ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།

ཟླ10པའི་ཚེས་28ཉིན། ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།
ཟླ10པའི་ཚེས་28ཉིན། ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དང་ཡུལ་སྐོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཡུན་ནན་དུ་རྟོག་ཞིང་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ནན་ཏན་བྱས་པ། ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་སྤེལ་རེས་བྱས་པ། མིག་སྔའི་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་གོམ་སྟབས་རྗེས་མའི་ལས་འགན་བཀོད་སྒྲིག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཚོགས་འདུའམ་བརྟག་ཞིབ་ནང་ཞུགས།

ཟླ་10པའི་ཚེས་27ཉིན། ལུའི་ཁྲའོ་ཧྥེང་གི་རུ་ཁག་སྣེ་ཁྲིད་དེ་གླེགས་བམ་གྱི་ཕྱོགས་བསྡུས་བཅོས་སྒྲིག་ཚད་ལྡན་མཐོ་འདེགས་ལས་དོན་སྐུལ་སྤེལ་གཏོང་ཚུལ་ལ་བརྟག་ཞིབ་གནང་བ།
ཚོགས་འདུ་མ་འཚོགས་སྔོན་ལ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་བཅས་པས་ཡུལ་དངོས་ནས་གླེགས་བམ་ཕྱོགས་བསྡུས་བཅོས་སྒྲིག་ཚད་ལྡན་མཐོ་འདེགས་དང་ནན་ཅི་ལུའོ་ལྗོངས་ཁུལ་འཛུགས་སྐྱོང་དང་ཚོད་གཉེར། སྐྱེ་ཁམས་ཐོན་ཁུངས་སུང་སྐྱོང་། རྣམ་གྲངས་འཛུགས་སྐྲུན་དང་དྲིལ་བསྒྲགས་སློབ་གསོ་སྤེལ་ཚུལ་བཅས་ལ་བརྟག་ཞིབ་གནང་བ་དང་། གཞི་རིམ་ལས་བྱེད་པ་དང་ཁེ་ལས་ཀྱི་འགན་འཁུར་མི་སྣ་བར་སྤེལ་རེས་གཏིང་ཟབ་བྱས་ཏེ་འབྲེལ་ཡོད་ལས་དོན་སྐུལ་སྤེལ་གཏོང་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་ལ་དམ་འཛིན་བྱས་པ་ནི་ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་གཏོང་བ་དང་ཁུལ་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤར་མྱུར་དུ་གཏོང་བ། སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡིན་ལ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་བྲེལ་འཚབ་ཆེ་བའི་འདུ་ཤེས་སྔར་བས་ཤུགས་ཆེན་གཏོང་བ་དང་། གླེགས་བམ་དང་ནན་ཅི་ལུའོ་ཚད་ལྡན་བཅོས་སྒྲིག་ཁྲོད་གསོག་འཇོག་བྱེད་པའི་“འཆར་འགོད་སྔོན་འཇོག་རྒྱུན་འཁྱོངས་དང་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་སྲུང་། འགག་བཤངས་ཟུང་འབྲེལ་རྒྱུན་འཁྱོངས་དང་གསར་སྤེལ་བདག་གཉེར་གཙོ་གཞི་ཁ་གསལ་བཟོ་བ། ཕྱོགས་སོ་སོའི་སྡོམ་ཤུགས་གཅིག་སྒྲིལ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བའི”ཉམས་མྱོང་སློབ་སྦྱོང་ནན་ཏན་བྱས་ནས་ལས་དོན་ལ་སྐུལ་འདེད་དེ་བས་ལེགས་པར་གཏོང་བ།

ཟླ་10པའི་ཚེས་27ཉིན། ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་འབའ་སྡེ་ཤང་ནན་ཅི་ལུའོ་ཧ་ཀྲི་ཏུའོ་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་སུ་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་དང་རྣམ་གྲངས་འཛུགས་སྐྲུན། དྲིལ་བསྒྲགས་སློབ་གསོ་ལས་དོན་སྤེལ་ཚུལ་བཅས་ལ་བརྟག་ཞིབ་གནང་།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་གནང་དོན། ཡུན་ནན་གྱི་“ཤམ་བྷ་ལ་ཆེན་པོ་”ཕྱི་རོལ་ལུས་རྩལ་འཕེལ་རྒྱས་བསྡུ་རུབ་ས་ཁུལ་དང་ཉམས་ལེན་ས་ཁུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་གཙོ་གནད་དུ་འབྲེལ་བ་ལྔ་ཐག་གཅོད་ཡག་པོ་བྱེད་དགོས་ཏེ། སྲུང་སྐྱོང་དང་གསར་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཏེ་“རི་སྟེང་ལ་ཉུང་དུ་གཏོང་བ་དང་ར་རྩར་མང་དུ་གཏོང་བའི་”འདུ་ཤེས་བཙུགས་ནས་རི་སྟེང་ལ་རང་བྱུང་ལ་ཤུགས་རྐྱེན་ཐེབས་ཚད་ཉུང་དུ་གཏོང་བ་དང་རི་རྩར་ལྷན་སྦྱར་སྒྲིག་བཀོད་དང་འཕྲལ་སྡོམ་རོགས་སྐྱོབ། ཞབས་ཞུའི་འགན་ལེན་བཅས་ལ་ཤུགས་སྣོན་རྒྱག་པ། གྲངས་ཚད་དང་སྤུས་ཚད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཏེ་ཉུང་ཚོགས་དང་རྩེར་སོན། སྤུས་དག་བཅས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་སྒོས་ཁུར་ཐེག་བྱེད་ཚད་གཏན་འཁེལ་དང་མི་རྒྱུན་ཚོད་འཛིན་བྱེད་པ། དངོས་མིང་སྔོན་ཆིངས་དང་སྤྱི་འབོར་དོ་དམ་ཚོད་འཛིན་བཅས་དོན་འཁྱོལ་བྱེད་པ། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཏེ་ཚན་རིག་དང་མཐུན་པའི་སྒོས་སྲིད་གཞུང་དང་ཁྲོམ་རའི་མཐའ་མཚམས་བགོ་བ་དང་ནུས་ལྡན་ཁྲོམ་རར་དང་དོན་ལྡན་སྲིད་གཞུང་ཟུང་འབྲེལ་དེ་བས་ཡག་པོ་བྱེད་པར་སྐུལ་འདེད་བཏང་ནས་“འཁྲུག་པོ་ཡོང་བར་བྱེད་པ”མ་ཟད་“དོ་དམ་བྱེད་ཐུབ་པ་”འགན་ལེན་བྱེད་དགོས། བདག་གཉེར་ཁེ་ལས་དང་གྲོང་ཚོའི་ཐུན་མོང་། ཞིང་དུད་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཏེ་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་སྔར་བས་འཚོལ་ཞིབ་དང་འཐུང་ཚང་དུ་གཏོང་བ་དང་། ཕྱོགས་གསུམ་པོར་མཉམ་ལས་ཀུན་ཕན་ཡོང་བར་སྐུལ་འདེད་གཏོང་དགོས། མང་ཚོགས་འབབ་འཕར་དང་དྲིན་ཚོར་སློབ་གསོའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཏེ་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གཙོ་གཞིའི་ནུས་པ་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱས་ནས་དམངས་ཡོངས་ནང་ཞུགས་དང་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྣམ་པ་ཡག་པོ་ཆགས་དགོས། ཁུལ་དང་རྫོང་མཉམ་ལས་དང་ལས་དོན་ཆེད་སྒྲུབ་ཚོ་ཆུང་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་སོ་སོའི་འགན་འཁྲི་ནན་དུ་དཀྲི་བ་རྒྱུན་འཁྱོངས་བྱེད་དེ་འཕྲལ་དུ་སྒྲུབ་པ་དང་དམ་འཛིན་དངོས་སྒྲུབ་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
ཁུལ་གྱི་འགོ་ཁྲིད་ལུའུ་ཀྲི་ཅུན་དང་ཧོང་ལུང་ཞིན། མ་མུའུ། ཝང་ཝུའུ། ལིའོ་ཝེན་ཚའེ། ལི་ཐའོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་རྫོང་(གྲོང་ཁྱེར་)གསུམ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུའམ་བརྟག་ཞིབ་ནང་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།
ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།
མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།
བདེ་ཆེན་འཐུས་མི་ཚོགས་པ་ལ་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ།
རྒྱང་སྐྱོད་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།—— ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་བྱས་དོན། དམིགས་འབེན་ལ་དམ་པོར་དམིགས་པ་དང་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་ཤུགས་ཡོངས་ནས་དཔྱད་ཞིབ་བསུ་བའི་མཁྲེགས་གཏོར་དམ་འཛིན་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།
བདེ་ཆེན་ཁུལ་གྱི་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་སོ་སོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་“དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་ཐུབ་པའི་”ལས་དོན་གྱི་རྣམ་པ་ཡག་པོ་ཁག་ཐེག་བྱེད་དགོས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108