སྨན་འདི་དག་ཕྱེད་ཀར་གཤགས་ནས་འཐུང་ན་ཉེན་ཁ་ཆེ་འདུག

སྨན་རིགས་5པོ་འདི་དག་ཕྱེད་ཀར་གཤགས་ནས་བཏང་ན་སྨན་གྱི་ནུས་པ་ཤོར་ཉེན་ཆེ་བ་དང་། ཚབས་ཆེ་ན་སྨན་དུག་ཕོག་སྲིད་པས། ཚང་མས་ངེས་པར་དུ་གཟབ་གཟབ་བྱེད་དགོས།
1
____________________________________
ཚོད་འཛིན་སྨན།
“ཚོད་འཛིན་སྨན་རིལ་”ཞེས་པར་གསལ་འགྲེལ་སྟབས་བདེ་ཞུས་ན། དམིགས་བསལ་གྱི་བཟོ་རྩལ་ལ་བརྟེན་ནས་སྨན་རྫས་དེ་མྱུར་ཚད་རན་པོའི་ཐོག་ནས་ལུས་པོར་སྨན་ཚད་ལེགས་པོར་འཇུ་བར་བྱེད་དུ་འཇུག་པ་དེ་ཡིན། དེའི་དམིགས་ཡུལ་ནི་སྨན་རྫས་དུས་ཡུན་རིང་པོར་ལུས་བརྟན་པོར་གནས་པར་བྱེད་པའི་ཆེད་དུ་ཡིན།
ང་ཚོས་སོ་གཏོང་བ་དང་། ཕྱེད་ཀར་གཤགས་ཏེ་གཏོང་བ། ཞིབ་པར་བརྡུངས་ཏེ་གཏོང་བ་བཅས་བྱས་ན། རིལ་བུའི་ཚོད་འཛིན་ལག་རྩལ་གཏོར་བརླག་ཐེབས་སྲིད་ཅིང་། སྨན་རྫས་ཚོད་འཛིན་མི་ཐུབ་པས། སྨན་ཤུགས་ཆེ་བའི་ཁྲག་ཤེད་གཅོག་པའི་སྨན་སྐད་ཅིག་ཉིད་དུ་ལུས་སིམས་ནས། ཁྲག་ཤེད་གློ་བུར་དུ་མངོན་གསལ་ཆག་འགྲོ་བས། མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་འབྱུང་སྲིད།
རྒྱུན་པར་དཔེར་ན། ཟེ་ཚྭ་པུན་ཏི་ཕིང་ཚོད་འཛིན་རིལ་བུ་དང་།(硝苯地平控释片) ཀེ་ལེ་ཕི་ཆིན་ཚོད་འཛིན་རིལ་བུ།(格列吡嗪控释片) ཟེ་སྐྱུར་ཀ་པ་ཏོ་ཧྲ་ཙོ་ཆིན་ཚོད་འཛིན་རིལ་བུ་(甲磺酸多沙唑嗪控释片)སོགས་ཡོད། ངེས་པར་དུ་དམིགས་བསལ་དོ་སྣང་བྱེད་དགོས།
2
_______________________________________
ཞི་འཇགས་སྨན།
ཞི་འཇགས་སྨན་རྫས་དང་ཚོད་འཛིན་སྨན་རྫས་གཉིས་ཅུང་མི་འདྲ་སྟེ། འགྲོས་རྟག་སྙོམས་པོར་མི་འོང་རུང་དེས་སྨན་ནུས་དལ་པོར་ཐོན་པར་བྱེད་ཐུབ། ཐོག་མར་སྨན་ནུས་ཚོར་བ་ཅུང་ཆེ་ཡང་དེ་རྗེས་རིམ་བཞིན་ཇེ་ཆུང་དུ་འགྲོ་བ་རེད། ལུས་པོའི་ནང་སྨན་ནུས་ཐོན་ཚད་རིང་དུ་ཕྱིན་ཏེ་སྨན་གཏོང་བའི་ཐེངས་གྲངས་ཇེ་ཉུང་དུ་གཏོང་བའི་དམིགས་ཡུལ་འགྲུབ་ཐུབ། སྨན་གཏོང་བའི་ཐེངས་གྲངས་ཇེ་ཉུང་དུ་ཕྱིན་ན། དེའི་ནང་གི་སྨན་ཚད་ཀྱང་སྤྱིར་བཏང་གི་སྨན་ཚད་ལས་མཐོ་ངེས་རེད།
སྨན་འདིའི་རིགས་ལ། ཚཱ་སྐྱུར་ཝེ་ལ་ཕ་སྨི་ཞི་འཇགས་སྨན་རིལ་དང་།(盐酸维拉帕米缓释片) ཧྥེ་ལོ་ཏི་ཕིན་ཞི་འཇགས་སྨན་རིལ།(非洛地平缓释片) ཡིང་ཏ་ཕ་ཨན་ཞི་འཇགས་སྨནརིལ།(吲哒帕胺缓释片) ཁིལ་ཅཱ་རྫས་ཞི་འཇགས་སྨན་རིལ།(氯化钾缓释片) ཀེ་ལེ་ཆི་ཐི་ཞི་འཇགས་སྨན་རིལ།(格列齐特缓释片) ཀེ་ལེ་ཕི་ཆིན་ཞི་འཇགས་སྨན་རིལ།(格列吡嗪缓释片) ཀེ་ལེ་ཕི་ཆིན་ཚོད་འཛིན་ཞི་འཇགས་སྨན་རིལ།(格列吡嗪控释片) ཚྭ་སྐྱུར་ཏིང་ཀེ་ཏིར་ཞི་འཇགས་སྨན་རིལ།(盐酸丁咯地尔缓释片) ཁིལ་ཟུང་ཧྥུན་སྐྱུར་ནཱ་ཞི་འཇགས་སྨན་རིལ།(双氯芬酸钠缓释片) ཁི་ལ་མེ་སུའུ་ཞི་འཇགས་སྨན་རིལ།(克拉霉素缓释片) ཕི་པེ་ཏིར་ཞི་འཇགས་སྨན་རིལ།(吡贝地尔缓释片) ཟི་སྐྱུར་མ་ཧྥེའི་ཞི་འཇགས་སྨན་རིལ།(硫酸吗啡缓释片) ལོ་ཧྥུན་ཏེ་དབྱིན་ཞི་འཇགས་སྨན་རིལ།(洛芬待因缓释片) སྨི་ཙོ་སི་ཏིང་ཞི་འཇགས་སྨན་རིལ་(咪唑斯汀缓释片)སོགས་ཡོད།
3
________________________________________
རྒྱུ་ཞུའི་སྨན་སྦྱོར།
རྒྱུན་མཐོང་གི་རྒྱུ་ཞུའི་སྨན་རྫས་ལ། ཧམ་རྒྱུ་དམར་པོའི་རྒྱུ་ཞུའི་སྨན་རིལ་དང་།(红霉素肠溶片) མའེ་ཏི་ཧམ་རྒྱུ་ཞུའི་སྨན་རིལ།(麦迪霉素肠溶片) ཡི་མན་རྒྱུ་ཞུའི་སྨན་རིལ་(胰酶肠溶片)སོགས་ཡོད།
4
________________________________________
ཕྱི་ཐུམ་རིལ་བུ།
ཕྱི་ཐུམ་རིལ་བུ་ནི་སྨན་གྱི་ཕྱི་རོལ་དུ་ཕྱི་འཐུམ་རིམ་པ་གཅིག་བརྒྱབ་པ་དང་། དེ་འདྲ་བྱས་ན་བརླན་གཤེར་འགོག་པ་དང་འོད་ལས་གཡོལ་ནས་ཉར་ཚགས་བྱེད་བདེ་ཡོད། དྲི་ངན་འགེབ་ཐུབ་པ་དང་། སྨན་གྱིས་ཁ་སྦུག་དང་མིད་པ། ཕོ་རྒྱུའི་འབྱར་སྐྱིའི་ཕོག་ཐུག་སོགས་ཇེ་ཉུང་དུ་གཏོང་ཐུབ། མདོར་ན་ཕན་ཐོགས་མང་པོ་ཡོད།
སྨན་རྫས་འདིའི་རིགས་ཧ་ཅང་མང་བས། འདིར་རེ་རེ་བཞིན་མི་འགོད། ང་ཚོས་སྨན་རྫས་ཀྱི་ཕྱི་འཐུམ་དང་ཡང་ན་སྨན་རྫས་གསལ་བཤད་ཡི་གེའི་སྟེང་གི་ངོ་བོ་དང་གཟུགས་དབྱིབས་ཞེས་པར་བརྟེན་ནས་དེ་ཚོ་དབྱེ་བ་ཕྱེ་ཆོག

5
________________________________________
རྫས་འགྱུར་གྱི་གསོ་བཅོས་སྨན་དང་ཕྱོགས་སྟོན་སྨན།
སྨན་འདིའི་རིགས་ཚང་མས་ཁ་ཕྱེ་ནས་གཏོང་བར་དོ་སྣང་བྱེད་དགོས། ལྷག་པར་དུ་རྫས་འགྱུར་གསོ་བཅོས་ཀྱི་སྨན་རྫས་ནི་རྒྱུན་པར་དུག་གཤིས་ཅུང་ཆེ་བས། བཀོལ་སྤྱོད་བྱེད་སྐབས་ངེས་པར་དུ་གཟབ་ནན་དང་སྨན་པའི་བཀའ་ལ་ཉན་ནས་གཏོང་དགོས།
མདོར་ན། སྨན་ཁ་ཕྱེ་ཆོག་མིན་དེ་རང་མོས་མ་རེད། སྨན་པའི་ཁ་ལ་ཉན་དགོས།
责任编辑:南珠泽仁
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལས་དོན་ལ་བརྟག་ཞིབ་གནང་སྐབས་བྱ་ཐབས་དངོས་སྒྲུབ་ལ་བརྟེན་ནས་གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།
ཁུལ་ཨུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་བཞི་པ་དང་“བདེ་ཆེན་གྱི་སློབ་ཁང་ཆེན་མོའི་སློབ་ཁྲིད་གཉིས་པ་”སྤེལ།
ཀྲང་ཝེ་ཏུང་གིས་རུ་སྣེ་ཁྲིད་དེ་པེ་ཅིང་གྲོང་ཁྱེར་དུ་ཚོང་འགུགས་རྟོག་ཞིབ་གནང་བ།
བདེ་ཆེན་དུ་དམངས་ཆེན་གྱི་ལྟ་སྐུལ་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་རྣམ་པ་གསར་པ་མངོན་ཡོད།
ལུའོ་ཁྲའོ་ཧྥེང་གིས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་བརྟག་ཞིབ་གནང་།
དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་རྡོ་མཁར་རྫོང་དུ་བོད་ཆས་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ་པ།
བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་ལ DRG དངུལ་སྤྲོད་གཙང་རྩིས་བརྒྱབ་པ།
2025ལོར་བདེ་ཆེན་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་་
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108