中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ འཚོགས།

རྩོམ་པ་པོ་:和丽瑶  黄晓丽 何帝龙 ཁྱབ་བསྒྲགས་དུས་ཚོད་:2026-01-21 11:41:08 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཟླ་1པོའི་ཚེས་ཉིན་གྱི་ཕྱི་དྲོར།  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

   ལུའོ་ཁྲའོ་ཧྥུང་དང་ཀྲང་ཝེ་ཏུང་། ཞུས་སི་སི། ལི་ཡན་ལན། མེའོ་ཡིའུ་ཧྥ་སོགས་གྲོས་ཚོགས་སུ་ཞུགས།

  ཐེངས་འདིའི་གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི་248ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི་205ཡོད་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན།

  ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ལག་བསྟར་ཀྲུའུ་ཞི་ཤའོ་ཞུས་ཀྱིས་གྲོས་ཚོགས་གཙོ་སྐྱོང་གནང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འགན་འཁུར་མཁན་ད་དུང་ལུའོ་ཁྲའོ་ཧྥུང་དང་ཞུས་སི་སི། ལི་ཡན་ལན། ལེའོ་ཝུན་ཚའེ། ཁྲེན་ཆུན། དབྱང་ཞུའེ་ཧྥེང་། ཀྲང་ཚུང་ལིན། ཆི་ཁྲུན་ཐའོ། ཧོ་ཕུང་ཅུན། ཧོ་ཀྲི་ཚའེ། ཤ་ཀྲི་ཡུན། ཁྲེན་ཀོང་ཧྲུའུ། པན་ཞུའེ་མེ་བཅས་ཡོད་པ་རེད།

   ཁུལ་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་མངགས་བཅོལ་ལྟར།  ཁུལ་དམངས་ཆན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ལི་ཡན་ལན་གྱིས་ཚོགས་ཆེན་ལ་ཁུལ་དམངས་ཆན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་སྙན་སེང་ཞུས།

   སྙན་ཞུའི་ནང་།  ལོ་གཅིག་རིང་།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བློ་སྟོབས་བསྐྱེད་པ་དང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། མི་དམངས་གཙོ་བོར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ལྟེ་བའི་སྤྱི་ཡོངས་དང་སྤྱི་ཚོགས་ཀྱི་གནས་ཚུལ། མི་དམངས་ཀྱི་བསམ་འདུན། ཁུར་པོ་ཡང་དུ་དང་ཕན་འབྲས་ཆེ་རུ་གཏོང་བ།  འཐུས་མིའི་ནུས་པ་འདོན་སྤེལ། རང་ཉིད་འཛུགས་སྐྱོང་སོགས་ལ་དམིགས་ཏེ། འགན་འཁྲི་གཙང་སྒྲུབ་ནན་ཏན་བྱས་ནས། ཁུལ་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཆེད་དམངས་གཙོ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་མཁོ་འདོན་བྱེད།   ལོ་ཧྲིལ་བོར། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་1དང་ལོ་ཧྲིལ་བོར་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་1དག་བཅོས་བྱས་པ་དང་། “གཞུང་གཅིག་ཨུ་གཅིག་དང་ཁང་གཉིས་”ཀྱི་ཆེད་དོན་ལས་ཀའི་སྙན་ཞུ་ཁག་13ལ་གྲོས་ཞིབ་བྱས་པ། ཁྲིམས་བསྟར་ཞིབ་བཤེར་ཐེངས་6དང་། ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཐེངས་26 འཐུས་མི་གཅིག་བསྡུས་ཀྱིས་གཟིགས་ཞིབ་ཐེངས་1 ཆེད་དོན་འདྲི་རྩད་ཐེངས་2 འདྲི་རྩད་ཐེངས་1བཅས་སྒྲིག་འཛུགས་བྱས་ནས་སྤེལ་བ། ཚད་ལྡན་ཅན་གྱི་ཡིག་ཆ་ཁག་10ཐོ་འགོད་སྙན་སེང་ཞིབ་བཤེར་བྱས་པ། གྲོས་ཆོད་དང་ཐག་གཅོད་ཁག་5བཞག་པ། ཁྲིམས་ལྟར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ་36་བསྐོ་འཐེན་བྱས་པ་སྟེ།  ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་མི་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མིས་གྲོས་འགོ་117མངག་བཀོད་བྱས་ཏེ། གྲོས་གཞི་ཐག་གཅོད་བྱེད་ཚད་100%ཟིན། བློ་ཡིད་ཚིམ་ཚད་96.6%ཟིན་ནས། ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་གཏན་འབེབས་བྱས་པའི་དམིགས་ཚད་ལས་འགན་ཁག་ལེགས་འགྲུབ་བྱུང་།

  སྙན་ཞུའི་ནང་། 2026ལོ་ནི་“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་པའི་ལོ་ཡིན།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “གཏན་འཁེལ་གཉིས་”ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་བཀུར་དང་“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་བྱེད་པ། ཏང་གིས་འགོ་ཁྲིད་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ།  ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ་བཅས་གཅིག་གྱུར་དམ་ཟབ་བྱེད་པར་རྒྱུན་འཁྱོངས་བྱེད་དེ།  སྐབས་དགུ་པའི་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་ལྟར། ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་སྤྱོད་པ། མི་དམངས་དམངས་གཙོའི་འཕེལ་རྒྱས་གོ་རིམ་ཧྲིལ་པོར་ཁྱབ་པ་དང་།  མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་ལེགས་པོ་དང་འཐུས་ཚང་ལེགས་པོ། འཁོར་སྐྱོད་ལེགས་པོ་བཅས་བྱས་ཏེ། བརྟན་པོའི་ངང་ནས་མདུན་དུ་སྐྱོད་པར་བརྟེན་ནས་དམངས་ཆེན་གྱི་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་སྟེ།  “ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བར་དམངས་ཆེན་གྱིས་ལེགས་སྐྱེས་འབུལ་དགོས།

   ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཚབ་ཡོན་ཀྲང་ཁྲེན་ཚུང་གིས་ཚོགས་ཆེན་ཐོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་ཕུལ། སྙན་ཞུའི་ནང་།  2025ལོར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཏང་གི་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ་མཐའ་འཁྱོངས་བྱས་ནས།  སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཁྲིམས་འཛིན་བྱེད་པ།  སྤྱི་ཚོགས་བཅོས་སྐྱོང་ནང་རང་འགུལ་ངང་ཞུགས་པ་དང་ཞབས་འདེགས་ཞུ་བ། འདྲི་གཅོད་ལས་དོན་ལ་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ། ལས་དོན་ཁག་སྐས་རིམ་གསར་པར་སླེབས་པ་བཅས་བྱས་པས། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས་ཁག་11578བདག་སྤྲོད་བྱས་པ་དང་། གྱོད་གཞི་11021ཞིབ་གཅོད་མཇུག་འགྲིལ་བྱས་པ་དེ་དུས་མཚུངས་ལས་7.04%དང་7.08%་འཕར་བ། སྔོན་ལ་འདུམ་འགྲིག་ལེགས་གྲུབ་བྱུང་ཚད་32.51%ཟིན་པ། གྱོད་གཞི་ཐོ་འགོད་བྱེད་པར་བློ་ཡིད་ཚིམ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ལས་མཐོ་བ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་ཨང་དང་པོར་སླེབས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས་ཁག་763བདག་སྤྲོད་བྱས་པ་དང་། གྱོད་གཞི་723ཞིབ་གཅོད་མཇུག་འགྲིལ་བྱས་པ། རྒྱལ་ཡོངས་ཁྲིམས་ཁང་གིས་གཅིག་གྱུར་བཟོས་པའི་འདྲི་གཅོད་སྤུས་ཚད་ཀྱི་དམིགས་ཚད་ཁག་16ལ་100%ཡི་ཚད་གཞི་ལོན་པ། སྙན་ཞུའི་ནང་། 2026ལོར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་“མཐའ་འཁྱོངས་གསུམ་”དོན་འཁྱོལ་བྱས་ཏེ། ཁ་ཕྱོགས་ཡག་པོ་སྲུང་བ་དང“གཙོ་རྒོལ་བཞི་”ལ་ལས་འགན་འཁྲི་སྒྲུབ་དང་འགན་འཁྲི་འཁུར་བ།“ཤུགས་སྣོན་ལྔ་”དམ་འཛིན་ནན་པོ་བཅས་བྱས་ཏེ། ལས་འགན་འཁྲི་སྒྲུབ་དང་འགན་འཁྲི་འཁུར་བར་བློ་དཀར་སེམས་དཀར་དང་ཁྲིམས་འཛིན་དྲང་གཞག་ངང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད།

   ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་ལིའུ་ཐེན་མིང་གིས་ཚོགས་ཆེན་ཐོག་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བྱེད། སྙན་ཞུའི་ནང་། 2025ལོར་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གིས་ཞིབ་དཔྱོད་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་པ་དང་དམངས་འཚོར་ཕན་པའི་ཉེས་དོན་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་དྲང་གཞག་བདེ་འཇགས་ཀྱི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་། ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པའི་འཇུག་སྒོ་དང་ཤུགས་རྒྱག་ས་འཚོལ་ཞིབ་འཕྱུགས་མེད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ།  མི་དམངས་ལྟེ་བར་བྱས་ཏེ་དམངས་སེམས་དྲོ་སྐྱིད་ལྡན་པ་དང་དམངས་འཚོར་ཕན་པ། བདེ་སྐྱིད་མངོན་འགྱུར་བཅས་ཀྱི་དམངས་འཚོའི་བྱ་བ་དོན་འཁྱོལ་ཡག་པོ་བྱེད།  འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ཏེ་ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་གཏོང་བ།  དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད།  ཁྲིམས་འཛིན་ཁྱོན་ཡོངས་ནས་ནན་པོ་བསྐྱངས་ཏེ། སྲོལ་བཅོས་སྒྲིག་ནན་བྱས་པས་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་ཅིག་གྲུབ། ལོ་ཧྲིལ་པོར་གྱོད་གཞི་སྣ་ཚོགས་ཁྱོན་1125གཉེར་སྒྲུབ་བྱས་པ་དེ་དུས་མཚུངས་ལས་10.64%ཆག་ཡོད། སྙན་ཞུའི་ནང་། 2026ལོར་ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱབ་ནས། ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོར་ཕན་འདོགས་པ། གྱོད་སྒྲུབ་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། “ལེགས་པོ་གསུམ་”ལག་ལེན་བསྟར་བ། “སྤུས་ལེགས་ནུས་ཆེའི་གྱོད་གཞི་ཚང་མ་ཡག་པོ་གཉེར་ནས་”ཞིབ་དཔྱོད་ལས་དོན་གྱི་བྱས་རྗེས་གསར་པར་བརྟེན་ནས།  བདེ་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་ལེན་བྱས།

ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་མཁན་ད་དུང་ལས་ཐོག་གི་ཁུལ་རིམ་པའི་འགོ་ཁྲིད་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཡོད་པ།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་མཁན་ཨུ་ཡོན་དང་འབྲེལ་ཡོད་མི་སྣ་ཚོགས་འདུར་ཟུར་ཞུགས་བྱས།

 

责任编辑:江初卓玛 万玛措 

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ འཚོགས།

“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དམིགས་ཡུལ་ལས་འགན་གཙོ་བོ།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།

ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་འགན་འཁུར་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ཞིག་འབྲི་དགོས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱི་2025ལོའི་ལས་དོན་སྐོར་གྱི་མདོར་བསྡུས་གླེང་།

བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་དངོས་ཀྱི་རྒྱུགས་ལན།

2025ལོར་བདེ་ཆེན་ཁུལ་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།

མཐོ་སྒང་གི་ལེའུ་གསར་པ་བྲིས། བློ་སེམས་གཅིག་མཐུན་གྱིས་རྒྱང་རིང་ལ་བསྐྱོད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས་པའི་ཟུར་བྲིས།

གྲོས་གཞི་སྒྲུབ་ཚད་100%ཟིན་ནས་བློ་ཡིད་ཚིམ་ཚད་96.6%ཟིན་པ་དང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་གཉེར་སྒྲུབ་ལ་ཕན་འབྲས་ཐོབ་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com