ཁྲུན་ཧྭས་ཁབ་སྐུད་གཅིག་གིས་གྲོང་གསེབ་དར་རྒྱས་གྱི་ལམ་བུ་འཚེམ་དྲུབ་བྱས།
རྫ་ཆུའི་འགྲམ་དུ་འཚེམ་འཁོར་གྱི་སྒྲ་དང་ཁབ་སྐུད་ཀྱི་སྒྲ་འདྲེས་ནས་མི་སེམས་འགུལ་བའི་ངལ་རྩོལ་གྱི་རོལ་དབྱངས་ལེ་ཚན་ཞིག་ཏུ་གྱུར་ཡོད།བོད་རིགས་བུད་མེད་ཅིག་གིས་ལག་ཟུང་དང་བློ་གྲོས་ལ་བརྟེན་ནས་ཁབ་སྐུད་གཅིག་གི་"མཛུབ་རྩེའི་ལག་རྩལ་"དེ་ཡུལ་མི་ཚོ་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་པའི་"མཛུབ་རྩེའི་དཔལ་འབྱོར་"དུ་འགྱུར་བ་བྱས་ནས་མི་སྒེར་གྱི་ཕུགས་འདུན་ནས་གྲོང་གསེབ་དར་རྒྱས་ཀྱི་ཕྱོགས་སུ་སྐྱོད་པའི་མཛེས་སྡུག་ལྡན་པའི་ལམ་བུ་ཞིག་བཏོད་ཡོད། ཁོང་ནི་བདེ་ཆེན་བསམ་གྲུབ་མི་རིགས་གྱོན་ཆས་གསར་སྤེལ་ཚད་ཡོད་ཀུང་སིའི་གསར་གཏོད་པ་ཁྲུན་ཧྭ་ཡིན་པ།
ཁྲུན་ཧྭ་རྫ་ཆུའི་འགྲམ་གྱི་གྲོང་ཚོ་ནས་སྐྱེས་པ།རྨོ་བོ་དང་ཨ་མ་གཉིས་ཀ་ས་གནས་དེ་གའི་སྐད་གྲགས་ཡོད་པའི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་པ་ཞིག་ཡིན་པ་དང་བོད་ཆས་ཀྱི་དྲས་གཏུབ་དང་རི་མོའི་འཚེམ་དྲུབ་ནས་རྒྱན་ཆ་སྡེབ་སྒྲིག་བྱེད་པའི་བར་ཉིན་རེ་ནས་ཉིན་རེར་མིག་འདྲིས་རྣར་འཇགས་སུ་གྱུར་ནས་མི་རིགས་གྱོན་ཆས་ཀྱི་རིག་གནས་རྒྱུད་རྒྱུ་དེ་སྔ་ནས་ཁོ་མོའི་ཁྲག་རྒྱུན་ནང་འདྲེས་ཡོད།
ཁྲུན་ཧྭས་ཐོག་མཐའ་བར་གསུམ་དུ་དྲང་སྲུང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བོད་ཆས་རིག་གནས་ཀྱི་ནང་སྙིང་བརྟན་པོ་སྲུང་བ་དང་གསུང་རབ་ཀྱི་རི་མོ་དང་སྲོལ་རྒྱུན་གྱི་དྲས་གཏུབ་དང་མི་རིགས་ཀྱི་ཁྱད་ཆོས་ཆ་ཚང་སོར་འཇོག་བྱས་ཡོད་ལ་བློ་ཁོག་ཆེན་པོས་བཟོ་དབྱིབས་ཀྱི་འཆིང་རྒྱ་ལས་སྒྲོལ་བ་དང་ཉག་ཉོག་ཆེ་བའི་རྒྱན་སྤྲས་སྟབས་བདེ་རུ་གཏོང་བ་དང་རས་རྒྱུ་སྤུས་ལེགས་སུ་གཏོང་བ་དང་གྱོན་ཆས་ཀྱི་པར་དབྱིབས་ལེགས་སྒྲིག་བྱས་ནས་སྲོལ་རྒྱུན་གྱི་བོད་ཆས་མཐུག་པོ་དེ་སྟབས་བདེ་ལ་སྐྱིད་སྣང་དོད་པ་དང་བརྒྱ་སྒྲིག་སྤྱོད་གོ་ཆོད་པ་ཞིག་ཏུ་འགྱུར་བ་བྱས་ཏེ་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཐོག་གཟབ་ནན་ངང་སྟོན་ཐུབ་ལ་རྒྱུན་གཏན་གྱི་ཕྱིར་སྐྱོད་ཁྲོད་རང་ཤུགས་སུ་གྱོན་ཐུབ་ཏུ་འགྱུར།

“ཁབ་སྐུད་གཅིག་གིས་མེ་ཏོག་མཉམ་བཞད་ལ་འཚེམ་དྲུབ་བྱེད་མི་ཐུབ་པ་དང་མི་གཅིག་ཕྱུག་པོར་ཆགས་པ་དེས་གྲོང་ཚོ་ཡོངས་ཀྱི་དར་རྒྱས་ལ་སྣེ་ཁྲིད་བྱེད་མི་ཐུབ།”རང་ཡུལ་དུ་གཞིས་ཚུགས་པའི་ཁྲུན་ཧྭས་ཐོག་མཐའ་བར་གསུམ་དུ་ཡུལ་མིའི་བདེ་སྡུག་སེམས་ནང་འཇོག་པ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་དུ་བརྩི་ཡོད།
དེ་སྔ་ཁོང་གནས་སའི་གྲོང་ཚོ་དེ་ཐག་རིང་ལུང་ཁུག་ཏུ་གནས་པ་དང་ཐོན་ལས་རྐྱང་པ་ཡིན་པའི་རྐྱེན་གྱིས་ངལ་རྩོལ་པ་མི་ཉུང་བ་ཞིག་ཕྱིར་གླ་པར་འགྲོ་བས། རྒན་རྒོན་དང་ཕྲུ་གུ་ཁྱིམ་དུ་ལུས་བའི་ཁྱིམ་ཚང་མཐོང་དུས། ཁྲུན་ཧྭའི་སེམས་ནང་སྐྱོ་སྣང་གིས་ཁེངས་ཡོད། ཁོང་གིས་ཡུལ་མི་ཚོ་ཐག་རིང་དུ་མ་བསྐྱོད་པར་ཁྱིམ་ཚང་སྲུང་སྐྱོང་དང་རིན་ཐང་མངོན་འགྱུར་ཐུབ་རྒྱུའི་སེམས་ཐག་བཅད་པ་རེད།
ཁྲུན་ཧྭའི་ལས་གཏོད་ལམ་བུ་ནི་མི་སྒེར་གྱི་བརྩེ་སེམས་ནས་འགོ་བཙུགས་ཏེ་མཐར་གྲོང་གསེབ་དར་རྒྱས་ཀྱི་རླབས་ཆེན་བྱ་གཞག་ནང་མཉམ་འདྲེས་ཐུབ་པའི་ལག་ལེན་གྱི་ལམ་བུ་ཞིག་རེད། ཁོ་མོས་ཁབ་གཅིག་དང་སྐུད་པ་གཅིག་འགོ་འཛུགས་སར་བྱས་ཏེ་ཐར་ཐོར་དུ་ལུས་པའི་ལག་རྩལ་དང་། གཞིས་སྲུང་བུད་མེད། ལྷིང་འཇགས་ཀྱི་གྲོང་ཚོ་བཅས་སྦྲེལ་ནས་ཐོན་ལས་དར་རྒྱས་དང་། རིག་གནས་དར་རྒྱས། ཁྱིམ་མཚེས་འཆམ་མཐུན་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་འཐག་པ་རེད།འགན་འཁུར་རྩོམ་སྒྲིག་པ།:卓玛央初
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108