中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

རྩོམ་པ་པོ་:何帝龙 和靖云 ཁྱབ་བསྒྲགས་དུས་ཚོད་:2026-10-30 15:14:20 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་10པའི་ཚེས་29ཉིན། ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།  ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གཟིགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དེ་ནན་ཏན་སྒོས་རྒྱལ་ཡོངས་སྐོར་གཟིགས་ལས་དོན་དང་ཞིང་ཆེན་ཡོངས་ཀྱི་སྐོར་གཟིགས་ལས་དོན་ཚོགས་འདུ།  ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྐོར་ཞིབ་ཀྱི་རལ་གྲི་རྣོན་པོ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་གཏོད་པའི་ཆེད་དུ་འགན་ལེན་སྲ་བརྟན་མཁོ་འདོན་བྱེད་དགོས།

ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་མ་ཟད་སྐུལ་སློང་གསུང་བཤང་གནང་།

ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་ལི་ཡུས་ཆོན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས། 

ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་འགོ་འཛིན་གཞོན་པ་དབྱང་ཁའེ་ཡིས་ཁུལ་ཨུ་སྐབས་བཅུ་པའི་རེས་སྐོར་དང་པོའི་སྐོར་ཞིབ་ཚོ་ཆུང་གི་འགོ་འཛིན་དང་འགོ་འཛིན་གཞོན་པའི་དབང་བཅོལ་འགན་བཞེས་དང་ལས་འགན་བགོ་འགྲེམས་ཀྱི་ཆོད་དོན་ཁྱབ་བསྒྲགས་བྱས།

ཚོགས་འདུའི་ཐོག་བསྟན་དོན། རེས་སྐོར་འདིའི་སྐོར་ཞིབ་ནི་ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོ་ཡིན་ལ། འགོ་ཡག་པོ་ཚུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུ་གལ་འགངས་ཤིན་ཏུ་ཆེ།  ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་བའི་རྣམ་འགྱུར་མངོན་གསལ་དོད་པོ་དང་ཆོད་སེམས་བརྟན་པོ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་ངང་སྐོར་ཞིབ་ལས་འགན་ལེགས་གྲུབ་བྱེད་པ། ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྲོ་བ་དང་ཏང་འཛུགས་སྐྱོང་གི་ཆད་ཤོར་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། ལས་སྒོ་ལ་བརྟེན་ནས་ཆབ་སྲིད་ལ་བལྟ་བ་དང་གནད་དོན་ལ་བརྟེན་ནས་འགན་འཁྲི་ལ་བལྟས་ནས་“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཚུགས་པ་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལས་དོན་བླང་བྱ་དོན་འཁྱོལ་བྱ་རྒྱུར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  རེས་སྐོར་འདིའི་སྐོར་ཞིབ་ཀྱི་གཙོ་གནད་ལ་ཁོང་དུ་ཡང་དག་ཆུད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བླང་བྱ་གལ་ཆེན་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས།  དེ་བཞིན་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དཔེ་བསྡུར་ནས། “དོ་གནད་བཞི”ལ་དམིགས་ཏེ་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགན་འཁྲི་དང་། ལས་ཀའི་འགན་འཁྲི་ལ་དམ་པོར་དམིགས་ནས་འབེན་ཕྱོགས་ལྟ་སྐུལ་བྱེད་དགོས།  ཡུལ་བབ་དང་བསྟུན་པ་དང་གནད་ལ་འཁེལ་བ་འི་སྒོས་རིགས་དབྱེ་མཐའ་འཁྱོངས་བྱས་ནས་སྐོར་ཞིབ་ལྟ་སྐུལ་ཀྱི་ཤུགས་རྒྱག་ས་ཏན་ཏིག་བཙལ་ཏེ་སྐོར་ཞིབ་སྔོན་གྱི་གྲ་སྒྲིག་ཞིབ་ཕྲ་དང་ཏན་ཏིག་བྱས་ནས་སྐོར་ཞིབ་ཁྲལ་སེལ་སླ་བཅོས་བྱེད་པ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ནན་པའི་ནང་དོན་སྙིང་པོ་སྐོར་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་སྟེ་གནད་དོན་གསར་པ་རྙེད་རྒྱུ་དེ་སྐོར་ཞིབ་ལས་དོན་གྱི་སྲོག་རྩ་རུ་བརྩི་བ། འགོ་ཁྲིད་ཚན་པའམ་ཁྱད་པར་དུ“འགོ་གཙོ་དང་པོ་”ལ་དོ་གནད་བྱེད་དེ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འགན་འཁྲི་གཙོ་བོ་དོན་འཁྱོལ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་འབུར་ཐོན་གནད་དོན་གསར་པ་རྙེད་པར་འབད་དགོས། གནད་དོན་གསར་པ་རྙེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་པ་དང་། “ཨང་ཐོག་སྐོར་ཞིབ་”མ་ལག་བེད་སྤྱོད་ཡག་པོ་བྱས་ཏེ། ཞིབ་བཤེར་དང་ལེགས་བཅོས་དུས་མཉམ་དང་སྐོར་ཞིབ་ཞོར་དུ་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྐོར་ཞིབ་ཀྱི་རྗེས་ལུས་གནད་དོན་དག་ཐེར་ལེགས་བཅོས་བྱེད་དགོས།  སྒྲིག་སྲོལ་དང་སྒྲིག་ཁྲིམས་ཀྱི་སྐོར་ཞིབ་མཐའ་ཚད་བརྟན་སྲུང་བྱེད་པ་དང་། “མི་བྱེད་པ་གཉིས་”ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པ། “ལས་འགན་གཉིས་”ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཁྲིམས་སྐྱོང་འདུ་ཤེས་དང་གོ་རིམ་འདུ་ཤེས། དཔང་རྟགས་འདུ་ཤེས། བདེ་འཇགས་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་བདེ་འཇགས་འགན་འཁྲི་དེ་སྐོར་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས།

ཤེས་གསལ་བྱུང་དོན། རེས་སྐོར་འདིའི་སྐོར་ཞིབ་ནི་ཁྱོན་སྐོར་ཞིབ་ཚོ་ཆུང་5ཡོད་དེ་ཁུལ་ཚན་རྩལ་ཅུས་དང་ཁུལ་སྤྱི་བདེ་ཅུས། ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཁུལ་ནགས་ལས་དང་རྩྭ་ཐང་ཅུས།  ཁུལ་སྲིད་དོན་ཞབས་ཞུ་དོ་དམ་ཅུས།  ཁུལ་སྤྱི་ཁྱབ་བཟོ་ཚོགས། ཁུལ་ཚན་རིག་ལག་རྩལ་མཐུན་ཚོགས། ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཐུན་ཚོགས། ཁུལ་བཟོ་ཚོང་ལས་རིགས་མཐུན་ཚོགས། ཁུལ་འཆར་ལྡན་བུ་བཙའ་མཐུན་ཚོགས་བཅས་ཁུལ་གྱི་ཐད་གཏོགས་ལས་ཁུངས་དང་མང་ཚོགས་ཚོགས་པའི་རྩ་འཛུགས་10ལ་སྐོར་ཞིབ་བྱ་རྒྱུ་རེད།

ཁུལ་ཨུའི་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་། སྐོར་ཞིབ་ཚོ་ཆུང་5ཡི་མི་སྣ་ཡོངས་རྫོགས། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། 

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་།

ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།

ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།

བདེ་ཆེན་འཐུས་མི་ཚོགས་པ་ལ་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ།

རྒྱང་སྐྱོད་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།—— ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com