中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།

རྩོམ་པ་པོ་:此里取次 此里只玛 ཁྱབ་བསྒྲགས་དུས་ཚོད་:2026-01-21 17:39:30 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 


  འཐུས་མི་ཡུན་ཧྲའོ་ཧྭ་ཡིས། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུན་ནན་གྱི་ཏན་སྤྲེའུ་སྤུ་སེར་རྒྱལ་ཁབ་སྤྱི་གླིང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། ལྗོངས་ཁུལ་གྱི་སྦྲེལ་མཐུད་འགྲོ་ལམ་དང་ཡུལ་སྐོར་ལམ་ཐིག་སོགས་ལེ་ལག་ཚང་བའི་ཞབས་ཞུ་དུས་གཅིག་ཏུ་ལེགས་སུ་གཏོང་བ་བཅས་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་མི་མངོན་པའི་སྟོབས་ཤུགས་སྐུལ་སློང་ཏན་ཏིག་བྱེད་དགོས་པའི་དུས་མཚུངས་སུ། མཐའ་ཆུ་གྲོང་རྡལ་གྱི་ཡུལ་སྐོར་སྣེ་ལེན་བྱེད་ནུས་དང་མྱུར་སྐྱོབ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་དང་། མྱུར་སྐྱོབ་རླངས་འཁོར་བཀོད་སྒྲིག་བྱེད་གྲངས་མང་དུ་གཏོང་བ། གཞི་རིམ་གྱི་མྱུར་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ཡོང་བར་སྲུང་སྐྱོང་དང་། གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་དགོས་པའི་གྲོས་གཞི་བཏོན།

  འཐུས་མི་བསྟན་འཛིན་འཕྲིན་ལས་ཀྱིས། ཆོས་ལུགས་ལས་རིགས་ཀྱི་མི་སྣར་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། བྱང་ཚད་མཐོ་རུ་གཏོང་བ་དང་། རྩལ་ནུས་ཆེ་རུ་གཏོང་བ། རིག་གནས་རྒྱུན་འཛིན་སོགས་ལ་དམིགས་ནས་དམིགས་སའི་རང་བཞིན་ལྡན་པའི་གསོ་སྦྱོང་བྱས་ཏེ་ཆོས་ལུགས་མི་སྣའི་ཕྱོགས་བསྡུས་བྱང་ཚད་དང་སྤེལ་རེས་ཞབས་ཞུའི་ནུས་ཤུགས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་རང་འགུལ་ངང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཕུལ་བྱུང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་ཡ་རབས་ཡུལ་སྐོར་ལ་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་བཏོན་ནས་དུས་རབས་གསར་པའི་རྒྱལ་གཅེས་ཆོས་གཅེས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བརྩོན་ལེན་བྱེད་དགོས་པའི་གྲོས་གཞི་བཏོན།  

  འཐུས་མི་ཀྲའོ་ཝེ་ཕིང་གིས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། ནད་རིགས་གྲལ་བཤེར་དང་སྨན་བཅོས་བྱེད་ནུས་ཆེ་རུ་གཏོང་བ་དང་།  ཁུལ་ནང་གི་ཀ་རིམ་གསུམ་པའི་སྨན་ཁང་དང་གཞི་རིམ་འཕྲོད་བསྟེན་ཁང་གི་མཉམ་འགུལ་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཆེད་མཁས་པས་གྲོང་གསེབ་ཏུ་སློབ་གསོ་གཏོང་བ་དང་དུས་བཀག་ལྟར་སྨན་བཅོས་བྱེད་པའི་ལམ་ལུགས་ཁྱབ་སྤེལ་བཏང་སྟེ། གཞི་རིམ་སྨན་བཅོས་ལས་བྱེད་པའི་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་ཞིང་། མང་ཚོགས་ཀྱིས་ཤང་དང་གྲོང་རྡལ་དུ་སྨན་བཅོས་ཞབས་ཞུ་སྤུས་ལེགས་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས་པའི་གྲོས་གཞི་བཏོན།

  ཨུ་ཡོན་ལི་ལིང་གིས། སེམས་ཀྱི་ཉི་ཟླ་གླེང་སྟེགས་ལོ་འཁོར་གྱི་བྱེད་སྒོ་རིམ་སྤོར་བྱེད་དེ་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་ཐོན་ཁུངས་འདུས་སྦྱོར་དང་ཐོན་ལས་ནུས་སྤྲོད་སྟེགས་བུ་སྐྲུན་རྒྱུ། ལམ་ལུགས་ཅན་གྱི་གྲུབ་འབྲས་མ་ལག་འཛུགས་པ་དང་རྣམ་གྲངས་ལ་རྒྱབ་སྐྱོར་ཡུན་རིང་བྱེད་ཤུགས་ཆེ་རུ་གཏོང་བ། རིམ་ལྡན་རིགས་གཅིག་མཁས་ཅན་གྱི་དྲ་རྒྱ་འཛུགས་པ་དང་དེ་བཞིན་ས་མཚམས་ལས་བརྒལ་བའི་གྲོས་གཞི་གཏིང་ཟབ་ཏུ་གཏོང་། འོས་འགན་སློབ་གསོའི་དུས་རིམ་གྱི་ཕུལ་བྱུང་སློབ་མའི་འབྱུང་ཁུངས་ཕྱི་རུ་འགྲོ་བའི་གནད་དོན་ལ་དམིགས་ནས། སློབ་གསོ་པུའུ་ཡིས་ལས་ཀའི་གཙོ་གནད་མདུན་ཕྱོགས་སུ་སྤོ་སྟེ།  དམའ་རིམ་སློབ་འབྲིང་གི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་ཆེར་གཏོང་། དབྱེར་མེད་གཅིག་མཚུངས་ཀྱི་རྣམ་པའི་དོ་དམ་མི་ཡོང་བ་དང་སློབ་ཁྲིད་གསར་གཏོད་ལ་སྐུལ་ལྕག་བྱས་པ་མ་ཟད། སློབ་གསོའི་སྣོད་བཅུད་དང་ས་གནས་དེ་གའི་འཕེལ་རྒྱས་ཀྱི་འཁོར་སྐྱོད་བཟང་པོ་མངོན་འགྱུར་ཡོང་བའི་གྲོས་འགོ་བཏོན་པ་རེད། 

  ཨུ་ཡོན་དབྱང་པའོ་ཧྲེང་གིས། མིག་སྔའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནོན་ཤུགས་དྲག་པོ་ཡོད་པར་མཐོང་ཆེན་དང་ཞི་ལྷོད་གཏོང་བ་མ་ཟད། བྱེད་ཐབས་དང་སྲིད་ཇུས་སྔར་ལས་ནུས་ལྡན་གཏོང་བ། དམིགས་སའི་རང་བཞིན་གྱིས་ལས་གནས་སྔར་ལས་མང་བར་གསར་སྤེལ།  སློབ་ཆེན་དང་འབྲིང་རིམ། ཆེད་ལས་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ནང་ཞུགས་པར་སྐུལ་འདེད་གཏོང་དགོས་ཞེས་གྲོས་འགོ་བཏོན། སྲིད་གཞུང་གིས་མངའ་ཁོངས་སུ་ཆུ་ཤུགས་གློག་ཁང་ཆེ་གྲས་སོགས་རྣམ་གྲངས་འཆར་འགོད་གསར་སྤེལ་བྱེད་བྱས་ནས། ཁེ་ལས་ཀྱི་ས་གནས་དེ་གའི་ལས་ཞུགས་འགན་འཁྲི་ཁ་གསལ་བཟོ་དགོས་ཞེས་གྲོས་འགོ་བཏོན།

  ཨུ་ཡོན་ཡེ་ཤེས་ལྷ་མོ།དམངས་ཁྲོད་ཀྱི་ལག་རྩལ་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་ནས།  གནའ་བོའི་དཔེ་དེབ་ཐོན་ཁུངས་ཀྱི་རྩིས་ཐོ་དེ་གཞི་གྲངས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་མ་ཟད། ཆེད་དོན་གཞི་གྲངས་ཀྱི་མཛོད་འཛུགས་དགོས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ད་ཡོད་སློབ་གྲྭ་དང་ས་གནས་ཀྱི་མཉམ་ལས་བྱས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རྨང་གཞིའི་ཐོག   རྒྱུན་འཛིན་རྟེན་གཞི་དང་ལས་སྒྲུབ་ཁང་འཛུགས་སྐྲུན་བྱ་རྒྱུར་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས།  ཧུར་ཐག་འབད་ཐག་ངང་མངོན་མེད་རིག་གནས་ཤུལ་བཞག་རྣམ་གྲངས་དང་རྒྱུན་འཛིན་པ་རེ་ཞུ་བྱས་པ་མ་ཟད།  ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། རང་ཁུལ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། བོད་སྨན་དང་ཞིང་ལས།  རིག་གནས། ཡུལ་སྐོར་སོགས་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གྲོས་འགོ་བཏོན།

 

 

责任编辑:江初卓玛 万玛措

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཁྱོན་གྲོས་གཞི་142འབྱོར་བ་དང་གྱོད་གཞི་139ཐོ་འགོད་བྱས།

2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།

ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་རྒྱལ་ཁའི་ངང་གྲོལ་བ།

ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ལུའོ་ཁྲའོ་ཧྥེང་སོགས་ཚོགས་འདུར་ཞུགས།

ཀྲང་ཝེ་ཏུང་འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ས་ཁོངས་ཀྱི་གནས་ཚད་གསར་པར་གཞི་ཚུགས་ཏེ་འབའ་ལུང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “སྲིད་གཞུང་ཆགས་སའི་”ངེས་གནས་གཞི་རྩར་འཛིན་ཏེ་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་ཁུལ་ཡོངས་ལས་དོན་ཁག་གི་མདུན་དུ་བསྐྱོད་དེ་དཔེ་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་།

ཨུ་ཡོན་10ཡིས“དོན་ཆེན་བཞིར”དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ། 

ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུར་མྱུར་གཟིགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com