中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་98པ་འཚོགས། 

རྩོམ་པ་པོ་:杨涛 陈杰 ཁྱབ་བསྒྲགས་དུས་ཚོད་:2026-10-30 15:43:40

ཟླ་10པའི་ཚེས་29ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་98པ་གཙོ་སྐྱོང་གནང་ནས་འཚོགས་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ལ་ས་ཡོམ་རིམ་པ་7.0བྱུང་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་སྐབས། རིམ་ཁག་སྡེ་ཚན་ཁག་གིས་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་དང་མཐར་ཐུག་གི་བསམ་བློ་བརྟན་པོ་འཛུགས་ནས།  “2421”སོགས་ཡོམ་འགོག་གེགས་སེལ་གྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་དེ།  ཐབས་བརྒྱ་ཇུས་སྟོང་གིས་གང་ལྟར་བྱུང་སྲིད་པར་ཁ་གཏད་འཇལ་དགོས།  འཕྲལ་སྡོམ་བརྡ་ལན་ཚད་ལྡན་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ།  མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ། དངོས་འཐབ་ནང་སྦྱོང་ལ་དམ་འཛིན་བྱེད་པ། དངོས་ཟོག་གི་དཔུང་ཁག་སྔོན་ལ་བཀོད་སྒྲིག་བྱེད་པ། དངོས་ཚན་ཅན་དང་ནུས་ཆེའི་ངང་འཁོར་རྒྱུག་བྱེད་པ་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་ཆབས་ཅིག  སློབ་གྲྭ་དང་དགོན་སྡེ།  ཚོགས་ཆུང་། ཁྱིམ་ཚང་བཅས་སུ་ཡོམ་འགོག་གེགས་སེལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས་ཞེས་ནན་གསུང་གནང་།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཝུའུ་ལན་ཁྲ་པུ་རུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་སྐབས། ཁུལ་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ཆབ་སྲིད་འགན་འཁྲི་ནན་པོ་ཁུར་ནས། སྐྱེ་ཁམས་སྲུང་སྐྱོང་གི་ཐིག་དམར་ནན་པོ་བསྲུངས་ཏེ། རི་ཆུ་དང་ནགས་ཞིང་། མཚེའུ། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།གཙང་གསུམ་མཉམ་རྒྱུག་ལྟེ་བའི་ཁུལ་གྱི་སྐྱེ་ཁམས་ངེས་གནས་ལ་གཞི་ཚུགས་ཏེ།  སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་མུ་མཐུད་ཆེ་རུ་བཏང་ནས། འབྲི་ཆུ་དང་རྫ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་འཁྱོངས་སྲུང་ཡོལ་སྲུང་སྐྱོང་ཡག་པོ་བྱེད་དགོས། གནོད་མེད་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་ནགས་འོག་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གནོད་མེད་ནུས་རྒྱུ་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཡུལ་སྐོར་ཟབ་ཏུ་གཏོང་བ་བཅས་བྱས་ནས། འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”སྤུས་རྟགས་རྒྱུན་མཐུད་ངང་གཏོད་དེ། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས། གྲངས་འཛིན་ཅན་གྱིས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། རྣམ་གྲངས་ཀྱི་སྐྱེ་ཁམས་ཞུགས་འཐུས་དོ་དམ་དོན་འཁྱོལ་ནན་པོ་བྱས་ཏེ།  སྐྱེ་ཁམས་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་རྣམ་གྲངས་ཀྱི་གནོད་མེད་ཞིབ་མཆན་ལེགས་སུ་བཏང་ནས། འབྱུང་རྩ་ནས་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཁར་དོགས་ཟོན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། མང་ཚོགས་འབབ་འཕར་བཅས་ཀྱི་འབྲེལ་བ་སྤྱི་འདོམས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་ཐོན་ལས་དར་རྒྱས། མང་ཚོགས་ཕྱུག་འབྱོར་བཅས་ཀྱི་བདེ་ཆེན་གྱི་གནོད་མེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ཞེས་ནན་གསུང་གནང་།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་དུས་ཚིགས་གསུམ་པའི་དཔལ་འབྱོར་འཁོར་སྐྱོད་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་གནས་ཚུལ་གྱི་སྙན་སེང་གསན། དུས་ཚིགས་བཞི་པ་ནི་ལོ་ཧྲིལ་པོར་བརྟན་པོ་བྱེད་པ་དང་ཁྱོན་ཡོངས་འགན་ལེན་བྱེད་པའི་ཐག་གཅོད་རང་བཞིན་གྱི་མཇུག་བསྡུའི་དུས་མཚམས་ཤིག་ཡིན་པས། རྫོང་(གྲོང་ཁྱེར)ཁག་དང་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་ངེས་པར་དུ་དགོས་གཏུགས་ཀྱི་བསམ་པ་དང་ཉེན་ཁ་ཚོར་སེམས། འགན་འཁྲི་འཁུར་སེམས་བཅས་ཆེ་རུ་བཏང་ནས། ལོ་འཁོར་གྱི་དམིགས་ཚད་ལ་གཡོ་འགུལ་སྤུ་ཙམ་མི་གཏོང་བ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལས་འགན་ལ་དམ་པོར་དམིགས་པ།  ཚད་ཡོད་ཀྱི་སྒེའུ་ཁུང་དུས་ཚིགས་དམ་འཛིན་ནན་པོ་བྱེད་དེ།  རྩིས་ཁྲ་ཅན་གྱིས་རྣམ་གྲངས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་རྒྱུ་རྐྱེན་གཙོ་བོར་འགན་ལེན་བྱེད་པ། མཛོད་དུ་འཇུག་པ་དང་གཅིག་གྱུར་བྱེད་པ། འཕར་ཚད་སྔོག་འདོན་གཏིང་ཟབ་བྱེད་པ། ཞན་ཆ་ཁ་གསབ་བཅས་བྱས་ཏེ། རྒྱུན་གཏན་ལས་བརྒལ་བའི་བྱེད་ཐབས་ལ་བརྟེན་ནས་འཕེལ་རིམ་ལ་གཞིགས་པ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ།  ནུས་ཤུགས་ཡོད་རྒུས་དཔལ་འབྱོར་གྱི་གཞི་རྩའི་ཚད་གཞི་བརྟན་དུ་གཏོང་དགོས་ཞེས་ནན་གསུང་གནང་། 

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས། 

འགན་འཁུར་རྩོམ་སྒྲིག་པ།:江初卓玛

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་98པ་འཚོགས། 

ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་།

ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།

ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།

བདེ་ཆེན་འཐུས་མི་ཚོགས་པ་ལ་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com