中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་རྒྱལ་ཁའི་ངང་གྲོལ་བ།

རྩོམ་པ་པོ་:和泰君 杨涛 ཁྱབ་བསྒྲགས་དུས་ཚོད་:2026-01-21 17:27:28 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  ཟླ1པོའི་ཚེས21ཉིན་གྱི་སྔ་དྲོར། སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཡོངས་སུ་ལེགས་གྲུབ་བྱུང་ནས་ཁུལ་ཨུའི་སྙན་ཞུ་ཚོམས་ཆེན་དུ་རྒྱལ་ཁའི་ངང་གྲོལ་བ་རེད།

  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་ལི་ཡན་ལན་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཡིས་མཇུག་སྒྲིལ་ཚོགས་ཆེན་གྱི་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ་དང་།ཀྲུའུ་ཞི་གཞོན་པ་དབྱང་ཙི་ཅང་དང་།ཁྲེན་ཅུན་མིང་།དབྱང་ཅི་ཝུན།ཕན་ཞུའེ་ཡིང་།དྲུང་ཡིག་ཆེན་མོ་ཧོ་ཞུའེ་ཐའོ་སོགས་ཕེབས་ཡོད་པ་རེད།

  ཚོགས་འདུར་ཕེབས་དགོས་པའི་ཨུ་ཡོན་207དང་དངོས་སུ་ཕེབས་པའི་ཨུ་ཡོན་171ཡོད་པ་དེ་འབྲེལ་ཡོད་གཏན་འབེབས་དང་མཐུན་ཡོད་པ་རེད།

  ཚོགས་འདུའི་ཐོག་སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་།སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་སྐོར་གྱི་གྲོས་ཆོད། སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྙན་ཞུ་སྐོར་གྱི་གྲོས་ཆོད།སྲིད་གྲོས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ་རེད།

  མིའོ་ཡིའུ་ཧྥ་ཡིས་གསུང་བཤད་གནང་སྐབས་ཁུལ་ཨུའི་འགོ་ཁྲིད་ནུས་ལྡན་འོག་ཨུ་ཡོན་ཡོངས་དང་ཚོགས་ཞུགས་བློ་མཐུན་གྱིས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།ཚོགས་འདུ་འཚོགས་རིང་།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝེ་ཏུང་སོགས་རང་ཁུལ་གྱི་འགོ་ཁྲིད་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་པ་རེད །ཨུ་ཡོན་ཚང་མས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་རྣམ་པར་དག་པའི་ལས་འགན་སྒྲུབ་སེམས་ཐོག་ནས་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ།སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་།སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།“མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་”གི་ལས་དོན་སྙན་སྒྲོན།་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་རྩ་གནད་སོགས་ཀྱི་སྙན་སྒྲོན་གལ་ཆེན་ལ་དམིགས་ཏེ།ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་པ་དང་།ཐུན་མོང་གི་ངོས་འཛིན་གཅིག་སྡུད་རྒྱ་ཁྱབ་བྱས་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁུར་ཕོད་པ་དང་ཉམས་འགྱུར་གསལ་པོ་མངོན་པར་བྱས་ཡོད།ཚོགས་འདུ་གཟབ་ནན་བབ་ཆགས་དང་།སྲོལ་བཟང་སྤྱོད་བཟང་།ཕན་འབྲས་ཐོན་པ་བཅས་ཡིན་པ་དང་།བསམ་བློ་གཅིག་གྱུར་དང་།ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བ།ངར་ཤུགས་སྐུལ་བ།སེམས་ཤུགས་གཅིག་སྒྲིལ་བཅས་ཀྱི་ཚོགས་ཆེན་ཞིག་རེད།

  མིའོ་ཡིའུ་ཧྥ་ཡིས་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་བདེ་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་གྱི་བརྗིད་ཆེའི་འཆར་གཞི་དང་ལག་ལེན་ཐབས་ལམ་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱས་ཡོད།ཁུལ་ཡོངས་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཁུལ་ཨུ་ཚང་འཛོམས་གྲོས་ཚོགས་དང་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་འགོ་ཚུགས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བདེ་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་བའི”འགོ་འཛུགས་ས་ནས་ལས་དོན་བཀོད་སྒྲིག་བྱ་རྒྱུར་དམིགས་ནས་སྲིད་གྲོས་ཀྱི་བློ་གྲོས་སྔར་བས་མང་བ་དང་སྲིད་གྲོས་ཀྱི་སྟོབས་ཤུགས་སྔར་བས་ཆེ་བ་ཞིག་སྦྱིན་གང་ཐུབ་བྱེད་དགོས།ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ།དམངས་འཚོའི་བདེ་སྐྱིད་ཇེ་མང་།རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་བྱེད་པའི་ཁྲོད་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་དམ་འཛིན་བྱས་ཏེ།སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས་ཞེས་བསྟན་པ།

  མིའོ་ཡིའུ་ཧྥ་ཡིས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།ཀྲུང་གུང་བདེ་ཆེན་ཁུལ་ཨུའི་འགོ་ཁྲིད་འོག་དངོས་གཉེར་བདེན་འཚོལ་གྱི་སྤྱོད་ཚུལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་འབད་འབུངས་ཆེན་པོས་བརྩམ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་གྱིས་བསྟན།

  རང་ཁུལ་གྱི་འགོ་ཁྲིད་ཀྲུའུ་ཧུང་དང་།ལི་དབྱང་།ལིའོ་ཝུན་ཚའེ།ཁྲེན་ཆུན།དབྱང་ཞུའེ་ཝུན།ཧོང་ལུང་ཞིན།ཞུང་ཝུན་པིན།ཧུའུ་ཧྥེ་ཞུང་སོགས་མཇུག་སྒྲིལ་ཚོགས་འདུར་ཞུགས་པ་རེད།

  ཁུལ་ཨུ་དང་།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན།ཁུལ་མི་དམངས་སྲིད་གཞུང་།བདེ་ཆེན་ཡན་ལག་དམག་ཁུལ་ཁང་།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་ཁུལ་སྲིད་གྲོས་ཀྱི་ཞུགས་མཁན་ལས་ཁུངས་ཁག་གི་འགན་འཁུར་བ་བཅས་ཚོགས་ཆེན་ནང་ཞུགས་པ་རེད།ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ་བ་རེད།

责任编辑:江初卓玛  万玛措 

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་རྒྱལ་ཁའི་ངང་གྲོལ་བ།

ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ལུའོ་ཁྲའོ་ཧྥེང་སོགས་ཚོགས་འདུར་ཞུགས།

ཀྲང་ཝེ་ཏུང་འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ས་ཁོངས་ཀྱི་གནས་ཚད་གསར་པར་གཞི་ཚུགས་ཏེ་འབའ་ལུང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “སྲིད་གཞུང་ཆགས་སའི་”ངེས་གནས་གཞི་རྩར་འཛིན་ཏེ་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་ཁུལ་ཡོངས་ལས་དོན་ཁག་གི་མདུན་དུ་བསྐྱོད་དེ་དཔེ་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་།

ཨུ་ཡོན་10ཡིས“དོན་ཆེན་བཞིར”དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ། 

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུར་མྱུར་གཟིགས།

ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ འཚོགས།

“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་དམིགས་ཡུལ་ལས་འགན་གཙོ་བོ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com