ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་།

ཟླ་10པའི་ཚེས་29ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོར་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་། ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། སྦྱངས་པ་དེ་གོ་ཆོད་པ། ཆབ་སྲིད་ལ་ལྷག་བསམ་རྣམ་དག་དང་། སློབ་སྦྱོང་ལ་བརྩོན་པ། བསམ་བློ་གཏོང་མཁས་པ། ནུས་པ་ཆེ་རུ་གཏོང་བ། དམངས་དོན་གྱི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ། སྤྱོད་གཙང་གི་རང་གཤིས་བརྟན་སྲུང་བཅས་བྱས་ཏེ་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཐད་འགན་འཁྲི་གསར་པ་འཁུར་དགོས་པ་དང་ལས་རྗེས་གསར་པ་འཇོག་དགོས།
བཞུགས་མོལ་ཚོགས་འདུའི་ཐོག་ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པ་གཉེར་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ལུའོ་ཁྲའོ་ཧྥེང་གིས་སྐབས་བསྟུན་སྒོས་ཆོས་མཚོ་དང་པ་སངས་སྒྲོལ་མ། ཧོ་ཡུང་། སུན་ཐིང་བཅས་སློབ་མ་བཞིའི་མིང་འདོན་ནས་གཏམ་བཤད་བྱས་དུ་བཅུག་པ་དང་། ཡུས་ཁྲུན་ཞང་དང་ཚེ་རིང་དབང་འདུས། ཏུའུ་ཡུས་རུང་། ཐའོ་ཞུས་བཅས་སློབ་མ་བཞི་ཡིས་རང་འགུལ་ངང་ལག་པ་བཀྱགས་ནས་གཏམ་བཤད་བྱས། ཚང་མས་གསོ་སྦྱོང་བྱེད་རིང་བསམ་བློ་དང་སྦྱོང་བ་དང་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གནས་སྤོས་ཡུལ་མི་བཀོད་སྒྲིག་དང་། རིག་གནས་ཡུལ་སྐོར་ཐོན་ལས། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས། གཞི་རིམ་བཅོས་སྐྱོང་། གྲོང་གསེབ་དར་རྒྱས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་། ཚོང་འགུགས་མ་འདྲེན་སོགས་ཀྱི་ལས་དོན་ལ་དམིགས་ནས་མྱོང་ཚོར་དང་། ཚོར་ཤེས། འཆར་གཞི་དང་འཕེལ་རྒྱས་བཅས་གླེང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་གཏམ་བཤད་ལ་ནན་ཏན་ཉན་པ་མ་ཟད་ཚང་མ་དང་སྤེལ་རེས་གནང་། ཁོང་གིས་ནན་བཤད་གནང་དོན། ན་གཞོན་ལས་བྱེད་པས་ཆབ་སྲིད་ལ་ལྷག་བསམ་རྣམ་དག་བྱེད་དེ་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་དགོས། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་བས་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི་”ཇེ་ཆེར་གཏོང་བ། “ཡིད་ཆེས་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”སྒྲུབ་ཐུབ་པ་བྱེད་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་ལངས་ནས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་ཏང་ལ་ལྷག་བསམ་མཐའ་གཅིག་ཏུ་བྱེད་པ་ཡོང་བ་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་། དེའི་ནང་འདུས་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པ་བཅས་བྱས་ནས་ཀླད་པར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་ཁྲིད་སྟོན། ལས་ཀར་སྐུལ་འདེད་བཅས་བྱེད་དགོས། ཏང་གི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཏང་ཡོན་གྱི་ཐོབ་ཐང་བློ་ལ་བརྟན་པོར་ངེས་པ། རང་རྟོགས་ངང་ཏང་ཡོན་གྱི་ཚད་གཞིར་བརྟེན་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ། ལས་ཀའི་ཁྲོད་ཐོབ་ཐང་གསལ་སྟོན་དང་ཏང་གཤིས་སྦྱོང་བརྡར་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ན་གཞོན་ལས་བྱེད་པས་སློབ་སྦྱོང་གི་གོམས་གཤིས་ཆགས་པ་དང་། རྒྱུན་སྲིང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། “ཡི་གེ་ཡོད་པའི་དཔེ་ཆ”དང“ཡི་གེ་མེད་པའི་དཔེ་ཆ”ཡག་པོ་ཀློག་པ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་། ཁྲིམས་ལུགས་ཁྲིམས་སྲོལ། དེ་བཞིན་གོང་རིམ་གྱི་བླང་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པ། བདེ་ཆེན་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”དམིགས་ཚད་ངེས་གནས་དང་དེ་བཞིན་རང་ངོས་ལས་གནས་ཀྱི་ལས་ཀའི་འབྲེལ་ཆོས་ཡང་དག་འཚོལ་བ། གོང་གི་གནས་ཚུལ་དང་འོག་གི་གནས་ཚུལ་ཁོང་དུ་ཆུད་པའི་ཁྲོད་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་སྒེར་འཕེལ་རྒྱས་དང་བྱ་གཞག་འཕེལ་རྒྱས་ཕྱོགས་གཉིས་ཀ་མཐོ་རུ་འདེགས་པར་མངོན་འགྱུར་བྱུང་དགོས། ཡར་རྒྱས་བརྩོན་ལེན་གྱི་སྙིང་སྟོབས་ཡོད་དགོས་ཏེ་ལས་དོན་སྒྲུབ་སེམས་དང་། འགན་འཁྲི་འཁུར་སེམས། ཡར་ཐོན་གྱི་སེམས་པ། དམངས་དོན་གྱི་བསམ་པ་བཅས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་རང་འཁྲིའི་ལས་དོན་ལེགས་པར་བསྒྲུབ་པ་དང་། རྟག་ཏུ་བློ་བདེ་མི་ཐུབ་པའི་རྣམ་པ་དང་། “རྣམ་གྲངས་རྐྱང་པའི་ཨང་དང་པོ་”ལེན་པའི་ཡིད་ཆེས་དང་བློ་སྟོབས་ལ་བརྟེན་ནས་ལས་སྒྲུབ་ལས་གཏོད་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་དང་བདེ་རྩ་དོན་གཉེར་བྱེད་དགོས། སྤྱོད་གཙང་གི་མཐའ་ཚད་བརྟན་སྲུང་དང་། རྩ་འཛུགས་དང་དབང་ཆ། མི་དམངས། སྒྲིག་ཁྲིམས་བཅས་ལ་གུས་ཤིང་སྐྲག་པ་བྱེད་པ་དང་དབང་ཆ་དྲང་གཞག་ངང་སྤྱོད་དགོས།
དབྱང་ཁའེ་ཡིས་ཚོགས་འདུ་གཙོ་སྐྱོང་བྱས། མ་མུའུ་ཚོགས་འདུར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་།
ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།
ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།
མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།
བདེ་ཆེན་འཐུས་མི་ཚོགས་པ་ལ་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ།
རྒྱང་སྐྱོད་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།—— ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་བྱས་དོན། དམིགས་འབེན་ལ་དམ་པོར་དམིགས་པ་དང་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་ཤུགས་ཡོངས་ནས་དཔྱད་ཞིབ་བསུ་བའི་མཁྲེགས་གཏོར་དམ་འཛིན་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108