དུས་ཚིགས་དང་པོར་རང་རྒྱལ་གྱི་ལས་རིགས་ཡོངས་ཀྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་དུས་མཚུངས་ལས་5.4%འཕར་བ།
ཚོང་དོན་པུའུ་དང་རྒྱལ་ཁབ་ཕྱི་དངུལ་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་ལས་རིགས་ཡོངས་ཀྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་སྒོར་དུང་ཕྱུར་3094.5བྱས་པ་དེ་དུས་མཚུངས་ལས་5.4%འཕར་ཡོད་པ་རེད། དེའི་ནང་རང་རྒྱལ་མངའ་ཁོངས་ནང་གི་མ་འཇོག་བྱེད་མཁན་གྱིས་རྒྱལ་ཁབ་དང་ས་ཁུལ་140ཡི་མངའ་ཁོངས་ཕྱིའི་ཁེ་ལས་4111ལ་དངུལ་རྩ་མིན་པའི་རིགས་ཀྱི་ཐད་ཀའི་མ་འཇོག་བྱས་པ་དང་རིམ་རྩིས་བརྒྱབ་ན་མ་འཇོག་སྒོར་དུང་ཕྱུར་2328.6བྱས་ཡོད་པ་རེད། དུས་ཚིགས་དང་པོར། རང་རྒྱལ་གྱིས་ཕྱི་ཕྱོགས་ནས་འགན་གཙང་བླངས་པའི་ལས་གྲྭའི་ལས་སྒོའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་2593.5ཟིན་པ་དེ་དུས་མཚུངས་ལས་5.7%འཕར་བ་དང་གསར་དུ་མིང་རྟགས་བཀོད་པའི་གན་རྒྱར་སྒོར་དུང་ཕྱུར་3853ཟིན་ཡོད་པ་རེད།
དུས་ཚིགས་དང་པོར་རང་རྒྱལ་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། རྒྱལ་ཁབ་ཏུ་དངུལ་རྩ་མིན་པའི་རིགས་ཀྱི་ཐད་ཀའི་མ་དངུལ་སྒོར་དུང་ཕྱུར་612.7བཏང་ཡོད། ཕྱི་ཕྱོགས་སུ་ལས་གྲྭ་འགན་གཙང་ལེན་པའི་ཐད་རང་རྒྱལ་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ལས་གྲྭ་འགན་གཙང་ལེན་པའི་གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་3485.1ཟིན་ཏེ་དུས་མཚུངས་ལས་2.4%འཕར་བ་དང་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་2186.9བྱུང་ནས་10%འཕར་ཡོད་པ་རེད།
དུས་ཚིགས་དང་པོར། རང་རྒྱལ་ཁེ་ལས་ཀྱིས་མངའ་ཁོངས་ཕྱིར་རིགས་ཁག་གི་ངལ་ལས་མི་སྣ་ཁྲི་9.6མངགས་གཏོང་བྱས་པའི་ནང་འགན་གཙང་བླངས་པའི་ལས་གྲྭར་མི་ཁྲི་3དང་ངལ་ལས་མཉམ་ལས་རྣམ་གྲངས་ལ་མི་ཁྲི་6.6མངགས་གཏོང་བྱས་ཡོད་པ་རེད།
责任编辑:卓玛央初
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།
ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།
ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།
མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།
ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།
བདེ་ཆེན་ཁུལ་གྱི་ཞོག་ཁོག་སྣ་ཁ་གསར་པ་“སེམས་ཀྱི་ཉི་ཟླ་ཞོག་ཁོག་3301”ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ།
བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།
ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108