ཨུ་ཡོན་10ཡིས“དོན་ཆེན་བཞིར”དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ།


ཟླ་1པོའི་ཚེས་20ཉིན་བདེ་ཆེན་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཚོགས་ཆུང་དང་པོའི་རིགས་ཁོངས་མཉམ་འབྲེལ་ཚོགས་ཆུང་གི་གྲོས་མོལ་ཚོགས་འདུ་འཚོགས་ཡུལ་དུ་སྤྲོ་སེམས་འཁོལ་བའི་རྣམ་པས་ཁེངས་ཤིང་།ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་ནས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་གསན་པ་དང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མེའོ་ཡུས་ཧྥ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་10ཡིས་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་སྲ་བརྟན་བཅས་དོན་ཆེན་བཞིར་དམ་པོར་དམིགས་ཏེ་ཀྲུང་གོའི་རྣམ་པ་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད་བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཐབས་ཇུས་བཏོན་གནང་བ་རེད།

ཡུན་རིང་བདེ་འཁོད་ལ་དམ་པོར་དམིགས་ཏེ་མཐུན་སྒྲིལ་ཞི་མཐུན་གྱི་རྨང་གཞི་བརྟན་པོ་འདིང་བའི་ཆོས་ལུགས་དང་མི་རིགས་ལས་དོན་དེ་བོད་འབྲེལ་ས་ཁུལ་གྱི་ཡུན་རིང་བདེ་འཁོད་ཡོང་བ་འབྲེལ་བ་ཡོད།ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཀེ་ཡུས་པིན་གྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བདེ་ཆེན་གྱི་ལག་ལེན་ཐད་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་བ་རེད།ཁོང་གིས་མིག་སྔར་འཕྲད་པའི་ཉེན་ཁའི་འགྲན་སློང་ལ་དབྱེ་ཞིབ་གནང་ནས་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་།རིག་གནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཚམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་གྲོས་འགོ་བཏོན་གནང་བ་རེད།“རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ང་ཚོའི་ལས་འགན་གལ་ཆེན་ཞིག་རེད”ཅེས་ལུའོ་ཁྲའོ་ཧྥེང་གིས་ལན་འདེབས་སྐབས་ཨུ་ཡོན་གྱི་བརྟག་ཞིབ་གཏིང་ཟབ་དང་གྲོས་འགོ་དངོས་སྒྲུབ་རེད།ཁོང་གིས་ཆོས་ལུགས་ལས་རིགས་ཀྱིས་བསྟན་དོན་ཁྲོད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྔོག་འདོན་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་གནང་ནས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་འཚམ་མཐུན་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་།
ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཡོན་ཏན་སྐལ་བཟང་སྟོབས་ལྡན་གྱིས་རང་ངོས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བའི་བསམ་གཞིག་མཉམ་སྤྱོད་བྱས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་དེ་གར་ཡོད་པའི་ཆོས་ལུགས་ལས་རིགས་གཞན་དག་གི་འཐུས་མི་དང་སྤེལ་རེས་བྱས་ཏེ་ཆོས་ལུགས་ལས་རིགས་ཁག་གི་མི་སྣ་དང་མཉམ་དུ་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གཅིག་གྱུར་རྩོམ་སྒྲིག་གི་སློབ་གཞི་ཁྱབ་གདལ་གཏོང་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་རྨང་གཞིའི་ལས་གྲྭ་ཞིག་ཡིན།ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དབྱང་ཏ་ཧྲན་གྱིས་“སྐུལ་འདེད་གཉིས”ཀྱི་ལས་དོན་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཞིབ་ཕྲའི་གྲོས་འགོ་བཏོན་པའི་ནང་།“སྐུལ་འདེད་གཉིས”དང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དབར་གྱི་འབྲེལ་བ་སྤྱི་འདོམས་མཐུན་སྦྱོར་དང་།གཙོ་གནད་ལས་དོན་གྱི་གནད་སྨིན་རང་བཞིན་ལ་དམིགས་པ། སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཉམ་ཤུགས་གཅིག་ཏུ་སྒྲིལ་རྒྱུ་སོགས་ཚུད་ཡོད།
ལུའོ་ཁྲའོ་ཧྥེང་གིས་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་འབྲེལ་ཡོད་ཚུར་ལན་གནང་ནས་ལས་དོན་དེས་མང་ཚོགས་སྤྱི་ཚོགས་ནང་ཐད་ཀར་ཞུགས་པ་དང་ཕྱི་ཕྱོགས་དང་སྤེལ་རེས་བྱ་རྒྱུར་ཐད་ཀར་ཤུགས་རྐྱེན་ཐེབས་པས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་དམ་འཛིན་ཡག་པོ་བྱེད་དགོས།“སློབ་གཞི་ཧ་ཅང་གལ་ཆེན་ཡིན། དེས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ལྟ་བ།མི་རིགས་ལྟ་བ། ཆོས་ལུགས་ལྟ་བ། རིགས་གནས་ལྟ་བ་བཅས་བརྒྱུད་སྤེལ་བྱེད་ཀྱི་ཡོད”ཅེས་ནན་བཤད་གནང་བ་རེད།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དཔལ་འབྱོར་ལ་སྒུལ་ཤུགས་ཆེན་པོ་སྣོན་པའི་འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་རེད།ཨུ་ཡོན་ཚོས་ཐོན་ལས་རིམ་སྤོར་དང་། དངུལ་རྩའི་རྒྱབ་སྐྱོར། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་སོགས་ཀྱི་དཔལ་འབྱོར་གྲོས་གཞིར་དམིགས་ནས་གྲོས་འགོ་ཧུར་ཐག་བཏོན་གནང་བ་རེད།
ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་མཱ་ཚེ་ཧྭ་ཡིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་དམ་པོར་དམིགས་ནས།ཁུལ་ཁོངས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ནང་གཏིང་ཟབ་ཞུགས་པ་དང་སྣེ་ཁྲིད་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།ཁོང་གིས་ཁེ་ལས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲོམ་རའི་གསོན་ཤུགས་ཆེ་རུ་གཏོང་བ་དང་།ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ལས་བཀོད་ཇུས་མཐུན་སྦྱོར་ལེགས་སུ་གཏོང་བ་སོགས་ཀྱི་གྲོས་འགོ་བཏོན་གནང་བ་རེད།
བརྗོད་གཞི་འདིར་གྲོས་བསྡུར་འཁྲུག་པོ་བྱས། ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡུལ་སྐོར་ཚོགས་པ་དང་སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་གྲངས་གཞི་དཔེར་དྲངས་ཡོད་པ་སྟེ།ཁུལ་ཡུལ་སྐོར་ཚོགས་པས་2025ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་573ལ་སྣེ་ལེན་ཞུས་ནས་ཡོང་འབབ་སྒོར་དུང་ཕྱུར་5.97ཟིན་པ་དང་། སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་200ལས་བརྒལ་ནས་ཡོང་འབབ་སྒོར་དུང་ཕྱུར་1.6ལས་བརྒལ་བ་དང་འབྲེལ། ཁུལ་ཡོངས་ཀྱི“3331”ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་འགྲེལ་བཤད་བརྒྱབ་པ་སྟེ།ས་ཁོངས་ཧྲིལ་པོ་དང་། དུས་ཚིགས་ཧྲིལ་པོ། རྒྱུ་རྐྱེན་གཙོ་བོ་ཧྲིལ་པོ་བཅས་ཀྱི་ཡུལ་སྐོར་ཁུལ་བཏོད་དེ་ཡུལ་སྐོར་དཔལ་འབྱོར་རྒྱུད་གསུམ་འཛུགས་སྐྲུན་བྱས་ཏེ་མཐར་ཐོན་རྫས་དང་།ལས་རིགས། དཔེ་རྣམ་གསར་གཏོད་དང་ཞབས་ཞུ་ལེགས་སུ་བཅས་བཏང་ཡོད། ཁོང་གིས“གཞུང་ཁོངས་ཁེ་ལས་ནི་ང་ཚོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྣེ་འདྲེན་ཡིན”ཞེས་གསུངས་པ་དང་།གཞུང་ཁོངས་ཁེ་ལས་ཀྱིས་འཆར་འགོད་དེའི་ནང་འགན་འཁྲི་ལྕི་པོ་འཁུར་ནས་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དངུལ་རྩ་ནི་དཔལ་འབྱོར་གྱི་མ་རྩ་ཡིན། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལི་ལི་མིང་གིས་ཁྲིམས་སྐྱོང་ཕྱོགས་ལྟ་ན། ཁྲིམས་སྐྱོང་གི་བསམ་གཞིགས་ལ་བརྟེན་ནས་གཞི་རིམ་གྱི་དངུལ་རྩ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ལྗང་མདོག་དངུལ་རྩ་དང་སྤྱི་ཕན་དངུལ་རྩ་སོགས“དངུལ་རྩ་ཆེན་པོ་ལྔའི”འགན་སྲུང་མཁོ་འདོན་བྱེད་པ་དང་དུས་མཚུངས་སུ། ཉེན་ཁ་གནད་ལ་འཁེལ་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱེད་དགོས་ཞེས་བཏོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་དངུལ་རྩའི་རྒྱབ་སྐྱོར་བྱས་པ་དེ་བདེ་ཆེན་གྱི་འཕེལ་རྒྱས་ཐད་མེད་དུ་མི་རུང་བ་ཞིག་ཡིན་ལ། ངེས་པར་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཉེན་ཁ་སྔོན་འགོག་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས།
ཁེ་ལས་ནས་ཡོང་བའི་ཨུ་ཡོན་བློ་བཟང་རྒྱལ་མཚན་གྱིས་ཕྱི་ཚོང་མ་དངུལ་འཇོག་པའི་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དོ་ཁུར་བྱེད་བཞིན་ཡོད། ཁོང་གིས་མིག་སྔའི་ཕྱི་ཚོང་མ་དངུལ་རྣམ་གྲངས་ཐོར་ཞན་ཆུང་བ་དང་ལག་བསྟར་བྱེད་དཀའ་བ། བཀོད་སྒྲིག་འདྲ་མཉམ་མིན་པ་བཅས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱས་ནས། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དང་གནད་འཁེལ་ཚོང་འགུགས་མ་དངུལ་འཇོག་པ། རྒྱུ་རྐྱེན་གཙོ་བོའི་ཞན་ཆ་གསབ་བ། ཞབས་ཞུའི་ཕན་ནུས་རིམ་སྤོར་བཅས་ཕྱོགས་བཞིའི་ཐད་ནས་གྲོས་འགོ་བཏོན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ནང་ཁུལ་གསོ་སྐྱོང་དང་ཕྱི་ཚོང་འདྲེན་པའི་ཁྲོམ་རའི་གཙོ་བོའི་སྟོབས་ཆེར་གཏོང་བའི་ལས་དོན་བཀོད་སྒྲིག་ངོ་སྤྲོད་བྱས་ནས། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་གཏོང་བ་དང་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད།

དམངས་འཚོ་དང་བདེ་འཇགས།མཐོ་སྒང་མང་ཚོགས་ཀྱི་བདེ་སྐྱིད་ལ་མཐའ་སྲུང་བྱས་པར་དོ་ཁུར་བྱས་ཏེ། འབྲུ་རིགས་བདེ་འཇགས་དང་འབབ་སྟོན་སྲོག་སྐྱོབ། གཞི་རིམ་བཅོས་སྐྱོང་སོགས་དམངས་འཚོ་གྲོས་གཞི་ནི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་ཡོད། ཁུལ་སྲིད་གྲོས་ཨུ་ཡོན་ལི་པིན་གྱིས་ས་ཞིང་སྲུང་སྐྱོང་བྱེད་པའི་ཐོག་ལ་མིག་རྒྱང་བལྟས་ཡོད། ཁོང་གིས་མིག་སྔར་གནས་པའི་ས་ཞིང་སྟོང་པ་བོར་བ་དང་འགན་འཁྲི་བརྒྱུད་འདྲེན་ཡག་པོ་མེད་པ། ཁྲིམས་འགལ་གྱི་མ་གནས་དམའ་བ་སོགས་མངོན་གསལ་དོད་པོའི་གནད་དོན་སྟོན། ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་སྐུལ་སློང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་མ་ལག་རང་བཞིན་གྱི་གྲོས་འགོ་བཏོན་ནས། འབྲུ་རིགས་བདེ་འཇགས་ཀྱི་མ་མཐའི་སྲ་བརྟན་འཛུགས་ཆེད་ཐབས་ཇུས་བཏོན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་དབྱང་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་དང་ཟུང་འབྲེལ་བྱས་ནས། ལས་དོན་དེའི་གལ་ཆེའི་རང་བཞིན་ཡིན་ལ། ཀྲུང་གོ་བས་རང་ཉིད་ཀྱི་ཕོར་པ་རང་གི་ལག་ཏུ་བརྟན་པོར་འཛིན་དགོས་ཞེས་ནན་གསུང་གནང་། དམིགས་བསལ་གྱི་མཐོ་སྒང་ཁོར་ཡུག་འབབ་སྟོན་མྱུར་སྐྱོབ་མ་ལག་ལ་སྔར་ལས་མཐོ་བའི་བླང་བྱ་བཏོན་ཡོད།
ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཡན་ཤིན་གྱིས་མིག་སྔའི་མཛེས་ལྗོངས་ཁུལ་གྱི་སྲོག་སྐྱོབ་དྲ་རྒྱར་ཡག་པོ་མེད་པ་དང་སྤྱི་སྤྱོད་བྱ་ཡུལ་AEDབཀོད་སྒྲིག་ཞན་པ། དམངས་ཡོངས་ཀྱི་མྱུར་སྐྱོབ་རྩལ་ནུས་ཁྱབ་གདལ་གཏོང་དགོས་པར་སིམ་དཀའ་བཅས་གནས་ཡོད། ཁོང་གིས་ས་གནས་ཐོག་ས་ཚིགས་ཡོད་པ་དང་དྲ་ཐོག་ཡོ་ཆས་ཡོད་པ། ས་ངོས་སུ་མི་ཡོད་པ་བཅས་ལངས་གཟུགས་ཅན་གྱི་འབབ་སྟོན་སྲོག་སྐྱོབ་དྲ་བ་འཛུགས་རྒྱུའི་འབོད་སྐུལ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་དེའི་ཐད་ལ་དོ་ཁུར་ཆེན་པོ་བྱེད་ཡོད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཡུལ་སྐོར་བ་ཁ་ཤས་ལ་རྫ་དུག་ཕོབ་ནས་སྟབས་མ་ལེགས་པར་བསམ་ཡུལ་ལས་འདས་པའི་གྱོད་དཔེ་གླེང་། ངེས་པར་དུ་སྨན་བཅོས་མྱུར་སྐྱོབ་ཞན་ཆ་མགྱོགས་མྱུར་ཁ་གསབ་བྱས་ཏེ། བདེ་ཆེན་དུ་ཡོང་བའི་ཡུལ་སྐོར་བ་ཚང་མའི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད། ང་ཚོའི་སྨན་བཅོས་མྱུར་སྐྱོབ་མ་ལག་ངེས་པར་དུ་ཡུལ་སྐོར་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་སུ་འབྲང་དགོས་ཞེས་བཤད།
ཁོང་གིས་གཞི་རིམ་བཅོས་སྐྱོང་ནི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་འབྲེལ་ཡོད། ཁུལ་སྲིད་གྲོས་ཨུ་ཡོན་ཀྲུའུ་ཞན་ཐེན་གྱིས་བསམ་འཆར་དང་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་བྱས་ནས། འགལ་བའི་རྩོད་གཞི་གཞི་རིམ་དུ་སེལ་རྒྱུར་སྐུལ་འདེད་གཏོང་དགོས། ཁོང་གིས་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་ཚོགས་རྩ་འཛུགས་ནང་ཞུགས་བར་སྐུལ་མ་གཏོང་བ། ས་གནས་དེ་གའི་རིག་གནས་སྔོག་འདོན་བཅས་བྱས་ནས་འདུམ་འགྲིག་སྤུས་རྟགས་གཏོད་དགོས་ཞེས་གྲོས་འགོ་བཏོན་པ་རེད། ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི“13344”གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་བསམ་ཕྱོགས་ངོ་སྤྲོད་བྱས་སྟེ། ཏང་འཛུགས་སྐྱོང་སྣེ་ཁྲིད་བྱས། ཁུལ་དང་རྫོང་། ཞང་རིམ་པ་གསུམ་གྱི་འགན་འཁྲི་ཁ་གསལ་བཟོས་ནས། རྩོད་གཞི་སྣ་མང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་། དོན་ཆུང་གྲོང་ཚོ་རུ་མི་འགྲོ་བ་དང་དོན་ཆེན་གྲོང་རྡལ་དུ་མི་འགྲོ་བ། འགལ་བ་གོང་སྤྲོད་མི་བྱེད་པར་དམིགས་འབེན་མངོན་འགྱུར་བྱེད་དགོས།
གཞན་ཡང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཨུ་ཡོན་དབྱང་མེང་ལིན་གྱིས་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཀྱི་ཐོན་ལས་བཟོ་པའི་བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་སྐོར་གྱི་གྲོས་འགོར་ཡང་དགེ་མཚན་ལྡན་པའི་ངང་ལན་སློག་ཡོད། ལུའོ་ཁྲའོ་ཧྥེང་གིས“གསར་གསུམ”ཁྱབ་ཁོངས་ཀྱི་ཚོགས་སྤྱིར་དམིགས་བསལ་དོ་ཁུར་བྱེད་དགོས་པ་དེ་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ལས་དོན་པུའུ་བཙུགས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཞབས་ཞུ་དང་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།
གྲོས་མོལ་ཚོགས་འདུའི་ཐོག ཨུ་ཡོན་ཚོའི་“ཐབས་མཆོག”ལ་བརྟེན་ནས་ཐབས་ཇུས་གསར་པ་རྒྱུན་ཆད་མེད་པར་ཐོན། ལུའོ་ཁྲའོ་ཧྥེང་གིས་ནན་ཏན་ངང་ཉན་པ་མ་ཟད་ལན་སློག་ནས། ཨུ་ཡོན་ཚོའི་བརྟག་ཞིབ་ཏན་ཏིག་དང་སྤུས་ཚད་མཐོ་བའི་ཐབས་ཇུས་ལ་ཚད་མཐོའི་གདེང་འཇོག་གནང་། ཁོང་གིས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་དང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་བདེ་ཆེན་གྱི་ལག་ལེན་གཏིང་ཟབ་ཏུ་གཏོང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས། མུ་མཐུད་ཇུས་བཟང་མང་ཙམ་འདོན་པ་དང་འབྲེལ་གཏུག་རྒྱ་ཆེ་གཏོང་བ། རིག་སྟོབས་ཆེ་བའི་ལེགས་ཆ་འདོན་སྤེལ་བྱས་ནས། དོན་ཆེན་བཞི་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་གཅིག་ཏུ་བསྡུ་དགོས་པའི་རེ་བ་ཡོད་ཅེས་བཤད།
责任编辑:江初卓玛 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཨུ་ཡོན་10ཡིས“དོན་ཆེན་བཞིར”དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ།
ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུར་མྱུར་གཟིགས།
ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ འཚོགས།
“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དམིགས་ཡུལ་ལས་འགན་གཙོ་བོ།
2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།
ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་འགན་འཁུར་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ཞིག་འབྲི་དགོས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱི་2025ལོའི་ལས་དོན་སྐོར་གྱི་མདོར་བསྡུས་གླེང་།
བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་དངོས་ཀྱི་རྒྱུགས་ལན།
2025ལོར་བདེ་ཆེན་ཁུལ་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
