中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་90པ་འཚོགས།

རྩོམ་པ་པོ་:黄晓丽 陈杰 ཁྱབ་བསྒྲགས་དུས་ཚོད་:2026-11-02 15:25:16

 
 
 

ཟླ་10པའི་ཚེས་30ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་90པ་གཙོ་སྐྱོང་གནང་ནས་འཚོགས། གྲོས་ཚོགས་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། རྩོམ་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན། ཞིང་ཨུའི་འབྲེལ་ཡོད་གྲོས་ཚོགས། ཁུལ་ཨུའི་ལས་དོན་བླང་བྱ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ད་དུང་མི་དོན་དོན་དག་ལ་ཞིབ་འཇུག་བྱས། 

གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གཤིས་སློབ་སྦྱོང་དེ་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་བརྩིས་ནས། ཕུགས་བསམ་དང་ཡིད་ཆེས་བརྟན་དུ་གཏོང་བ་དང་ཏང་ལ་ལྷག་བསམ་རྣམ་དག་བྱས་པ། དམངས་ལ་བརྩེ་སེམས་ཟབ་མོ་བཅངས་བ། དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་པ། ཀུན་སྤྱོད་དང་གཤིས་རྒྱུད་དྭངས་གཙང་ཡོང་བ། གཞུང་དྲང་སྤྱོད་གཙང་རྒྱུན་འཁྱོངས་བྱས་པ་བཅས་ཀྱི་ཐད་སྙིང་རུས་གཏན་འཁྱོངས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས།

གྲོས་ཚོགས་ཐོག་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ།རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་ནས།བརྟན་བརླིང་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་ཏེ།གཞི་རིམ་གྱི་ཡུལ་དངོས་དང་པོར་བསྐྱོད་དེ་ལས་དོན་དོན་འཁྱོལ་བྱས་པར་སྐུལ་འདེད་གཏོང་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།བདེ་ཐང་སྔོན་ལ་འཇོག་པ་དང་སྔོན་འགོག་གཙོ་བོར་འཛིན་པར་མཐའ་འཁྱོངས་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་བྱས་ནས།རྒྱུན་མཐུད་ངང་སྨན་བཅོས་སྒྱུར་བཅོས་ལེགས་བཅོས་བྱས་ཏེ།གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་དཔུང་ཁག་སྟོབས་ཆེར་གཏོང་དགོས།འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས།འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་འདུམ་འགྲིག ཉེན་ཁ་སྔོན་འགོག་ཚོད་འཛིན། དུས་བདེ་འཛུགས་སྐྱོང་བཅས་ཀྱི་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྒོ་ཕྱེ་སྤྱི་ཡོངས་ནང་འདྲེས་པ་དང་དཔལ་འབྱོར་ཚོང་དོན་གྱི་ལས་སྟེགས་ཡག་པོ་སྤྱད་དེ་ཁྱད་ལྡན་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕྱི་ཕྱོགས་སུ་འོས་སྦྱོར་བྱས་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་《བདེན་འཚོལ》དུས་དེབ་ཐོག་སྤེལ་བའི་རྩོམ་ཡིག་གལ་ཆེན་《ཚད་གཞི་དེ་བས་མཐོ་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྱོགས་ཡོངས་སུ་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་བ》ཡི་བླང་བྱ་དང་ཡང་ཡང་བསྡུར་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་འཁུར་ཏེ།རྒྱུན་མཐུད་ངང་རྩ་བའི་དགོངས་གཞི་དང་། བྱ་ཐབས་ནན་པོ།རྣམ་པ་ནན་པོ་བཅས་རྒྱུན་འཁྱོངས་བྱས་ནས་ཧུར་ཐག་ངང་སྤྱོད་གཙང་སྲིད་གཞུང་ལ་འཛུགས་སྐྱོང་བྱེད་དགོས། 

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཞིང་ཨུ་ཡིས་འཚོགས་པའི་སྐབས་བརྗེ་རྗེས་ཁུལ་(གྲོང་ཁྱེར)གྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོའི་ཐུན་མོང་གླེང་མོལ་ཚོགས་འདུའི་དགོངས་དོན་དང་། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ།ཡུལ་དངོས་དང་པོའི་ལས་དོན་སྒྲུབ་སྟངས་ལེགས་པར་སྤྱོད་ནས།ཇུས་འགོད་སྐུལ་འདེད་དང་བསྐྱར་ཟློས་ལེགས་བཅོས་ཀྱི་ལས་དོན་སྒྲུབ་སྟངས་འཐུས་ཚང་དུ་གཏོང་སྟེ།སྤྱོད་ཚུལ་ནན་དུ་གཏོང་བ་དང་ཞིབ་ཐོ་ཞིབ་ཚགས་བྱས་པ།འགན་འཁྲིའི་དུས་བཀག་ཁ་གསལ་བཟོ་བ།དུས་ཚིགས་བཞི་པའི་ལས་དོན་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བཅས་བྱས་ནས།ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ལ་སྲུང་སྐྱོང་བྱས་ཏེ།ཧུར་ཐག་ངང་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་མཐའ་མའི་གདོང་མཆོང་བྱས་ནས་“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཚུགས་ཐུབ་པར་འགན་ལེན་བྱེད་དགོས།

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན།ཕྱོགས་ཡོངས་ནས་《བདེ་ཆེན་ཁུལ་གྱི་“འཕྲལ་དུ་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ”ཀྱི་ཆེད་དོན་ལས་དོན་གྱི་ལག་བསྟར་ཇུས་གཞི》དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། “ཨར་ལས་རུ་དཔོན”གྱི་སྣེ་ཁྲིད་ནུས་པ་ཡག་པོ་བྱས་ནས།ཆེད་དོན་བླང་བྱ་དེ་ལོ་མཇུག་ཏུ་མཇུག་བསྡུ་བ་དང་གཙོ་གནད་ལས་འགན་དང་སྤྱི་འདོམས་འབྲེལ་མཐུད་བྱས་ནས།གཙོ་གནད་ལས་འགན་དང་གནད་དོན་དག་ཐེར་གྱི་གསལ་ཐོ་གསེད་བཀྲོལ་བྱ་རྒྱུར་དམ་འཛིན་བྱས་ཏེ།དམ་འཛིན་བྱ་གཞི་གནད་སྨིན་འཚོལ་ནས།ཞིབ་བཤེར་བྱེད་ཞོར་དུ་ཡོ་བསྲང་བྱེད་པ་དང་། ཤེས་མ་ཐག་ཡོ་བསྲང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།ལྟ་སྐུལ་སྒྲུབ་གཉེར་གྱི་ཕན་འབྲས་འདྲི་རྩད་དམ་འཛིན་ལེགས་པོ་བྱས་ནས།ཁུལ་ཨུའི་བཀོད་སྒྲིག་དེ་དངོས་གཉེར་བྱ་སྤྱོད་དུ་བསྒྱུར་དགོས། 

འགན་འཁུར་རྩོམ་སྒྲིག་པ།:达瓦只玛

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་90པ་འཚོགས།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་པ་སྤེལ། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་98པ་འཚོགས། 

ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་།

ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།

ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com