་བལྟས་ཚར་རྗེས་གསུང་བཤད་གནང་།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གློག་བརྙན་བལྟས་ཚར་རྗེས་གསུང་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ཀྲང་ཝེ་ཏུང་གིས་གཙོ་སྐྱོང་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བཅས་གློག་བརྙན་གཅིག་སྡུད་ཐོག་བལྟས།
ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་སྐབས།ཡང་དག་པའི་འཇིག་རྟེན་ལྟ་བར་བརྟེན་ནས་རང་ཚུགས་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་ཕུགས་བསམ་དང་དད་སེམས་བརྟན་པོ་གཏོང་བ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་བརྟེན་ནས་རིག་པར་དྲག་ཆས་སྤྲས་པ་དང་ལག་ལེན་མཛུབ་ཁྲིད་བྱེད་པ།ལས་དོན་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ།ཐོག་མཐའ་བར་གསུམ་དུ་ཏང་མིས་ཏང་ལ་དགའ་ཞེན་བྱེད་པ་དང་ཏང་མིས་ཏང་གི་སྐད་ཆ་ཤོད་པ།ཏང་མིས་ཏང་ལ་སེམས་ཁྲལ་བྱེད་པ།ཏང་མིས་ཏང་ལ་བྱ་གཞག་སྒྲུབ་ཐུབ་བྱས་ནས།བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་བརྟན་པོ་བྱེད་པ་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བསྒྲུབ་དགོས།ཡང་དག་པའི་དབང་ཆའི་ལྟ་བར་བརྟེན་ནས་དབང་ཆ་སྤྱོད་པ་དང་ཐོག་མཐའ་བར་གསུམ་དུ་རང་སེམས་གཞུང་དོན་སྒྲུབ་པ། དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་ནན་སྲུང་བྱས་ནས། དབང་ཆ་སྤྱོད་པར་ནན་མོ་བྱེད་པ་དང་རང་གཅུན་ནན་པོ་བཟུང་པ།སྤྱོད་གཙང་སྲིད་སྐྱོང་བཅས་བྱེད་དགོས།ཡང་དག་པའི་བྱ་གཞག་ལྟ་བར་བརྟེན་ནས་ལས་དོན་སྒྲུབ་པ་དང་ཐོག་མཐའ་བར་གསུམ་དུ་ནུས་ཤུགས་ཡོད་རྒུས་ལས་དོན་ཡག་པོ་སྒྲུབ་པ།ཞིང་ཨུས་བཏོན་པའི་སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་“བཅུ་མཐོ་རུ་གཏོང་བའི་”བླང་བྱ་སྣེ་ཁྲིད་དོན་འཁྱོལ་བྱེད།“ཨར་ལས་རུ་དཔོན་”ཡག་པོ་བྱེད་ནས།བརྟན་ལྷིང་དང་འཕེལ་རྒྱས།སྣོད་བཅུད།མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞིའི་ཐད་འབད་བརྩོན་བྱས་ཏེ།ལག་ལེན་དང་མི་དམངས།ལོ་རྒྱུས་བཅས་ཀྱིས་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་སྐྲུན་ཧུར་ཐག་བྱེད་དགོས། ཡང་དག་པའི་མང་ཚོགས་ཀྱི་ལྟ་བར་བརྟེན་ནས་མི་ཞིག་བྱེད་པ་དང་ཐོག་མཐའ་བར་གསུམ་དུ་སྤྱི་ཞབས་པའི་རང་གཤིས་རྒྱུན་འཁྱོངས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་ཡིད་ཚིམ་མིན་དང་ཁས་ལེན་བྱེད་མིན་བཅས་ལས་དོན་མཐའ་དག་བསྡུར་ཞིབ་བྱེད་པའི་ཚད་གཞིར་བརྩི་བ།སྤྱིར་བཏང་ལྟ་བུའི་དམངས་འཚོའི་དོན་དག་ཆུང་ཆུང་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་སྒྲུབ་པ།དངོས་སྒྲུབ་ཕན་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་ཟབ་ཏུ་གཏོང་དགོས་ཞེས་ནན་གསུང་གནང་།
ལུའོ་ཁྲའོ་ཧྥེང་གིས་མིག་སྔའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་ནས།སྐོར་ཞིབ་སོགས་ཕྱིར་ལན་གནད་དོན་སྣ་ཚོགས་དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་དགོས།དུས་ཚོད་མཚམས་ཚིགས་ལ་དམ་པོར་དམིགས་ནས།“མགྱོགས་ཐུབ་ན་མགྱོགས་སུ་གཏོང་བའི”རྩ་དོན་ལྟར།ལས་ཡུན་བཙན་སྐུལ་བྱེད་པ་དང་རྩིས་ཐོའི་སྐུལ་འདེད་བཏང་བ།ཚུར་ལན་གནད་དོན་དུས་བཀག་ལྟར་ལེགས་བཅོས་གནད་འཁེལ་བྱས་པ།ལེགས་བཅོས་མཐར་ཕྱིན་བྱེད་པར་འགན་ལེན་བྱེད་དགོས་པ།སློབ་སྦྱོང་དང་སློབ་གསོའི་གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སློབ་སྦྱོང་བགྲོ་གླེང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། གནད་དོན་ཕྱོགས་ཡོངས་ནས་ཞིབ་བཤེར་གཏིང་ཟབ་བྱེད་པ།གོང་འོག་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།དག་ཐེར་བཅོས་སྐྱོང་དམ་འཛིན་ནན་པོ་བྱེད་དགོས།ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་དང་གོ་རིམ་ལྡན་པའི་འགན་ལེན་བྱས་ཏེ།བརྟན་སྲུང་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས།བདེ་འཇགས་ཐོན་སྐྱེད་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་འབྲུབ་འགོག་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ། བདེ་འཇགས་སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན།
ཁུལ་ཨུའི་རྒྱུན་ཨུ།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན།ཁུལ་སྲིད་གཞུང་།ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཁུལ་རིམ་པའི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ།གསར་དུ་གོ་གནས་སྤར་བའི་ལས་བྱེད་པ་དང་ན་གཞོན་ལས་བྱེད་པ།ལས་འཁྱུར་ངལ་གསོའི་ལས་བྱེད་པ་རྒན་གྲས་འཐུས་མི་སོགས་བྱེད་སྒོ་ནང་ཞུགས།
责任编辑:卓玛央初
- བདེ་ཆེན་གསར་འགྱུར།
ཁུལ་ཨུས་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་གློག་བརྙན་《དབྱང་ཧྲན་ཀྲོའུ་》གཅིག་སྡུད་ཐོག་བལྟས་ཏེ་མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྣེ་ཁྲིད་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལེའུ་གསར་པ་བྲིས།
ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཁུལ་སྲིད་གཞུང་གིས་རྒྱུན་དོན་གྲོས་ཚོགས་ཐེངས་85པ་འཚོགས།
ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་འགོད་ཀྱི་འགུལ་རྣམ་སྲུང་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108