ཀྲང་ཝེ་ཏུང་འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ས་ཁོངས་ཀྱི་གནས་ཚད་གསར་པར་གཞི་ཚུགས་ཏེ་འབའ་ལུང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།
སེམས་ཀྱི་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་19ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་འབའ་ལུང་རྫོང་འཐུས་མི་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བ་དང་། བདེ་ཆེན་གྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཚང་མའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ། ཁོང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་བཙུགས་པ་དང་། འབའ་ལུང་རྫོང་བོད་འབྲེལ་ས་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དང་། མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་ཕྲག་ཐོག་ཏུ་འགན་འཁྲི་གལ་ཆེན་འཁུར་བ་ཡོད་དེ། ངེས་གནས་གནད་ལ་འཁེལ་བ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཆོད་སེམས་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་ལ་བརྟེན་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཞུང་ཝུན་པིན་ཞུགས་པ།
ཀྲང་ཝེ་ཏུང་གིས་བསྟན་དོན། སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་གཙོ་གནད་རྣམ་གྲངས་ཁག་ཅིག་བློ་ཁོག་ཆེན་པོས་ཇུས་འགོད་དང་གསོག་འཇོག་བྱ་དགོས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དམ་འཛིན་ཏན་ཏིག་དང་། ཞིབ་ཐོ་ཅན་དུ་འགྱུར་བའི་དོ་དམ་དང་རྣམ་གྲངས་ཅན་དུ་འགྱུར་བའི་སྐུལ་སྤེལ་གཏོང་རྒྱུ་དམ་འཛིན་བྱེད་གཞིར་བྱས་ཏེ། འགྲིམ་འགྲུལ་ལམ་དྲར་དམ་པོར་དམིགས་པ་དང་། དངོས་ཟོག་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་སྲུང་བ་དང་། རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། ལྗང་མདོག་ནུས་རྒྱུའི་རྣམ་གྲངས་འགག་སྒྲོལ་བྱེད་པ། རི་ལྡེབས་སྐས་སུ་བསྒྱུར་བ་སོགས་ཀྱི་ལས་གྲྭ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཀྲུང་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་“སྣོད་བཅུད་ཟས་”དང་“ཀྲུང་ལུགས་སྨན་རྫས་ཀྱི་ཟས་”བརྟན་པོའི་ངང་ཟ་ཐུབ་པ་བྱེད་དགོས།
ཀྲང་ཝེ་ཏུང་གིས་བླང་བྱ་བཏོན་དོན། སྡེ་ཚན་ཁག་གིས་རང་འགུལ་ངང་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ་བརྟག་ཞིབ་བྱེད་པ་དང་། རྣམ་གྲངས་ཇུས་འགོད་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་ཀྱི་ཐད་རྒྱབ་སྐྱོར་གང་ལེགས་བྱས་ཏེ་འཕེལ་རྒྱས་ཀྱི་འགག་གནད་དང་དཀའ་གནད་མཉམ་ཤུགས་ངང་སེལ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་སྒོ་འཕར་སྣོན་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བཟུང་སྟེ། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཁ་ཕྱོགས་ལ་དམིགས་པ་དང་། འབའ་ལུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་རྒྱུན་མི་འཆད་པའི་སྒུལ་ཤུགས་ཆེན་པོ་སྣོན་དགོས།
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ལུའོ་ཁྲའོ་ཧྥེང་སོགས་ཚོགས་འདུར་ཞུགས།
ཀྲང་ཝེ་ཏུང་འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ས་ཁོངས་ཀྱི་གནས་ཚད་གསར་པར་གཞི་ཚུགས་ཏེ་འབའ་ལུང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “སྲིད་གཞུང་ཆགས་སའི་”ངེས་གནས་གཞི་རྩར་འཛིན་ཏེ་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་ཁུལ་ཡོངས་ལས་དོན་ཁག་གི་མདུན་དུ་བསྐྱོད་དེ་དཔེ་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་།
ཨུ་ཡོན་10ཡིས“དོན་ཆེན་བཞིར”དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ།
ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུར་མྱུར་གཟིགས།
ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ འཚོགས།
“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དམིགས་ཡུལ་ལས་འགན་གཙོ་བོ།
2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
