中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་།

རྩོམ་པ་པོ་:何雨桐 农布七里 ཁྱབ་བསྒྲགས་དུས་ཚོད་:2026-10-30 11:31:04

ཟླ་10པའི་ཚེས་29ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་། ཁོ་མོས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚུར་ལན་གནད་དོན་ཕྱོགས་ཡོངས་ནས་དག་ཐེར་མཐར་ཕྱིན་བྱ་རྒྱུར་མགྱོགས་མྱུར་དང་ནན་པོ། ཏན་ཏིག་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་དགོས། 

ལི་ཡན་ལན་རྒྱལ་ཐང་གྲོང་རྡལ་ནམ་གསལ་གྲོང་ཚོར་ཕེབས་ནས་རྡོ་བསྔོག་སའི་སྐྱེ་ཁམས་སླར་གསོའི་གནས་ཚུལ་ལ་བརྟག་ཞིབ་གནང་།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ནམ་གསལ་གྲོང་ཚོའི་རྡོ་བསྔོག་སར། ལི་ཡན་ལན་གྱིས་ས་ངོས་ས་ཆ་བེད་སྤྱོད་དང་ས་ཞིང་བསྐྱར་སྦོལ། རྗེས་མཐུད་དོ་དམ་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་། ཁོ་མོས་བླང་བྱ་བསྟན་དོན། རང་བྱུང་ལ་བརྩི་འཇོག་དང་ཚན་རིག་དང་མཐུན་པའི་སྒོ་ནས་སླར་གསོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་སླར་གསོའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། ཉམས་གསོ་བྱས་རྗེས་ཀྱི་རྒྱུན་གཏན་གྱི་དོ་དམ་སྲུང་སྐྱོང་དང་འགུལ་རྣམ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་སླར་གསོ་དང་ས་ཆ་ཕྱོགས་བསྡུས་བེད་སྤྱོད་ཟུང་འབྲེལ་གྱི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱེད་པ་བཅས་བྱས་ནས། ཐོབ་པར་དཀའ་བའི་སྐྱེ་ཁམས་སླར་གསོའི་གྲུབ་འབྲས་སྲ་བརྟན་མཐའ་གཅིག་ཏུ་གཏོང་དགོས།

ལི་ཡན་ལན་རྒྱལ་ཐང་གྲོང་རྡལ་ཧོང་ཕོ་གྲོང་ཚོར་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧུང་ཕོ་གྲོང་ཚོར། ལི་ཡན་ལན་གྱིས་ཡུལ་དངོས་སུ་བྲག་ཕུག་རྩད་ཞིབ་བྱས་ནས། སྦགས་བཙོག་གནད་དོན་གྲལ་བཤེར་ཁུངས་འདེད་དང་ཉེན་ཁ་དོ་དམ་ཚོད་འཛིན་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་རེད། ཁོ་མོས་ནན་གསུང་གནང་དོན། ཁོངས་གཏོགས་ཁུལ་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་ནན་དུ་གཏོང་བ་དང་། བྲག་ཕུག་དང་དེ་བཞིན་མཐའ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོང་དེ་ཡུལ་ཁྲིམས་ནང་བཅུག་སྟེ། མང་ཚོགས་ཀྱི་རང་སྐྱོང་སྟོབས་ཤུགས་ཡག་པོ་སྤྱོད་པ་དང་རྒྱུན་གཏན་གྱི་དོ་དམ་སྲུང་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ། རྒྱུན་རྣམ་ཅན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཉེན་ཁར་དོགས་ཟོན་བྱེད་པ། སྦགས་བཙོག་དངོས་པོ་དེ་བྲག་ཕུག་དང་དེའི་མཐའ་འཁོར་ས་ཁོངས་སུ་སིམ་འཛུལ་བྱེད་པར་ནན་འགོག་བྱས་ཏེ། ས་ཁོངས་སྐྱེ་ཁམས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོ་སྲུང་དགོས། 

ལི་ཡན་ལན་གྱིས་ཨར་སྐྲུན་གད་སྙིགས་ཀྱིས་རྩྭ་ཐང་བཙན་བཟུང་བྱེད་པའི་གནད་དོན་དག་ཐེར་བྱས་ཚུལ་ལ་བརྟག་ཞིབ་གནང་།

ཨར་སྐྲུན་གད་སྙིགས་ཀྱིས་རྩྭ་ཐང་བཙན་བཟུང་དང་དེ་བཞིན་སྲ་གཟུགས་ཟོག་རོ་གང་བྱུང་དུ་པུའུ་ལུན་ས་དོང་ནང་འབྱོ་བའི་གནད་དོན་གྱི་ས་ཚིགས་སུ།ལི་ཡན་ལན་གྱིས་ཡུལ་དངོས་སུ་གད་སྙིགས་གཙང་སེལ་དང་སྔོ་ཁེབས་སླར་གསོའི་འཕེལ་རིམ་ལ་ལྟ་ཞིབ་བྱས་ཏེ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་དང་བརྒྱུད་འདྲེན་ལྟ་སྐུལ་དོ་དམ།ཡུན་ཕན་དོ་དམ་ཚོད་འཛིན་ལམ་སྲོལ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས། ཁོ་མོས་བླང་བྱ་བསྟན་དོན། མི་སྣ་སྐོར་གཡེང་ལས་རེས་དང་དངོས་ཚན་སྒྲིག་བཀོད་འགོག་སྲུང་། ཚན་རྩལ་སྒྲིག་ཆས་ལྟ་ཞིབ་ཚད་ལེན་བཅས་ཟུང་འབྲེལ་བྱེད་པའི་ཡུན་ཕན་དོ་དམ་སྲུང་སྐྱོང་མ་ལག་བཙུགས་ནས།གཙོ་གནད་ས་ཁོངས་དང་ཚོར་སྣང་སྐྱེན་པའི་ས་ཆར་འགུལ་རྣམ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། འབྱུང་རྩ་ནས་ཁྲིམས་འགལ་ངང་གཤོ་བ་དང་གང་བྱུང་དུ་སྤུངས་པའི་གནད་དོན་བསྐྱར་ལོག་མི་བྱུང་བ་བྱེད་དགོས།མ་ལག་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ནས།ཡུལ་དངོས་སུ་གཙང་བཤེར་དང་སྔོ་ཁེབས་སླར་གསོ། མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། ལས་ཡུལ་གྱི་སྐྱེ་ཁམས་ནུས་པ་བརྟན་པོའི་ངང་སླར་གསོ་ཡོང་བར་འགན་ལེན་བྱེད་དགོས། དྲིལ་བསྒྲགས་ཁྲིད་སྟོན་དང་ཁྲིམས་ལྟར་ཆད་པ་གཅོད་པ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། བཅོས་སྒྲིག་ལ་ལྟ་སྐུལ་དང་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས།

ལི་ཡན་ལན་གྱིས་ནན་གསུང་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་རིམ་པ་བཞིན་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། རྗེས་སྙེག་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཚུར་ལན་གནད་དོན་མཐར་ཕྱིན་པ་དང་གནད་ལ་འཁེལ་བ། བསྐྱར་ལོག་མི་བྱུང་བ་བཅས་བྱེད་དགོས། མ་ལག་ཚང་བའི་སྒོ་ནས་བཅོས་སྐྱོང་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པར་དོ་སྣང་བྱས་ཏེ། “མིག་སྔར་ལེགས་བཅོས”དང་“ཡུན་རིང་འཛུགས་པ”ཟུང་འབྲེལ་བྱས་ནས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཞན་ཆ་མགྱོགས་མྱུར་ཁ་གསབ་བྱས་ཏེ། གནད་དོན་གཅིག་དག་ཐེར་ཡོ་བསྲང་བྱས་པ་བརྒྱུད་གནད་དོན་རིགས་གཅིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་མུ་མཐུད་སྲ་བརྟན་དང་མཐོར་འདེགས་གཏོང་དགོས།

ལི་ཐའོ་དང་ཀྲོང་ཞའོ་ཕིང་བརྟག་ཞིབ་ནང་ཞུགས། 

 

འགན་འཁུར་རྩོམ་སྒྲིག་པ།:江初卓玛

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་(ཁུལ་སྲིད་འཛིན་སློབ་གླིང་)ལས་བྱེད་པ་དར་གཞོན་གྱི་སྦྱོང་བརྡར་འཛིན་གྲྭ་སྐབས་བཅོ་ལྔ་པའི་སློབ་མ་དང་བཞུགས་མོལ་གནང་།

ཁུལ་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་དང་ཡུལ་སྐོར་ཁོར་ཡུག་བཅོས་སྒྲིག་གི་ཡུལ་དངོས་ཚོགས་འདུ་འཇོལ་རྫོང་ནས་འཚོགས།

ཁུལ་སྲིད་གཞུང་གིས་ཧྥུའུ་ཏེན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད——ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་ལན་ཆ་ཟབ་མོ་བྱུང་།

བདེ་ཆེན་འཐུས་མི་ཚོགས་པ་ལ་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གྲུབ་འབྲས་བཟང་པོ་ཐོབ།

རྒྱང་སྐྱོད་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།—— ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་བྱས་དོན། དམིགས་འབེན་ལ་དམ་པོར་དམིགས་པ་དང་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་ཤུགས་ཡོངས་ནས་དཔྱད་ཞིབ་བསུ་བའི་མཁྲེགས་གཏོར་དམ་འཛིན་བྱེད་དགོས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com