“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དམིགས་ཡུལ་ལས་འགན་གཙོ་བོ།
“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ནི་རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབད་འབུངས་ཆེན་པོས་རྩོམ་འབྲི་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱིས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབད་འབུངས་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཀྱང་ཡིན། 《ཀྲུང་གུང་བདེ་ཆེན་ཁུལ་ཨུས་བདེ་ཆེན་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱས་པའི་སྐོར་གྱི་གྲོས་འགོ》ལ་ལྟར་ནས། ཁུལ་མི་དམངས་སྲིད་གཞུང་གིས《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་རྩ་གནད(འཆར་ཟིན)》བཟོས་ཏེ་ཚོགས་ཆེན་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་བ།
《རྩ་གནད(འཆར་ཟིན)》དེ་“ལོ་ལྔའི་ཚན་བཅུ་བཞི་པ”འཆར་འགོད་ཀྱི་ནང་བཏོན་པའི་དགོངས་པ་དང་བསམ་ཕྱོགས་ལ་རྒྱུན་མཐུད་རང་བཞིན་ལྡན་པར་རྒྱུན་འཁྱོངས་བྱས་པ་དང་། མ་འོངས་པར་ལོ་ལྔའི་རིང་གི་རང་ཁུལ་གྱི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས། དོན་དངོས་དང་མཐུན་པའི་སྔོན་མཐོང་རང་བཞིན་གྱི་སྤྱིའི་བསམ་ཕྱོགས་དང་། ལས་ཀའི་རྩ་དོན། གཙོ་གནད་དམིགས་ཚད། འཐབ་ཇུས་ཀྱི་ལས་འགན་བཅས་བཏོན་ཡོད། ང་ཚོས་བརྟན་བརླིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་ཀྱི་དོན་ཆེན་བཞི་ལ་དམ་འཛིན་གཏིང་ཟབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་གཞི་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གདོང་ལེན་དམག ཡུན་ནན་གྱིས་ཨེ་ཤེ་ཡར་ལྷོ་མ་ཕྱོགས་སུ་ཁ་གཏད་འཇལ་པའི་བགྲོད་ལམ་གལ་ཆེན། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་ཡུལ་སྐོར་དམིགས་ས་བཅས་འཛུགས་སྐྲུན་ཧུར་ཐག་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་འབྱོར་ཕྱུག་ལྡན་པའི་སྒོ་ནས་གོམ་སྟབས་སྤོས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་རྒྱུའི་ཐག་གཅོད་རང་བཞིན་ལྡན་པའི་འཕེལ་རྒྱས་འགྲོ་ཐུབ་པ་བྱེད་དགོས།
ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་གཏོད་པའི་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ཐོན།
སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་ནས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་སྐྲུན་རྒྱ་སྐྱེད་གཏོང་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལག་ལེན་སྐུལ་འདེད་གཏོང་སྟེ། འགལ་བ་དང་རྩོད་གཞི་ལ་རྒྱུན་ལྡན་ངང་གྲལ་བཤེར་ཐག་གཅོད་བྱས་ནས། ཆུ་ཚད་མཐོ་བའི་ཞི་བདེ་བདེ་ཆེན་དང་ཁྲིམས་སྐྱོང་བདེ་ཆེན་འཛུགས་སྐྲུན་བྱས་པར་སྐུལ་འདེད་ཏན་ཏིག་གཏོང་སྟེ། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་དམ་འཛིན་བྱེད་ཅིང་། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་བརླིང་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་ལེགས་སུ་གཏོང་བ་བཅས་བྱེད་དགོས།
ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་།
བདེ་ཆེན་གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས། རིག་གནས་དང་ཡུལ་སྐོར་ཐོན་ལས་སྟོབས་ཆེ་རུ་སྒྲུབ་སྟེ། མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་དང་གནོད་མེད་ནུས་ཁུངས་ཐོན་ལས་ཡག་པོ་སྒྲུབ་ནས། གནོད་མེད་ཀྱི་གཏེར་ལས་གསར་པར་འཕེལ་རྒྱས་གཏོང་དགོས། སྐྱེ་ཁམས་དང་གནམ་གཤིས་སོགས་ཀྱི་ལེགས་ཆ་ལ་བརྟེན་ནས། ཀྲུང་བོད་སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ཁྱབ་ཁོངས་ཀྱི་ལེགས་ཆ་ལ་བརྟེན་ནས་དེང་རབས་ཀྱི་ཟོག་འདྲེན་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་བཅས་ཀྱི་ཚོང་ཟོག་འདྲེན་གཏོང་གི་གཅིག་སྡུད་ཁ་ཐོར་གྱི་ས་ཁུལ་གཏོད་དགོས། རང་འགུལ་ངང་ཡུན་ནན་གྱིས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཁྱབ་པ་བཅས་ཀྱི་ཁྱབ་འགྱེད་ལྟེ་གནས་འཇུགས་སྐྲུན་བྱས་པ་རུ་མཉམ་འདྲེས་དང་ཞབས་ཞུ་བྱས་ནས། ནུས་ཤུགས་ཡོད་རྒུས་ཡུན་ནན་དང་བོད་ལྗོངས་བར་གྱི་ལྕགས་ལམ་སེམས་ཀྱི་ཉི་ཟླ་ནས་ར་འོག་བར་གྱི་ལམ་དུམ་དང་། ཡུན་ནན་ནས་སི་ཁྲོན་བར་གྱི་ལྕགས་ལམ་སེམས་ཀྱི་ཉི་ཟླ་ནས་ལི་ཐང་བར་གྱི་ལམ་དུམ། ཟི་ལིང་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ཡེ་ཀྲི་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་སོགས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ལ་མཉམ་ལས་བྱས་ཏེ་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།
ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་།
ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་གཅིག་སྡུད་ཅན་གྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་ནས། བདེ་ཆེན་སློབ་གསོའི་འཕེལ་རྒྱས་ཀྱི་ཆུ་ཚད་ནུས་ལྡན་གཏོང་བ་བཅས་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་དགོས་མཁོ་སྐོང་ནས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་སྟེ། གོམ་གང་མདུན་སྤོས་ཀྱིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་འགྲོ་བ་བྱེད་དགོས།
མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་།
ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གདོང་ལེན་དམག་ལ་དམིགས་ནས། སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་གཙོ་གནད་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོར་བྱེད་ཤུགས་ཆེ་རུ་གཏོང་སྟེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་ལེགས་སུ་དང་མཐོ་རུ་གཏོང་ནས། ཐོན་ལས་དང་། ནུས་རྒྱུ། འགྲིམ་འགྲུལ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་གནོད་མེད་ཐཱན་ཉུང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ། བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཐོན་རྫས་མངའ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གསོ་སྐྱོང་ཧུར་ཐག་བྱེད་དགོས།
2026ལོའི་གཙོ་གནད་ལས་དོན།
སྲིད་གཞུང་ལས་ཀའི་སྤྱིའི་བླང་བྱ།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་བྱས་པར་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་ཐེངས་ཁག་གི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་། ཞིང་ཨུ་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་དང་དེ་བཞིན་ཁུལ་ཨུ་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ། དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་དང་གནད་ལ་འཁེལ་ཞིང་ཁྱོན་ཡོངས་ནས་ལག་བསྟར་བྱེད་ནས། བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་དེ། ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ཟུང་འབྲེལ་དམ་ཟབ་བྱས་ནས་འཕེལ་རྒྱས་ཀྱི་དུས་བབ་གསར་པར་དེ་བས་ལེགས་པའི་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བྱེད་ནས། འཕེལ་རྒྱས་དང་བདེ་འཇགས་དེ་བས་ལེགས་པའི་ངང་སྤྱི་འདོམས་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་མཐའ་འཁྱོངས་བྱས་ནས། བསམ་བློར་གསར་འབྱེད་དང་སྒྱུར་བཅོས་གསར་གཏོད། སྙིང་སྟོབས་ཆེར་སྐྱེད་ཀྱིས་དོན་གཉེར་བྱེད་པ། དམ་འཛིན་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་བརྟན་བརླིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་ཀྱི་དོན་ཆེན་བཞི་ལ་དམིགས་ནས། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་ཚད་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འཆར་འགོད་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་བཅས་རེད།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་དཔག་དམིགས་ཚད་གཙོ་བོའི་གྲོས་འགོ
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་4.5%ཡས་མས་འཕར་རྒྱུ་དང་།
ཐོན་ལས་མ་འཇོག་བསྡུར་ཚད་50%ཡན་རྒྱུན་འཁྱོངས་བྱ་རྒྱུ།
ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་2%འཕར་རྒྱུ།
གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་3000་གསར་དུ་བསྣན་རྒྱུ།
གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མགྱོགས་པ་ཡོང་རྒྱུ། ལས་ཁུངས་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་དེ་ཞིང་ཆེན་གྱིས་བཏོན་པའི་དམིགས་ཚད་ལོན་ཡོད།
གཙོ་གནད་ལས་དོན་ཁག་བརྒྱད་དམ་འཛིན་ཡག་པོ་བྱེད་དགོས།
(གཅིག )ཚོགས་སྤྱི་འཕེལ་རྒྱས་གཏོང་བ་དང་ཐོན་ལས་རིམ་སྤོར་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ་ཕྱོགས་ཡོངས་ངང་ཐོན་ཁུངས་རྣམ་པའི་དཔལ་འབྱོར་ཕྱོགས་སྒྱུར་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས།
ཕྱོགས་ཡོངས་སུ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་དགོས།
གནོད་མེད་ནུས་ཁུངས་དང་ལྗང་མདོག་གཏེར་ལས་རིགས་སྒྱུར་རིམ་སྤོར་བྱས་པར་སྐུལ་འདེད་གཏོང་དགོས།
ཧུར་ཐག་ངང་ཀྲུང་བོད་སྨན་རྩྭ་དང་དེང་རབས་ཟོག་འདྲེན་ལས་རིགས་གསོ་སྐྱོང་བྱེད་དགོས།
(གཉིས། )ཕན་འབྲས་ལྡན་པའི་མ་དངུལ་འཇོག་པ་དང་འཛད་སྤྱོད་འཕར་སྣོན་རྒྱ་སྐྱེད་བཏང་སྟེ་ཕྱོགས་ཡོངས་ངང་དཔལ་འབྱོར་འཕར་རྒྱུར་ཚད་བརྒལ་གསར་པ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།
རྣམ་གྲངས་སྔོན་དུ་འཆར་འགོད་ཡག་པོ་བྱེད་དགོས།
རྣམ་གྲངས་སྔ་ཙམ་སྐུལ་འདེད་གཏོང་དགོས།
ཚོང་འགུགས་བྱེད་ཤུགས་ཆེ་རུ་གཏོང་རྣམ་གྲངས་ནང་འདྲེན་བྱེད་དགོས།
བྱ་ཐབས་སྣ་མང་སྤྱོད་ནས་འཛད་སྤྱོད་སྐུལ་འདེད་གཏོང་དགོས།
(གསུམ། ) ཚན་རྩལ་གསར་གཏོད་དང་གསར་དུ་འཕེལ་བའི་ཐོན་སྐྱེད་ནུས་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ་ཐོན་ལས་ཀྱི་འགྲན་ལམ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།
ཐོན་ལས་གསར་པ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
གླིང་ཁུལ་རིམ་སྤོར་མཐོ་རུ་གཏོང་བ་དང་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་དགོས།
(བཞི།)རིམ་པ་ཟབ་པའི་བསྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་པར་གཅིག་གྱུར་བྱས་ནས་ས་ཁོངས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བཞེངས་སྐྲུན་བྱས་པར་ནུས་ཤུགས་ཡོད་རྒུས་གཏོད་དགོས།
མངའ་ཁུངས་གལ་ཆེན་སྒྱུར་བཅོས་བྱས་པར་སྐུལ་འདེད་གཏོང་དགོས།
ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱེད་དགོས།
ཕྱིར་གསར་འབྱེད་བྱེད་ཤུགས་ཆེ་རུ་གཏོང་དགོས།
(ལྔ། )རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་། གྲོང་གསེབ་དང་གྲོང་ཚོ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་གཅིག་གྱུར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་དུ་དར་རྒྱས་ཡོང་བའི་རྣམ་པ་གསར་པ་ཞིག་གཏོད་དགོས།
བདེ་སྡོད་བློ་རིག་གྲོང་ཁྱེར་འཛུགས་བསྐྲུན་བྱེད་དགོས།
གྲོང་གསེར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
(དྲུག)སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཁྱོན་ཡོངས་ནས་ལྗང་མདོག་རིགས་སྒྱུར་ལམ་སྲོལ་གསར་པ་འཛུགས་དགོས།
སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས།
སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས།
སྔོ་ལྗང་ཐཱན་ཉུང་རིགས་བསྒྱུར་ལ་ཤུགས་སྣོན་རྒྱག་དགོས།
(བདུན། )དྲང་གཞག་འགན་སྲུང་དང་དམངས་འཚོ་ལེགས་སུ་གཏོང་བར་གཅིག་འགྱུར་འཆར་འགོད་བྱས་ནས་དམངས་འཚོ་བདེ་རྩ་ལེགས་བཅོས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
ལས་ཞུགས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
སྤྱི་པའི་ཞབས་ཞུའི་མཁོ་འདོན་མཐོ་རུ་གཏོང་དགོས།
སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས།
(བརྒྱད། )ཉེན་ཁའི་སྔོན་འགོག་དང་བདེ་འཇགས་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་བདེ་འཇགས་བདེ་ཆེན་འཛུགས་སྐྲུན་སླར་ཡང་སྐས་རིམ་གསར་པ་དུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཉེན་ཁ་སེལ་བའི་འགོག་ཟོན་འབུར་དུ་ཐོན་པར་སྐུལ་འདེད་གཏོང་དགོས།
བདེ་འཇགས་ཀྱི་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས།
སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཕྱོགས་ཡོངས་སུ་སྲིད་གཞུང་རང་ཉིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རང་ཉིད་ཀྱི་བློ་སྟོབས་སྲ་བརྟན་དུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ“རྒྱལ་དོན”སྲུང་བ། སྲིད་འཛིན་འཛུགས་སྐྱོང་ཨང་དང་པོར་འཇོག་པ། བློ་དཀར་སེམས་དཀར་གྱིས་བློ་སྟོབས་གཏོད་པ་པ་དང་ཁྲིམས་ལ་བརྟེན་ནས་རང་ཉིད་འཛུགས་པ། དངོས་སྒྲུབ་དང་རྩ་བ་བརྟན་གཏོང་བྱེད་པ། སྤྱོད་གཙང་ལ་བརྟེན་ནས་སྲུང་སྐྱོང་བྱས་ནས། བདེ་ཆེན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོབ། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་སེམས་གཏིང་དུ་འཇོག་སྟེ། གཏན་འཁེལ་གཉིས་ཀྱི་ཆོད་དོན་རང་བཞིན་གྱི་དོན་སྙིང་གཏིང་ཟབ་ངང་ཁོང་དུ་ཆུད་ཅིང་། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་ཡིད་ཆེས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་དགོས། གྲོས་དོན་དང་པོའི་ལམ་ལུགས་ནན་པོའི་ངང་དོན་འཁྱོལ་བྱས་ཏེ། མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ཏེ། ཏང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཨུ་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་ལས་ཀའི་བླང་བྱ་ཐོག་དོན་འཁྱོལ་བྱས་ནས། བླང་བྱ་ཁག་བདེ་ཆེན་དུ་གཞི་ཚུགས་པར་འགན་ལེན་བྱ་དགོས།
ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དེ་སེམས་གཏིང་དུ་བརྟན་པོར་འཇུག་པ།
ཁྲིམས་ལྟར་སྲིད་འཛིན་པ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ།
འགན་འཁྲི་དེ་ཕྲག་ཏུ་འཁུར་བ།
སྤྱོད་གཙང་གཞུང་དྲང་དེ་ཁྲག་རྒྱུན་དུ་འདྲེས་པར་བྱེད་པ།
责任编辑:江初卓玛 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དམིགས་ཡུལ་ལས་འགན་གཙོ་བོ།
2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།
ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་འགན་འཁུར་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ཞིག་འབྲི་དགོས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱི་2025ལོའི་ལས་དོན་སྐོར་གྱི་མདོར་བསྡུས་གླེང་།
བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་དངོས་ཀྱི་རྒྱུགས་ལན།
2025ལོར་བདེ་ཆེན་ཁུལ་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།
མཐོ་སྒང་གི་ལེའུ་གསར་པ་བྲིས། བློ་སེམས་གཅིག་མཐུན་གྱིས་རྒྱང་རིང་ལ་བསྐྱོད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས་པའི་ཟུར་བྲིས།
གྲོས་གཞི་སྒྲུབ་ཚད་100%ཟིན་ནས་བློ་ཡིད་ཚིམ་ཚད་96.6%ཟིན་པ་དང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་གཉེར་སྒྲུབ་ལ་ཕན་འབྲས་ཐོབ་པ།
ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་སྒྲུབ་པར་གྲུབ་འབྲས་མངོན་གསལ་ཐོབ།ཨུ་ཡོན་བློ་ཡིད་ཚིམ་ཚད་100%ཟིན།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
