中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུར་མྱུར་གཟིགས།

ཁྱབ་བསྒྲགས་དུས་ཚོད་:2026-01-21 14:36:50 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   2025་ལོ་ནི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་མཇུག་བསྡུ་བ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཇུས་འགོད་ཀྱི་ལོ་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཡུན་ནན་དུ་རྟོག་ཞིབ་གནང་བར་ཕེབས་པ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་ནས་ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན།  ལག་ལེན་གྱི་ཐབས་ལམ་ཁ་གསལ།  སྒུལ་ཤུགས་ཆེན་པོ་བསྣན་པ་བཅས་གནང་ཡོད།

  ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་བསྐྲུན་པས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆབ་སྲིད་ཀྱི་གཏིང་ཤུགས་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།

  ང་ཚོས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་པས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཆབ་སྲིད་ཁ་ཕྱོགས་དེ་བས་བརྟན་དུ་ཕྱིན་ཡོད།

  ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པས་མི་དམངས་འཐུས་ཚོགས་ལས་དོན་གྱི་དུས་རབས་ཀྱི་ལས་འགན་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད།

  ལོ་ཧྲིལ་པོར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་6་དང་ཀྲུའུ་རེན་ཚོགས་འདུ་ཐེངས་13་སྐོང་ཚོགས་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་1་བཟོ་བཅོས་བརྒྱབ་པ་དང་། “གཞུང་གཅིག་ཁང་གཅིག”གི་ཆེད་དོན་ལས་དོན་སྙན་སྒྲོན་ཁག་13་ལ་གྲོས་ཞིབ་བྱས་པ། ཁྲིམས་སྒྱུར་ཞིབ་བཤེར་ཐེངས་5་དང་། ཆེད་དོན་བརྟག་ཞིབ་ཐེངས་26  འཐུས་མིས་གཅིག་སྡུད་ལྟ་ཞིབ་ཐེངས་1  ཆེད་དོན་འདྲི་རྩད་ཐེངས་2   འདྲི་རྩད་ཐེངས་1་བཅས་སྒྲིག་འཛུགས་བྱས་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་10་ཐོ་འགོད་ཞིབ་བཤེར་བྱས་པ། གྲོས་ཆོད་ཁག་5་བཟོས་པ།  རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་(་ཐེངས་)་36ཁྲིམས་ལྟར་བསྐོ་འཐེན་བྱས་པ་དང་། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་འགོ་117བསྒྲུབ་རྒྱུར་རྩིས་སྤྲད་པ་དང་། སྒྲུབ་ལན་སློག་ཚད་100%ཟིན་པ་དང་བློ་ཡིད་ཚིམ་ཚད་96.6%ཟིན་ནས་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།

  གཅིག ལྟེ་བའི་སྤྱི་ཡོངས་ལ་དམིགས་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱས་པ།

  རྒྱུན་ལས་ཨུ་ལྷན་གྱིས་ཁུལ་ཡོངས་ཀྱི་ལྟེ་བ་དང་གཙོ་གནད་ལས་འགན་ལ་དམིགས་ནས་བརྟན་ལྷིང་དང་། འཕེལ་རྒྱས།  སྐྱེ་ཁམས།  མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་རྩེ་གཅིག་ཏུ་དམིགས་པ།  མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཤུགས་རྒྱག་ས་གནད་ལ་འཁེལ་བར་འཚོལ་བ།  ས་གནས་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་ཕན་འབྲས་ལ་བརྟེན་ནས་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཡོད།

 རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་པ།    

 དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ།

 སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།   

 མཐའ་མཚམས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པ།

  གཉིས།  སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློར་རྩེ་གཅིག་ཏུ་དམིགས་ནས་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ།

  རྒྱུན་ལས་ཨུ་ལྷན་གྱིས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པར་རྩེ་གཅིག་ཏུ་དམིགས་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་བ།  དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་སུ་བརྩི་བ།  མི་དམངས་མང་ཆོགས་ཀྱི་རེ་སྒུག་དང་དམ་པོར་བསྟུན་ནས་ལས་དོན་ཁག་ལེགས་པར་སྒྲུབ་ཡོད།

སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་བྱས་པ།    

དམངས་འཚོའི་བདེ་སྐྱིད་ལ་སེམས་ཁུར་དང་དོ་ཁུར་བྱས་པ།  

སྤྱི་ཚོགས་ཀྱིས་དོ་ཁུར་བྱས་པར་ལན་ཧུར་ཐག་བཏབ་པ།

  གསུམ།  ཁུར་པོ་ཡང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བར་དམིགས་ནས་ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གསར་གཏོད་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ།

  རྒྱུན་ལས་ཨུ་ལྷན་གྱིས་དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པ།  གསར་དུ་བཟོ་བཅོས་བརྒྱབ་པའི་ལྟ་སྐུལ་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བཅས་བྱས་ཏེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་མི་དམངས་འཐུས་ཚོགས་ལས་དོན་གྱི་དུས་རབས་ཀྱི་ཁྱད་ཆོས་དང་ལག་ལེན་གྱི་ཁྱད་ཆོས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་བཏང་ཡོད།

རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ།

 ཁྲིམས་ལུགས་གཅིག་གྱུར་ཡོང་བར་སྲུང་སྐྱོང་ནན་པོ་བྱས་པ།    

གོང་འོག་མཉམ་འགུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱབ་པ།

ལྟ་སྐུལ་དང་རྗེས་སྙེག་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་བཏང་བ།

   བཞི།  ནུས་པ་འདོན་སྤེལ་བྱས་པར་གནད་དུ་དམིགས་པ་དང་། གོང་བུར་འགྲིལ་ཤུགས་ཀྱིས་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཞབས་ཞུ་དང་འགན་སྲུང་བྱས་པ།  

  རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་གྲུབ་ཆ་གཙོ་བོའི་གོ་གནས་ལ་བརྩི་འཇོག་ཏན་ཏིག་དང་། གསར་དུ་བཟོ་བཅོས་བརྒྱབ་པའི་འཐུས་མིའི་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ།  འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ལས་སྟེགས་སྐྲུན་པ་དང་། ཆ་རྐྱེན་སྐྲུན་པ།  རྒྱབ་སྐྱོར་འདོན་སྤྲོད།  འགན་སྲུང་ལེགས་པོ་བཅས་བྱས་པར་འབད་བརྩོན་བྱས་ཡོད།

“འབྲེལ་བ་གཉིས”རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་བ།   

བྱེད་སྒོའི་གཡུལ་ས་སྟོབས་ཆེར་གཏོང་བ་དང་བེད་སྤྱོད་ཡག་པོ་བྱས་པ།  

འཐུས་མིའི་བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ།  

 འཐུས་མིས་འགན་འཁྲི་སྒྲུབ་པར་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ།

  ལྔ། “ལས་ཁུངས་བཞི”་ལ་དམིགས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཏོན་པའི“ལས་ཁུངས་བཞི”ཡི་ངེས་གནས་བླང་བྱར་དམིགས་ནས་ཆབ་སྲིད་ལེགས་སྐྱོང་སྤྱི་འདོམས་སུ་འཛིན་པ་དང་། རྒྱུན་ལས་ཨུ་ལྷན་དང་ལས་ཁུངས་རང་ངོས་ལེགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ།

 ཆབ་སྲིད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་བྱས་པ།

 ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་པ།

 སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་བ།

 ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བར་དོ་སྣང་བྱས་པ།

 དྲིལ་བསྒྲགས་དང་གནས་འཕྲིན་སྤེལ་བར་ཤུགས་སྣོན་རྒྱབ་པ།

 སླད་ཕྱིན་ལོ་གཅིག་གི་ལས་འགན་གཙོ་བོ།

  2026་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན།  ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཏེ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་པ།  ཏང་གི་འགོ་ཁྲིད་པ་དང། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་རྒྱུན་འཁྱོངས་བྱས་ནས།   སྐབས་དགུ་པའི་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ།  ཐག་གཅོད་དབང་ཆ།  བསྐོ་འཐེན་དབང་ཆ་བཅས་ཁྲིམས་ལྟར་སྤྱོད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ།  མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ།  འཁོར་སྐྱོད་ཡག་པོ་བཅས་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་རུ་གཏོང་རྒྱུ་རེད།

ཆབ་སྲིད་ཀྱི་བློ་དཀར་སེམས་དཀར་བརྟན་པོ་འཛུགས་པའི་ཐད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་བྱེད་པ།  

ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ།

ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བའི་ཐད་བྱས་རྗེས་གསར་པ་མངོན་པ་བྱེད་པ།  

འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱེད་པ།

རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་གཟུགས་བརྙན་གསར་པ་གཏོད་པ

  བསམ་བློ་གསར་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྣེ་ཁྲིད་པ་དང་དུས་རབས་གསར་པས་འགན་འཁྲི་གསར་པ་འཁུར་དགོས་པའི་འབོད་སྐུལ་བཏང་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་དང་། ཁུལ་ཨུའི་འགོ་ཁྲིད་ནུས་ལྡན་འོག་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་འདོན་སྤེལ་སྔར་ལས་ལྷག་པར་བྱེད་པ་དང་། དམ་པ་དོན་གཉེར་དང་སྒྱིད་ལུག་མི་བྱས་པར་བདེ་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པ”འབད་བརྩོན་ཆེན་པོས་མངོན་འགྱུར་བྱེད་ཆེད་འགོ་ཡག་པོ་རྩོམ་པ་དང་གོམ་པ་ཡག་པོ་སྤོ་བ།  ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེ་ཚན་གསར་པ་རྩོམ་ཆེད་ཐུན་མོང་ཐོག་འབད་བརྩོན་བྱ་དགོས།

责任编辑:江初卓玛 万玛措 

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུར་མྱུར་གཟིགས།

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ འཚོགས།

“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དམིགས་ཡུལ་ལས་འགན་གཙོ་བོ།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།

ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་འགན་འཁུར་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ཞིག་འབྲི་དགོས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱི་2025ལོའི་ལས་དོན་སྐོར་གྱི་མདོར་བསྡུས་གླེང་།

བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་དངོས་ཀྱི་རྒྱུགས་ལན།

2025ལོར་བདེ་ཆེན་ཁུལ་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།

མཐོ་སྒང་གི་ལེའུ་གསར་པ་བྲིས། བློ་སེམས་གཅིག་མཐུན་གྱིས་རྒྱང་རིང་ལ་བསྐྱོད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས་པའི་ཟུར་བྲིས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com