ཡུན་ནན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པ་བདེ་བླག་ངང་མཇུག་སྒྲིལ། བདེ་ཆེན་ཁུལ་འཐུས་མི་ཚོགས་པར་ཁྱོན་བསྡོམས་བྱ་དགའ་50ཐོབ།
མཇུག་སྒྲིལ་མ་ཐག་པའི་ཡུན་ནན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་བདེ་ཆེན་ཁུལ་གྱི་འཐུས་མི་ཚོགས་པས་བྱ་དགའ་ཨང་དང་པོ་10དང་། བྱ་དགའ་ཨང་གཉིས་པ་23། བྱ་དགའ་ཨང་གསུམ་པ་17བཅས་བླངས་ཏེ་ཁྱོན་བསྡོམས་བྱ་དགའ་50ཡི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བ་རེད།
སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་རྒྱང་སྐྱོད་ལམ་བུར་ཕྱིར་མིག་བལྟས་ཚེ། མི་རིགས་ཀྱི་རྟ་རྩལ་རྣམ་གྲངས་ཀྱི་སྲོལ་རྒྱུན་ལེགས་ཆ་མུ་མཐུད་མངོན་གསལ་དོད་དུ་ཕྱིན་ནས། འགྲན་རའི་ཐོག་བྱ་དགའ་ཨང་དང་པོ་5དང་། བྱ་དགའ་ཨང་གཉིས་པ་13། བྱ་དགའ་ཨང་གསུམ་པ་6བཅས་བླངས་པ་རེད། དེའི་ནང་རང་ཁུལ་གྱི་ཐུབ་བསྟན་ཧྲེན་ལུང་ལ་མི་རིགས་རྟ་རྒྱུག་གི་སྨི་3000ཅན་གྱི་མྱུར་ཚད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་མ་ཟད། ད་དུང་མི་རིགས་རྟ་རྒྱུག་གི་སྨི་5000དང་སྨི་8000ཅན་གྱི་མྱུར་ཚད་འགྲན་བསྡུར་ལ་བྱ་དགའ་ཨང་གཉིས་པ་2ཐོབ་པ་དང་། མི་རིགས་རྟ་རྒྱུག་གི་སྨི་5000ཅན་གྱི་མྱུར་ཚད་འགྲན་བསྡུར་ལ་ཡང་བྱ་དགའ་ཨང་གསུམ་པ་1ཐོབ། ཞིང་ཆེན་རིམ་པའི་འགྲན་རའི་ཐོག་ཐེངས་དང་པོ་ལངས་པའི་ཁོང་གིས་སླད་ཕྱིན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་རྩལ་འགྲན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད།


མདའ་འཕེན་འགྲན་རའི་ཐོག་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས། ཟླ་10ཚེས་26ཉིན་བུད་མེད་ཀྱི་ཚད་ལྡན་པུས་མོ་འཛུགས་པའི་འགྲན་བསྡུར་ནང་རང་ཁུལ་གྱི་བདམས་ཐོན་པ་ཡུས་ཆུན་ཀྲི་ཡིས་སྐབས་འདིའི་འགྲན་བསྡུར་ནང་བདེ་ཆེན་ཁུལ་གྱི་འཐུས་མི་ཚོགས་པའི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། འགྲན་བསྡུར་མཇུག་སྒྲིལ་རྗེས་ཡུས་ཆུན་ཀྲིས་“བྱ་དགའ་ཨང་དང་པོ་ཐོབ་པར་ཧ་ཅང་དགའ་བྱུང་། འགྲན་རའི་ཐོག་གི་ཁ་གཏད་ཚང་མ་ཕུལ་བྱུང་ཤ་སྟག་རེད། གོམ་སྟབས་རྗེས་མར་ངས་ཕྱོགས་སྡོམ་ནན་ཏན་དང་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་རང་ཁུལ་གྱི་མདའ་འཕེན་རྣམ་གྲངས་ལ་ཁྱོན་བསྡོམས་བྱ་དགའ་ཨང་དང་པོ་3དང་། བྱ་དགའ་ཨང་གཉིས་པ་6། བྱ་དགའ་ཨང་གསུམ་པ་7བཅས་ཐོབ་ཡོད།


མི་རིགས་ཀྱི་དྲག་རྩལ་རྣམ་གྲངས་ཐོག་མར་བཏོན་པ་དང་། རང་ཁུལ་གྱི་ལུས་རྩལ་པ་ཚོས་ཞིང་ཆེན་ནང་ཁུལ་གྱི་སྟོབས་ཤུགས་ཆེ་བའི་འགྲན་ཟླར་ཁ་གཏད་གཅོག་སྐབས་རུ་མི་ཚོས་བབ་བརླིང་ངང་རྩལ་རྩེད་རྣམ་པ་དང་བྱ་སྤྱོད་ནུས་ལྡན་སྤེལ་ནས་མི་རིགས་དྲག་རྩལ་གྱི་སྙིང་སྟོབས་གང་ལེགས་མངོན་པར་བྱས་ཡོད། རྣམ་གྲངས་དེར་བྱ་དགའ་ཨང་དང་པོ་ཐོབ་མེད་མོད། འོན་ཀྱང་འགྲན་བསྡུར་ནང་ཞུགས་མཁན་ལ་ཚད་བརྒལ་བྱུང་ནས་སྐྱེས་པའི་རིགས་གསུམ་པའི་སྲོལ་རྒྱུན་གྱི་ཁུ་ཚུར་རྩལ་གྱི་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། སྐྱེས་པའི་མཉེན་ཆས་དང་། བུད་མེད་ཀྱི་མཉེན་ཆས། བུད་མེད་མི་གཉིས་སྦྱོང་བརྡར་བཅས་ཀྱིས་བྱ་དགའ་ཨང་གསུམ་པ་3ཐོབ་པའི་གྲུབ་འབྲས་བཟང་པོ་ཐོབ་པ་མ་ཟད། རུ་མི་ཚོས་ཀྱང་འགྲན་བསྡུར་ཆེ་མོའི་ནང་རྩ་ཆེའི་དངོས་འཐབ་ཉམས་མྱོང་བསགས་ཡོད། དེ་དང་ཆབས་ཅིག་མི་རིགས་ལུས་སྦྱོང་ལུས་རྩལ་རང་འདེམས་ཀྱི་ཐབས་ལམ་(ལག་སྟོང)དང་། ཐབས་ལམ་+རང་འདེམས་ཀྱི་ཐབས་ལམ་(ལག་སྟོང)བཅས་ཟུང་དུ་འབྲེལ་བའི་སྤྱིའི་གྲུབ་འབྲས་ལ་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། ལྷམ་ལེབ་འགྲན་བསྡུར་གྱི་རྣམ་གྲངས་ཁྲོད་སྐྱེས་པའི་ལྷམ་ལེབ་གསུམ་གྱི་སྨི་200ཡི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།


རྩལ་འགྲན་འགྲན་རར་མེ་ཏོག་མང་པོ་བཞད་པ་ཕུད། འཁྲབ་སྟོན་རྣམ་གྲངས་ཀྱི་གར་སྟེགས་ཐོག་བདེ་ཆེན་གྱི་ལུས་རྩལ་པས་ཀྱང་ངོ་མཚར་ཆེ་བའི་རྒྱུགས་ཤོག་ཕུལ་ཡོད། ལེ་ཚན་《གངས་ལྗོངས་ཀྱི་ལོ་ལེགས་གླུ་གཞས》དེ་གླུ་གར་ལ་བརྟེན་ནས་བརྩེ་སེམས་མཚོན་པ་དང་། ལུས་རྩལ་ལ་བརྟེན་ནས་བརྩེ་སེམས་མཚོན་པ།མཐོ་སྒང་གི་བུ་ཕྲུག་གིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་གསོན་ཉམས་དོད་པའི་རི་མོ་བཀོད་པ། འཁྲབ་སྟོན་རྣམ་གྲངས་ཀྱི་ཕྱོགས་བསྡུས་རིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་བཅས་རེད། ལེ་ཚན་《བཀྲ་ཤིས་པའི་གངས་ལྗོངས》ཞབས་བྲོ་བརྗིད་ཉམས་ལྡན་པ་དང་། མཐོ་སྒང་གི་བུ་ཕྲུག་གི་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་མཚོན་པ། འགོ་ཚུགས་མཛད་སྒོའི་བཅའ་སྡོད་འཁྲབ་སྟོན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་བཅས་ལས་ཞིང་ཆེན་ཡོངས་ཀྱི་གར་སྟེགས་ཐོག་བདེ་ཆེན་གྱི་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་གང་ལེགས་མངོན་ཡོད།

གྲུབ་འབྲས་འདི་ནི་བདེ་ཆེན་གྱིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། མི་རིགས་ཁག་གི་ལུས་རྩལ་པ་ཚོས་མཉམ་དུ་འགྲན་བསྡུར་བྱས་པ་དང་། སྤེལ་རེས་ཟབ་མོ་བྱེད་ཅིང་། འབད་འཐབ་ཁྲོད་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། འགྲོ་འོང་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་རང་ཁུལ་གྱི་མི་རིགས་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་བ་དང་གསོན་ཤུགས་འཕེལ་བར་བྱེད་ཡོད།
འགན་འཁུར་རྩོམ་སྒྲིག་པ།:达瓦只玛
- བདེ་ཆེན་གསར་འགྱུར།
སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་དངོས་སྒྲུབ་འགན་འཁུར་གྱིས་ལེའུ་གསར་པ་བརྩམས—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (བཞི།)
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་90པ་འཚོགས།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་པ་སྤེལ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་98པ་འཚོགས།
ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།
ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་།
ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108