中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་པ་སྤེལ། 

རྩོམ་པ་པོ་:黄晓丽 陈杰 ཁྱབ་བསྒྲགས་དུས་ཚོད་:2026-11-02 15:24:25
图片

ཟླ་10པའི་ཚེས་30ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་པ་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཤིང་། ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུའི་གྲོང་གསེབ་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས། གྲོས་ཚོགས་ཐོག་རྒྱུན་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “ཞིང་གསུམ”ལས་དོན་ལ་དམ་འཛིན་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཁུལ་ཡོངས་ཀྱི་“ཞིང་གསུམ”ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་། 

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་། ཝུའུ་ཅིན་དང་མ་གོ་ཀྲུང་གིས་སྤེལ་རེས་གཏམ་བཤད་བྱས།

གྲོས་ཚོགས་ཐོག་ནན་གསུང་གནང་དོན། “ཞིང་གསུམ”ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེའི་འཐབ་ཇུས་ངེས་གནས་སྟངས་འཛིན་ནན་པོ་བྱས་ཏེ་བདེ་ཆེན་ཁུལ་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་པ་དང་། གཞི་གཅིག་ཅན་གྱི་སློབ་སྦྱོང་དང་གོ་བ་ལེན་པ། ཀྲུང་དབྱང་དང་། ཞིང་ཨུ། ཁུལ་ཨུ་བཅས་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞི་གཅིག་ཅན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ནས། འབྲུ་རིགས་བདེ་འཇགས་དང་། རྨོ་ཞིང་སྲུང་སྐྱོང་། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་སྔོན་འགོག་བཅས་ཀྱི་མཐའ་ཚད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། 

གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཞིང་ཨུ་དང་ཁུལ་ཨུའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་གཙོ་གནད་འགག་སྒྲོལ་ལ་དོ་སྣང་བྱས་ནས། ཞིང་པར་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་“ཞིང་གསུམ”ལས་དོན་གྱི་འགག་རྩར་བརྩིས་ནས་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས། མཐའ་ཚད་བརྟན་སྲུང་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། རོགས་སྐྱོར་བྱེད་ཐབས་གནད་སྨིན་དོན་འཁྱོལ་བྱས་ཏེ། གོ་རིམ་ལྡན་པའི་ངང་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། ནགས་འོག་དཔལ་འབྱོར་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར། མཐོ་སྒང་གི་ཁྱད་ལྡན་འདེབས་གསོ་བཅས་འཕེལ་རྒྱས་གཏོང་ནས། ཞིང་འབྲེལ་ཞིང་ཁྲིད་ཞིང་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་སྟེ། ཞིང་པའི་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས། ཕྱི་ཕྱོགས་སུ་གནས་སྤོ་དང་ཐག་ཉེ་སར་ལས་ཞུགས་ཐུབ་པར་ཕྱོགས་གཉིས་ནས་ཤུགས་བརྒྱབ་སྟེ་གླ་ཕོགས་རང་བཞིན་གྱི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་གཏོང་བ་དང་། མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་དུས་ཐོག་ཏུ་བགོ་བཤའ་རྒྱག་པ། ས་ཞིང་ནང་བཤུག་གཏོང་བ། བེད་མེད་སྡོད་ཁང་བོགས་མར་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་ཞིང་། དུས་ཐོག་ཏུ་བབ་བསྟུན་ལེགས་སྒྲིག་དང་དུས་ལྟར་གྲངས་ཚང་ངང་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས། རྒྱུན་མཐུད་ངང་“ཁྲི་སྟོང་ལས་གྲྭ”ཡི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ཏེ་གྲོང་གསེབ་ཀྱི་“སྦགས་བཙོག་གཉིས”བཅོས་སྒྲིག་དང་འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་བཅས་བྱས་ནས་འཚོ་སྡོད་དང་ལས་རིགས་དང་འཚམ་པའི་ཞི་བདེ་གྲོང་གསེབ་ཞིག་ཡག་པོ་བསྐྲུན་དགོས།

གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཚན་ཁག་གི་ཁོངས་མིས་ལས་བགོས་གཞིར་བཟུང་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་མདུན་ཕྱོགས་སུ་བཀོད་གཏོང་བྱས་ཏེ་ལས་འགན་ཁག་སྡེ་ཚན་དང་། རྣམ་གྲངས། གྲོང་གསེབ་བཅས་སུ་དོན་འཁྱོལ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱུན་རྣམ་ཅན་གྱི་ཡུལ་དངོས་དང་པོར་བརྟག་ཞིབ་བྱས་ཏེ་གནད་དོན་ཤེས་རྟོགས་དང་། གནད་དོན་ཞིབ་འཇུག གནད་དོན་ཐག་གཅོད་བཅས་བྱེད་དགོས། གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱས་ནས་2025ལོའི་གནད་དོན་ལྡོག་འདྲེན་བྱས་པའི་དག་ཐེར་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ་དང་། 2027ལོའི་ཞིང་འབྲེལ་རོགས་སྐྱོར་མ་དངུལ་གྱི་རྣམ་གྲངས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ། ཞིང་འབྲེལ་མ་དངུལ་དང་རྣམ་གྲངས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལས་རྗེས་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་སྟེ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། 

འགན་འཁུར་རྩོམ་སྒྲིག་པ།:达瓦只玛

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་པ་སྤེལ། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་98པ་འཚོགས། 

ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་།

ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།

ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com