2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།
བདེ་ཆེན་གྱི་ཚོགས་ཆེན་གཉིས་འཚོགས་སྐབས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཐབས་དང་ཇུས་ཧུར་ཐག་བཏོན་ནས་བདེ་ཆེན་གྱི“སེམས་འདུན་”མཚོན་པར་བྱས་ཏེ་ང་ཚོར་དེ་བས་མཛེས་སྡུག་ལྡན་པའི་མདུན་ལམ་ཞིག་མངོན་པར་བྱས་ཡོད་པས་མཉམ་དུ་ལྟ་བར་བྱའོ།

འཐུས་མི་ཀྲའོ་ཏུང་ཀྲེང་གིས།འགྲིམ་འགྲུལ་ཐད་ལ་སྐྲུན་བཞིན་པ་དང་འཆར་འགོད་བྱས་པའི་གཞུང་ལམ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གང་མགྱོགས་བྱས་ཏེ་མ་ལམ་གྱི་གཞུང་ལམ་དྲ་བ་འཐུས་སྒོ་ཚང་དུ་བཏང་ནས་ཕྱི་ཕྱོགས་ཀྱི་འགྲོ་ལམ་ཤར་བགྲོད་བྱེད་ནུས་སྒོ་ཀུན་ནས་ཆེ་རུ་གཏོང་དགོས།རིག་གནས་དང་ཡུལ་སྐོར་ཐད་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་འགུགས་འདྲེན་གྱི་བྱ་ཐབས་གསར་གཏོད་བྱས་ནས་རྐང་ཐང་མའི་ལམ་ཐིག་རྩེ་གྲ་བཏོད་དེ་ཁྱབ་གདལ་གཏོང་བ་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ཐོན་ཁུངས་ཀྱི་ལེགས་ཆ་ནས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་ཡོད།
འཐུས་མི་ཧྥུ་ཀུའོ་དབྱིན་གྱིས།མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་དཔྱད་ཞིབ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་དཔྱད་ཞིབ་དོ་དམ་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་སྟེ“ངོས་འཛིན་ལ་མཐོང་ཆེན་དང་རྒྱུན་འཛིན་ལ་སྣང་ཆུང་བྱེད་རིགས”གཏན་འགོག་བྱེད་པ་དང་འབྲེལ་མཁྲེགས་གཤིས་ཀྱི་དཔྱད་ཞིབ་དང་དྲང་ཕྱོགས་སྐུལ་ལྕག་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་རིག་གནས་ཀྱི་རྩ་བ་སྲུང་སྐྱོང་དང་ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་གྱི་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་ཡོད།

འཐུས་མི་བཀྲ་ཤིས་དཔལ་ལྡན་གྱིས། རྒྱུན་མཐུད་ངང་ཀྲུང་ལུགས་སྨན་རྫས་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་གཏོང་ཕྱོགས་དང་དམའ་རིམ་ལས་སྣོན་ལྷུ་ཚིགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས། འབའ་ལུང་རྫོང་དེ་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གཙོ་གནད་དུ་བརྩིས་ནས་འཕེལ་རྒྱས་གཏོང་རྒྱུའི་བཀོད་པ་བཟོས་ཏེ་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་གྱི་སྦྲེལ་མཐུད་ཀྱི་ལས་གྲྭ་འཛུགས་སྐྲུན་མགྱོགས་མྱུར་སྤེལ་བ་དང་།དངོས་ཟོག་སྐྱེལ་འདྲེན་དང་མི་འགྲུལ་འགྲོ་ལམ་ཤར་བགྲོད་བྱས་ཏེ།ས་ཁོངས་འཕེལ་རྒྱས་གཏོང་བར་སྒུལ་ནུས་ཆེན་པོ་སྣོན་དགོས་པའི་གྲོས་འགོ་བཏོན།

ཨུ་ཡོན་དབྱང་ཏེ་ཧྲོའུ་ཡིས།“ས་གནས་དེ་གའི་གསོ་སྐྱོང་དང་ཕྱི་ཕྱོགས་ནས་ནང་འདྲེན་བྱེད་པ”ཟུང་དུ་སྦྲེལ་བའི་འཁོར་གཉིས་ཀྱི་ཤེས་ལྡན་མི་སྣའི་ལམ་སྲོལ་བཙུགས་ནས་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།དུས་མཚུངས་སུ།རྫ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་སྐྱེ་ཁམས་གནས་སྐོར་དང་ལྗང་མདོག་ཞིང་ལས་སོགས་ཀྱི་ཐོན་ལས་གོང་སྤེལ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཆུ་ངོགས་མང་ཚོགས་ལ་ཕན་ཁེ་དངོས་སུ་ཐོབ་པ་དང་།སྐྱེ་ཁམས་ཕན་འབྲས་དང་དམངས་འཚོ་ལེགས་བཅོས་གཉིས་ཕན་མངོན་འགྱུར་ཡོང་བ་བྱེད་དགོས་པའི་གྲོས་འགོ་བཏོན་པ།

ཨུ་ཡོན་ཆོས་མཚོ་ཡིས།རིག་གནས་དང་ཡུལ་སྐོར་ལས་རིགས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་ནས།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་བརྗོད་དོན་གཙོ་བོའི་ཐོན་རྫས་གསར་གཏོད་བྱེད་པ་དང་།སྤྲོ་གསེང་རྣམ་པའི་འཁྲབ་སྟོན་དང་།ཇ་རྟ་གནའ་ལམ་དུ་བསྐྱོད་པ་སོགས་ཉམས་ལེན་ལས་གཞི་གསར་སྤེལ་བྱས་ཏེ།ཚད་གཞི་མཐོ་པོས་འཛམ་གླིང་རིམ་པའི་རྐང་ཐང་མར་སྐྱོད་པའི་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་།མི་རིགས་ཀྱི་རྒྱན་གོས་ལུས་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་ཇུས་འགོད་བྱེད་པ་སོགས་བྱས་ཏེ་ནང་དོན་ཞིབ་བཤེར་ལམ་སྲོལ་བཙུགས་ནས་མི་རིགས་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་བརྒྱུད་སྤྲོད་ཐུབ་པ་བྱས་ཏེ་ཡུལ་སྐོར་བའི་ངོས་འཛིན་གཅིག་མཐུན་བྱེད་ཚད་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན།

ཨུ་ཡོན་བློ་བཟང་རྒྱ་མཚོ་ཡིས།ཤེས་ལྡན་མི་སྣའི་སྡོད་ཁང་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྲིད་ཇུས་ཁྱབ་རྒྱ་འོས་འཚམ་གྱིས་ཆེ་རུ་བཏང་སྟེ།རིགས་སྣ་མང་བ་དང་རིམ་གྲས་མང་བའི་ཤེས་ལྡན་མི་སྣའི་སྡོད་ཁང་གི་དགོས་མཁོ་སྔར་ལས་ལྷག་པར་སྐོང་བ། དམའ་རིམ་དང་མཐོ་རིམ་སློབ་འབྲིང་དུས་རིམ་གྱི་ལས་རིགས་འཆར་འགོད་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་“གསར་འགོད་པ་ཆུང་ཆུང་”སོགས་ལས་གནས་ཉམས་ལེན་སློབ་ཚན་འཛུགས་པ་བརྒྱུད་སློབ་མས་ལས་རིགས་ཤེས་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་བཟོ་བྱེད་པར་རོགས་རམ་བྱས་ཏེ་མི་སྒེར་འཚར་ལོངས་དང་སྤྱི་ཚོགས་དགོས་མཁོ་ཟུང་འབྲེལ་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན།
责任编辑:江初卓玛 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།
ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་འགན་འཁུར་བ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལེའུ་གསར་པ་ཞིག་འབྲི་དགོས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་གྱི་2025ལོའི་ལས་དོན་སྐོར་གྱི་མདོར་བསྡུས་གླེང་།
བདེ་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”གྲུབ་འབྲས་དངོས་ཀྱི་རྒྱུགས་ལན།
2025ལོར་བདེ་ཆེན་ཁུལ་གྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།
མཐོ་སྒང་གི་ལེའུ་གསར་པ་བྲིས། བློ་སེམས་གཅིག་མཐུན་གྱིས་རྒྱང་རིང་ལ་བསྐྱོད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པ་འགོ་ཚུགས་པའི་ཟུར་བྲིས།
གྲོས་གཞི་སྒྲུབ་ཚད་100%ཟིན་ནས་བློ་ཡིད་ཚིམ་ཚད་96.6%ཟིན་པ་དང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི་གཉེར་སྒྲུབ་ལ་ཕན་འབྲས་ཐོབ་པ།
ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་སྒྲུབ་པར་གྲུབ་འབྲས་མངོན་གསལ་ཐོབ།ཨུ་ཡོན་བློ་ཡིད་ཚིམ་ཚད་100%ཟིན།
2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན། (དང་པོ།)
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
