སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཁུལ་ཡོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས།

ཟླ་5པའི་ཚེས་8ཉིན།སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཁུལ་ཡོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས།ཏང་ཀྲུང་དབྱང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སྐོར་ཐབས་ཇུས་བཀོད་སྒྲིག་བྱས་པ་དང་ཞིང་ཨུའི་ལས་ཀའི་བླང་བྱ་དོན་འཁྱོལ་གཏིང་ཟབ་བྱས།ཉེན་བརྡའི་སློབ་གསོ་སྤེལ་ནས།སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་སྟེ།རང་ཁུལ་གྱི“ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཚུགས་རྒྱུར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཡན་ལན།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་བཅས་ཚོགས་འདུ་ནང་ཞུགས།ཁུལ་ཨུའི་རྒྱུན་ཨུ།ཁུལ་སྒྲིག་ཨུའི་ཧྲུའུ་ཅི།ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲུའུ་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག་ཉེན་བརྡའི་སློབ་གསོའི་གློག་བརྙན་གཅིག་སྡུད་ཐོག་བལྟས་པ་དང་ཉེ་བའི་ལོ་ཤས་རིང་ཞིབ་བཤེར་ཐག་གཅོད་བྱས་པའི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་གཏིང་ཟབ་བྱས།ཉེ་འཁོར་གྱི་དོན་དག་ལ་བརྟེན་ནས་ཉེ་འཁོར་གྱི་མི་རྣམས་ལ་སློབ་གསོ་བཏང་བ་དང་ཏང་ཡོན་ལས་བྱེད་པ་རྣམས་རང་སྐྱོན་རང་བརྟག་བྱེད་པར་ཁྲིད་སྟོན་བྱས་ནས།སེམས་གཏིང་ནས་སློབ་གསོ་ཐོབ་པ་དང་སེམས་འགུལ་ཐེབས་པ། ཉེན་བརྡ་ཐེབས་པ་བཅས་བྱས་ཡོད།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། གྱོད་དོན་མེ་ལོང་དུ་བཟུང་ནས་ཏང་ཡོན་ལས་བྱེད་པས་བྱ་བ་སྒྲུབ་ཤེས་པ་དང་བྱ་བ་སྒྲུབ་ཐུབ་པ།དོན་རྐྱེན་མ་བྱུང་བཅས་ལ་སྐུལ་འདེད་གཏོང་དགོས།རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་སྤྱི་དོན་དུ་ཏང་འཛུགས་པར་མཐའ་འཁྱོངས་བྱས་པ་དང་སྒེར་སེམས་སྣ་ཚོགས་དོར་བ།“སྤྱི་”དང“སྒེར་”གཉིས་ཀྱི་དབྱེ་མཚམས་གསལ་པོ་འབྱེད་པ།རང་ཉིད་ཀྱི་ཐོབ་ཐང་ཨང་དང་པོ་ནི་གུང་ཁྲན་ཏང་ཡོན་ཡིན་པ་བློ་ལ་བརྟན་པོར་ངེས་པ།ཏང་ལ་བློ་དཀར་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ།ས་ཁོངས་ཤིག་ལ་གཟི་བརྗིད་འཕེལ་བར་འབད་བརྩོན་བྱས་ནས།ཁྱོན་ཡོངས་ལ་སྔར་བས་གཟི་བརྗིད་སྦྱིན་གང་ཐུབ་བྱེད་དགོས།དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་མཐའ་འཁྱོངས་བྱེད་པ་དང་དམངས་ལ་ཁེ་ཕན་བརྩོན་ལེན་གཏན་འགོག་བྱེད་པ།མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་ལངས་པ།སྤྱི་ཞབས་པའི་འདུ་ཤེས་དང་དམངས་དོན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ།དུས་རབས་གསར་པའི་ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་ཡག་པོ་བསྐྱོད་པ།ལས་དོན་དེ་བས་ས་ཐོག་དང་འབྲེལ་བ།དམངས་སེམས་དེ་བས་ཐོབ་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།ཚན་རིག་དང་མཐུན་པའི་ཐབས་ཇུས་མཐའ་འཁྱོངས་དང་དབང་ཆ་རང་དགར་སྤྱོད་པར་སྔོན་འགོག་བྱེད་པ།དམངས་གཙོ་གཅིག་སྡུད་ལམ་ལུགས་དང“གལ་ཆེན་གསུམ་དང་ཆེ་གྲས་གཅིག”སོགས་ཐབས་ཇུས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ།དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ།བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ།ཚན་རིག་དང་མཐུན་པའི་ཐབས་ཇུས་རྒྱུན་ཆད་མེད་པར་མཐོར་གཏོང་།དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱེད་པ་དང་དཀའ་ངལ་ལ་སྐྲག་ནས་འགན་འཁྲི་ལས་གཡོལ་མི་རུང་།རྨང་གཞི་འདིང་བ་དང་།ཕུགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབ་དགོས།
ལུའོ་ཁྲའོ་ཧྥེང་གིས་བྱང་བྱ་བཏོན་དོན། ཡུན་རིང་བྱས་རྗེས་འཇོག་པའི་སྙིང་རུས་ལ་བརྟེན་ནས་སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས།ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་བཏང་ནས་“སྲུང་སྐྱོང་བྱ་སྤྱོད་”“སྣེ་ཁྲིད་བྱ་སྤྱོད་”“སྐུལ་ལྕག་བྱ་སྤྱོད་”མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་དགོས།སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེར་སྐུལ་འདེད་བཏང་ནས་“ཆུ་རགས་བརྟན་གཏོང་བྱ་སྤྱོད་”དང“སེམས་དྲོད་བྱ་སྤྱོད་”རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།“རུལ་སུངས་མི་ཡོང་བ་གསུམ”གཞི་གཅིག་ཏུ་ཇུས་འགོད་བྱས་པར་སྐུལ་འདེད་བཏང་ནས་“ཐོག་རྒོད་བྱ་སྤྱོད”“འབྱུང་ཁུངས་གཙང་སེལ་བྱ་སྤྱོད་”“ཉི་འོད་བྱ་སྤྱོད་”“རྨང་གཞི་བརྟན་གཏོང་བྱ་སྤྱོད་”བཅས་ལག་བསྟར་དོན་འཁྱོལ་བྱེད་དགོས།མང་ཚོགས་ཀྱི་ཉེ་འཁོར་དུ་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྐྱོང་ཏན་ཏིག་བྱེད་པ་དང་ཀྲུང་དབྱང་གི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ།སྒོ་ཕྱེ་ནས་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ།བཅོས་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་དང་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས།སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་གྱི་ཕྱོགས་ཁག་གི་འགན་འཁྲི་ཏན་ཏིག་ཏུ་བཏང་ནས།རིམ་པ་ཁག་གི་ཏང་ཨུ་དང་ཏང་ཙུའུ་ཡིས་འགན་འཁྲི་འཁུར་བ་དང་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ།འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུག་ཆེ་ཤོས་དང་མང་ཚོགས་ཀྱིས་རེ་སྒུག་ཆེ་ཤོས་བྱེད་པའི་གནད་དོན་ཐག་གཅོད་གང་ཐུབ་བྱས་ནས། འཕེལ་རྒྱས་དང་རུལ་སུངས་ལ་ངོ་རྒོལ། དམངས་ཕན་བཅས་ཕན་ཚུན་སྐུལ་འདེད་གཏོང་དགོས།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར།འཇོལ་རྫོང་།ཁུལ་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཏང་ཨུ་བཅས་ཀྱིས་རྣམ་འགྱུར་གསལ་སྟོན་གནང་བ་རེད། ཚོགས་འདུ་འདི་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)ཁག་དང་ཐོན་ལས་གླིང་ཁུལ། ཤང་(གྲོང་རྡལ་)ཁག་བཅས་སུ་འཚོགས་པ་རེད།
- བདེ་ཆེན་གསར་འགྱུར།
སྤྱོད་གཙང་ཡུན་ནན་བདེ་ཆེན་འཛུགས་སྐྲུན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཁུལ་ཡོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས།
ཁྲུན་ཧྭས་ཁབ་སྐུད་གཅིག་གིས་གྲོང་གསེབ་དར་རྒྱས་གྱི་ལམ་བུ་འཚེམ་དྲུབ་བྱས།
ཁུལ་ཨུས་འགོ་ཁྲིད་ལས་བྱེད་པ་རྩ་འཛུགས་བྱས་ནས་གློག་བརྙན་《དབྱང་ཧྲན་ཀྲོའུ་》གཅིག་སྡུད་ཐོག་བལྟས་ཏེ་མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྣེ་ཁྲིད་བྱས་ནས་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལེའུ་གསར་པ་བྲིས།
ཁུལ་ཨུས་ཕྱི་འབྲེལ་ལས་དོན་ཨུ་ལྷན་གྱི་ཚང་འཛོམས་(རྒྱས་འཛོམས་)གྲོས་ཚོགས་འཚོགས།
ཀུ་ཀུ་ཤ་མོ་བཏབས་ནས་གྲོང་མི་ཚོའི་ཕྱུག་འགྱུར་གྱི་ཕུགས་འདུན་བསྐྲུན།
རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་ཚུན་ཅིན་ཚན།
ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་ཐེངས་80པ་འཚོགས་པ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འབའ་ལུང་རྫོང་གི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་ཚོགས་འདུ་འཚོགས་ནས། ཡིད་ཆེས་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱིས་འབའ་ལུང་གི་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་གྱིས་བསྟན།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108