སེམས་ནུས་གཅིག་སྒྲིལ་གྱིས་འཆར་གཞི་བཏབ། དཔའ་མཛངས་རྟུལ་ཕོད་ཀྱིས་འགྲུལ་བཞུད་གསར་པར་བསྐྱོད།——ཁུལ་དམངས་ཆེན་འཐུས་མིས་ཚོ་ཆུང་བགོས་ནས་སྲིད་གཞུང་གི་ལས་དོན་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”རྩ་གནད་(འཆར་ཟིན་)ཞིབ་དཔྱད་བྱེད་པའི་ཟུར་བྲིས།

ཟླ་1པོའི་ཚེས་19ཉིན་ནས་ཚེས་20ཉིན་གྱི་བར། ཁུལ་དམངས་ཆེན་འཐུས་མི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་འཐུས་མི་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་འགན་འཁྲི་འདུ་ཤེས་ཐོག་ནས་སྲིད་གཞུང་གིས་ལས་དོན་གྱི་སྙན་ཞུ་དང་《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རྩ་གནད་(འཆར་ཟིན) 》ལ་གྲོས་ཞིབ་དང་ཞིབ་དཔྱད་བྱས་པ་རེད། ཚོགས་རའི་ཕྱི་ནང་ཀུན་དུ་བསམ་བློ་མཉམ་འདྲེས་བྱས་ཡོད་པ་དང་ངོས་འཛིན་གཅིག་སྡུད་བྱས་ཡོད་ལ། སྟོབས་ཤུགས་ཀྱང་སྐུལ་སློང་བྱས་ཡོད། འཐུས་མི་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་པའི་ཆེད་དུ་ཧུར་ཐག་སྒོས་ཐབས་འདོན་ཇུས་འབུལ་བྱས་པ་རེད།
འཐུས་མི་ཚོས་ངོས་འཛིན་གཅིག་མཐུན་བྱུང་དོན། སྲིད་གཞུང་ལས་དོན་གྱི་སྙན་ཞུའི་ནང་འདས་ཟིན་པའི་ལོ་གཅིག་དང“ལོ་ལྔ་ཚན་བཅུ་བཞི་པའི”དུས་སྐབས་སུ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཕྱོགས་བསྡོམས་བྱས་ཡོད། རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་སྤྱི་ཁོག་ཁོར་ཡུག་དང་དཀའ་ངལ་དང་འགྲན་སློང་མང་པོའི་མདུན་དུ་ཁུལ་ཡོངས་གོང་འོག་གིས་ཁུལ་ཨུའི་འགོ་ཁྲིད་ནུས་ལྡན་འོག་དཀའ་ངལ་འགག་སྒྲོལ་དང་སྙིང་ཐག་པ་ནས་ཡར་བརྩོན་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་ཐོབ་དཀའ་བའི་གྲུབ་འབྲས་ཐོབ་པས། “ལོ་ལྔ་ཚན་བཅོ་ལྔ་པའི་”འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། སྙན་ཞུའི་ནང་ད་ལོའི་ལས་དོན་བཀོད་སྒྲིག་ཐད་བསམ་ཕྱོགས་གསལ་པོ་དང་། དམིགས་ཚད་གསལ་བ། བྱེད་ཐབས་དངོས་སྒྲུབ་བཅས་ཡིན་པས། ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་། ཞིང་ཨུའི་བཀོད་སྒྲིག་དང་མཐུན་པ། བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་པ། མི་དམངས་ཀྱི་རེ་སྒུག་ལ་ལན་འདེབས་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ནི་བདེ་ཆེན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་མགྱོགས་མྱུར་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ལྔ་ཡིན། འཐུས་མི་ཚོས་ཞིབ་བཤེར་སྤྲོད་པའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་(འཆར་ཟིན)ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཡིག་ཆ་དེས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུ་དང་ཁུལ་ཨུའི་ལས་ཀའི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ནས་མ་འོངས་པའི་ལོ་ལྔའི་ནང་བདེ་ཆེན་འཕེལ་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་འཆར་གཞི་གོ་རིམ་ལྡན་པའི་སྒོ་ནས་འགོད་ཡོད་པ་དང་། འདོན་པའི་མཛུབ་ཁྲིད་བསམ་བློ་དང་། འཕེལ་རྒྱས་དམིགས་ཚད། ལས་འགན་གཙོ་བོ། བྱེད་ཐབས་གལ་ཆེན་བཅས་ཀྱིས་འཐབ་ཇུས་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་གཅིག་གྱུར་མཚོན་ཞིང་། ཁུལ་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། དགེ་མཚན་འདོན་སྤེལ་བྱས་པ། ཞན་ཆ་ཁ་གསབ་བཅས་བྱས་ཡོད་པས། གནས་བབ་མཐོ་བ་དང་འཆར་འགོད་ཚན་རིག་དང་མཐུན་པ། མི་སེམས་ལ་སྐུལ་མ་གཏོང་བ། འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱེད་པའི་ཡིག་ཆ་བཟང་པོ་ཞིག་ཡིན་པའི་ངོས་འཛིན་བྱུང་།
འཐུས་མི་རྣམས་ཀྱིས་རང་ཉིད་ཀྱི་ལས་ཀའི་གནས་ཚུལ་དངོས་དང་། བརྟག་ཞིབ་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་དགེ་མཚན་ལྡན་པའི་བསམ་འཆར་འདོན། བསམ་འཆར་ནང་བརྟག་དཔྱད་ཞིབ་འཇུག་གི་བསམ་གཞིགས་འདུས་ཡོད་ལ་གཏམ་བཤད་ནང་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཐེག་ཡོད།
སློབ་གསོ་དང་སྨན་བཅོས། ལས་ཞུགས། རྒན་གསོ། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་འཚོའི་བརྗོད་གཞི་ནི་ཐོག་མཐའ་བར་གསུམ་དུ་འཐུས་མི་རྣམས་ཀྱིས་སེམས་ཁྲལ་བྱེད་པའི་དོན་ཆེན་ཞིག་རེད། འཐུས་མི་ཧོ་ཅི་ཧྥུ་ཡིས། གཅིག་ནི་སེམས་ཀྱི་ཉི་ཟླ་ལས་རིགས་ལག་རྩལ་སློབ་གླིང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སློབ་གྲྭའི་གཞི་ཁྱོན་རྒྱ་ཆེར་གཏོང་། གཉིས་ནི་སློབ་གསོའི་སྤུས་འབྲས་ལེགས་གཏོང་ལོ་གསུམ་གྱི་བྱ་སྤྱོད་དོན་འཁྱོལ་བྱས་ཏེ་སློབ་གཙོ་དང་འཛིན་གྲྭའི་ཀྲུའུ་རེན། རྐང་འཛིན་དགེ་རྒན་བཅས་དཔུང་ཁག་གསུམ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་། གསུམ་ནི་ཁྱིམ་ཚང་དང་སློབ་གྲྭ། སྤྱི་ཚོགས་ཀྱིས་མཐུན་སྦྱོར་ངང་མི་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པའི་བསམ་འཆར་བཏོན། འཐུས་མི་ཀྲང་ཚུང་ལིན་གྱིས། རྒྱུན་མཐུད་ཀྱིས་དམངས་འཚོ་ལེགས་སུ་བཏང་བ་དང་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་ཆབས་ཅིག་ཞབས་ཞུའི་དོ་མཉམ་རང་བཞིན་ཆེ་རུ་གཏོང་སྟེ་སྤུས་ལེགས་ཀྱི་ཐོན་ཁུངས་གཞི་རིམ་དུ་སྐྱོད་པར་སྐུལ་འདེད་གཏོང་བ་དང་། རིམ་དབྱེའི་དཔྱད་བཅོས་མ་ལག་འཐུས་ཚང་དུ་བཏང་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཚད་ལྡན་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས་པའི་བསམ་འཆར་བཏོན།
ཚད་གཞི་མཐོ་བའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བར་དམིགས་ནས། འཐུས་མི་རྣམས་ཀྱིས་བདེ་ཆེན་གྱིས་ངེས་པར་དུ་ཐོན་ཁུངས་ཀྱི་སྐྱེས་སྟོབས་དང་འཕེལ་རྒྱས་དུས་མཚམས་ལ་གཞི་ཚུགས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལས་འགན་གལ་ཆེན་དམ་འཛིན་བརྟན་པོ་བྱས་ཏེ། འཛམ་གླིང་རིམ་པའི་རིག་གནས་ཡུལ་སྐོར་གནས་མཆོག་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ། གནོད་མེད་ནུས་ཁུངས་འཕེལ་རྒྱས་ཀྱི་རྟེན་གཞི་གལ་ཆེན་སོགས་ཀྱི་དམིགས་འབེན་ལ་དམིགས་ནས་ནུས་ཤུགས་འདོན་དགོས་པའི་བསམ་འཆརབ་ཏོན། འཐུས་མི་ཅུས་ཡན་ཏུང་གིས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བཟོ་ཚོང་ཟོག་འདྲེན་ལྟེ་གནས་དང་བེ་ཤ་ཉོ་ཚོང་ལྟེ་གནས། མཐོ་སྒང་གི་རྐང་ཐང་ཡུལ་སྐོར་ལྟེ་གནས་བཅས་ལྟེ་གནས་གསུམ་འཛུགས་བར་རྒྱབ་སྐྱོར་བྱས་པ་རེད། ཐོན་ལས་འཕེལ་རྒྱས་ཐེབས་རྩ་བཀོད་དེ་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་གྱི་དཀའ་གནད་ཐག་གཅོད་བྱེད་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་སོགས་ཀྱི་ལས་ཞུགས་གནད་དོན་ལ་དམིགས་ནས་བསྡུ་ལེན་སྲིད་ཇུས་ལེགས་སུ་གཏོང་དགོས་པའི་བསམ་འཆར་བཏོན། འཐུས་མི་ཁྲེན་ཡུང་ཕིང་གིས་“3331”ཅེས་པའི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་དོན་འཁྱོལ་བྱེད་དེ་སྐྱེ་ཁམས་དམར་ཐིག་སོགས་དཀའ་གནད་སེལ། ཁྲོམ་རའི་དགོས་མཁོའི་ཁྲིད་སྟོན་ལ་མཐོང་ཆེན་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་རྫས་བསྐྲུན། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་དང་དམིགས་བསལ་ཐོན་རྫས་ཁྲོམ་རའི་འགྲན་རྩོད་ནུས་པ་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཏེ་མ་དངུལ་གྲབས་གསོག་བྱས་ནས་ཐོན་ལས་ཆུང་ཆུང་ཁ་ཐོར་ཉམས་ཞན་མི་ཡོང་བ་བྱེད་པའི་བསམ་འཆར་བཏོན། འཐུས་མི་ཙེང་ཞུའེ་ཆིན་གྱིས། གཅིག་ནི་གྲོང་གསེབ་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་དང་སྤུས་རྟགས་ཚོང་གཉེར་གྱི་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དེ་ལས་མང་བའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཁྲོམ་ར་རུ་ཐོན་པར་རོགས་རམ་བྱེད། གཉིས་ནི་གྲོང་གསེབ་གྱི་“སྣེ་ཁྲིད་པ”གསོ་སྐྱོང་གཏིང་ཟབ་བྱས་ཏེ། གཉེར་སྐྱོང་ཤེས་པ་དང་དོ་དམ་ཤེས་པའི་འཇོན་ཐང་པ་ཚུར་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཡིད་དབང་འགུག གསུམ་ནི་ཐོན་ལས་ཀྱི་རྨང་གཞི་ཡག་པོ་དང་འཕེལ་ཕྱོགས་ལེགས་པའི་གྲོང་རྡལ་ལ་གཟིགས་སྐྱོང་སྲིད་ཇུས་འདོན་པ་དང་ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་པའི་བསམ་འཆར་བཏོན།
མི་རིགས་མཐུན་སྒྲིལ་ལ་དམིགས་ནས་ཞི་མཐུན་བརྟན་བརླིང་སྲུང་སྐྱོང་བྱེད། འཐུས་མི་ཚོས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་དང་། མི་རིགས་ཁག་བར་གྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་སྟེ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་བརྟན་བརླིང་སྲུང་སྐྱོང་བཅས་བྱས་ནས། བདེ་ཆེན་གྱི་བརྟན་བརླིང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་མཉམ་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་གྲོས་འགོ་བཏོན། འཐུས་མི་ཁྲེན་ཚུང་གིས། གཅིག་ནས་བདེ་འཇགས་ཀྱི་བདེ་ཆེན་དང་ཁྲིམས་སྐྱོང་གི་བདེ་ཆེན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས། འགལ་ཟླ་དང་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་སྟེ། འགལ་ཟླ་དང་རྩོད་གཞི་དེ་གཞི་རིམ་དུ་ཐག་གཅོད་བྱེད་དགོས། གཉིས་ནས་ལས་གྲྭ་གལ་ཆེན་གྱི་རྣམ་གྲངས་འཛུགས་སྐྲུན་ཚད་ལྡན་ཅན་དང་གོ་རིམ་ཅན། ཁྲིམས་སྐྱོང་ཅན་བཅས་སུ་འགྱུར་བའི་ཆུ་ཚད་མཐོ་འདེགས་གཏོང་བར་མཐོང་ཆེན་བྱས་ཏེ། གན་རྒྱ་འཇོག་པ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཡོངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གྲོས་འགོ་བཏོན།
འཆར་འགོད་གསར་པ་བཀོད་ཟིན་པ་དང་འགྲོ་ལམ་གསར་པ་བཏོད་ཟིན་པས། འཐུས་མི་ཚོས་སྤོབས་པ་ཆེན་པོས་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཚོགས་འདུའི་དགོངས་དོན་ཁྱབ་བསྒྲགས་དང་ལག་བསྟར་ཡག་པོ་བྱས་ནས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དམིགས་ཚད་གཏན་འཁེལ་དང་བློ་རྩ་བརྟན་པོས་ཡར་བརྩོན། དམ་པ་དོན་གཉེར་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་ཞེས་བཤད།
责任编辑:江初卓玛 万玛措
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
སེམས་ནུས་གཅིག་སྒྲིལ་གྱིས་འཆར་གཞི་བཏབ། དཔའ་མཛངས་རྟུལ་ཕོད་ཀྱིས་འགྲུལ་བཞུད་གསར་པར་བསྐྱོད།——ཁུལ་དམངས་ཆེན་འཐུས་མིས་ཚོ་ཆུང་བགོས་ནས་སྲིད་གཞུང་གི་ལས་དོན་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”རྩ་གནད་(འཆར་ཟིན་)ཞིབ་དཔྱད་བྱེད་པའི་ཟུར་བྲིས།
ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཁྱོན་གྲོས་གཞི་142འབྱོར་བ་དང་གྱོད་གཞི་139ཐོ་འགོད་བྱས།
2026བདེ་ཆེན་ཚོགས་ཆེན་གཉིས་ཀྱི་སེམས་འདུན།
ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་བ་རྒྱལ་ཁའི་ངང་གྲོལ་བ།
ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། ལུའོ་ཁྲའོ་ཧྥེང་སོགས་ཚོགས་འདུར་ཞུགས།
ཀྲང་ཝེ་ཏུང་འབའ་ལུང་རྫོང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ས་ཁོངས་ཀྱི་གནས་ཚད་གསར་པར་གཞི་ཚུགས་ཏེ་འབའ་ལུང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། “སྲིད་གཞུང་ཆགས་སའི་”ངེས་གནས་གཞི་རྩར་འཛིན་ཏེ་འཕེལ་རྒྱས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཁུར་ནས་ཁུལ་ཡོངས་ལས་དོན་ཁག་གི་མདུན་དུ་བསྐྱོད་དེ་དཔེ་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་།
ཨུ་ཡོན་10ཡིས“དོན་ཆེན་བཞིར”དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
