མཐོ་སྒང་གི་འགྲན་ར་གཙོ་བོར་འགྲན་བསྡུར་བྱས་ནས་བདེ་ཆེན་གྱིས་0:2ཀྱི་ཐོག་ནས་ས་དམ་ལ་ཕམ།

ཟླ་5པའི་ཚེས་10ཉིན་གྱི་ཕྱི་དྲོར། 2025ལོ་ནས་2026བར་གྱི་ཧྥུ་ཏན་དངུལ་ཁང་ཡུན་ནན་ཞིང་ཆེན་གྲོང་ཁྱེར་རྐང་རྩེད་སྤོ་ལོ་མཉམ་འབྲེལ་འགྲན་བསྡུར་གྱི་རེས་སྐོར་བཅུ་གཉིས་པར་བདེ་ཆེན་རུ་ཁག་གིས་མཐོ་སྒང་གི་འགྲན་ར་གཙོ་བོ་བྱས་ནས་ས་དམ་རུ་ཁག་དང་འགྲན་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱི་སྤོ་ལོ་རྒྱག་མཁན་གྱིས་ལྗང་མདོག་གི་ར་བ་ཐོག་འབད་བརྩོན་དང་འགྲན་བསྡུར་དྲག་པོ་བྱས་ནས་རྒྱ་ཆེའི་སྤོ་ལོ་དགའ་མཁན་ཚོར་ངོ་མཚར་ཆེ་བའི་མཐོ་སྒང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་སྤེལ་ཡོད།


འགྲན་སྟོད་དུ་རུ་ཁག་གཉིས་པོས་བརྟན་པོའི་ངང་འགྲན་བསྡུར་བྱས་ཏེ་ཕྱོགས་གཅིག་ནས་རྒྱབ་སྲུང་བརྟན་དུ་གཏོང་བ་དང་ཕྱོགས་གཞན་ཞིག་ནས་རྒྱུན་ཆད་མེད་པར་མཐའ་ལམ་གྱི་ཚད་བརྒལ་དང་དཀྱིལ་ལམ་གྱི་བརྒྱུད་ཁྲིད་ལ་བརྟེན་ནས་ཕར་རྒོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྲུ་གྲུག་བརྒྱབ་པའི་ཕར་རྒོལ་གྱི་གོ་སྐབས་བཙལ་ནས་འགྲན་རའི་ཐོག་གི་འཕེལ་མེད་སོར་གནས་ཀྱི་གནས་ཚུལ་མེད་པར་བཟོ་རྩིས་བྱས།

ས་དམ་རུ་ཁག་གིས་སྤོ་ལོ་རྒྱག་མཁན་གྱི་སྟབས་བསྟུན་གྱི་རྒྱུག་གནས་དང་འགྲན་ར་དཀྱིལ་མའི་སྒྲིག་འཛུགས་ཀྱི་ལེགས་ཆར་བརྟེན་ནས་རྒྱང་འཕེན་གྱི་འཐབ་རྩལ་གཙོ་བོ་སྤྱད་དེ་བཀག་སྡོམ་ཁུལ་གྱི་ཕྱི་རོལ་དུ་སྤོ་ལོ་ཐེངས་མང་འཕེན་པ་དང་སྤོ་ལོ་ཐད་ཀར་སྒོའི་ཕྱོགས་སུ་སྐྱོད་དེ་བདེ་ཆེན་རུ་ཁག་གི་རྒྱབ་ཕྱོགས་འགོག་སྲུང་འཛིང་རགས་ལ་འགོག་སྲུང་གི་གནོན་ཤུགས་མུ་མཐུད་ནས་བཟོས་པ། བདེ་ཆེན་རུ་ཁག་གིས་མཐོ་སྒང་གི་འགྲན་ར་གཙོ་བོའི་ལེགས་ཆར་བརྟེན་ནས་འགོག་སྲུང་གི་གནས་བབ་བརྟན་པོ་ཡོད་པ་དང་དུས་མཚུངས་སུ། མཐའ་མཚམས་ཀྱི་སྤོ་ལོ་དཀྱིལ་དུ་བརྒྱབ་པར་རྩ་འཛུགས་ཧུར་ཐག་བྱས་ཏེ་གྲུ་གྲུག་འཕྲོག་རེས་ཐེངས་མང་བྱས་པ་དང་གནས་གཏན་འཁེལ་གྱི་སྤོ་ལོ་སྤྱད་དེ་སྒོ་གཏོར་བའི་གོ་སྐབས་བཟང་པོ་འཚོལ་བ་རེད། འགྲན་རའི་ཐོག་ཕྱོགས་གཉིས་པོས་ཕར་རྒོལ་རྒྱུན་མི་ཆད་པར་བྱས་པ་དང་རེས་མོས་ཀྱིས་སྐར་མ་ཐོབ་པའི་གོ་སྐབས་སྐྲུན་ཡོད་མོད། འོན་ཀྱང་སྒོ་གཏོར་མ་ཐུབ་པ་དང་འགྲན་ཐེངས་སྔོན་མའི་འགྲན་བསྡུར་དེ་0:0གི་ཐོག་ནས་མཇུག་འགྲིལ་བ་རེད།

གནས་ཡུལ་བརྗེ་ནས་ཡང་བསྐྱར་འགྲན་བསྡུར་བྱས་པ་དང་ཕྱོགས་གཉིས་པོས་དུས་ཐོག་ཏུ་འགྲན་རྩལ་བཀོད་སྒྲིག་ལེགས་སྒྲིག་བྱས་པ་དང་སྤོ་ལོ་རྒྱག་མཁན་ཚོས་ནུས་ཤུགས་ཡོད་རྒུས་རྒྱུག་པ་དང་གནད་ལ་འཁེལ་བའི་སྒོ་ནས་སྤོ་ལོ་བརྒྱུད་སྤྲོད་དང་དཔའ་ངར་ཞུམ་མེད་ཀྱི་འགོག་སྲུང་བྱས་ཡོད། འགྲན་བསྡུར་གྱི་སྐར་མ་62ཐོག་ས་དམ་རུ་ཁག་གིས་འགྲན་བསྡུར་གྱི་གོ་སྐབས་དམ་འཛིན་བྱས་ཏེ་སྒོ་ནང་བརྒྱབ་ནས་སྐར་མ་ཐོབ་པ་དང་འགྲན་བསྡུར་ཐོག་གི་འཕེལ་མེད་སོར་གནས་ཀྱི་གནས་ཚུལ་སྔོན་ལ་མེད་པ་བཟོས་ཤིང་སྤོ་ལོ་རུ་ཁག་དེ་སྔོན་ཐོན་ཐོབ་པ་རེད། སྔོན་ཐོན་ཐོབ་པའི་ས་དམ་རུ་ཁག་གིས་འགྲན་བསྡུར་བརྟན་པོ་བྱས་པ་དང་མུ་མཐུད་དུ་ཕར་རྒོལ་སྒྲིག་འཛུགས་བྱས། དེ་རྗེས་བཙུགས་སྤོར་འབེན་འཕེན་གྱི་གོ་སྐབས་ཐོབ་པ་མ་ཟད་སྐར་གྲངས་2:0བར་རྒྱ་ཆེར་ཕྱིན་ཡོད།

འགྲན་སྨད་དུ། བདེ་ཆེན་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་ཕར་རྒོལ་སྒྲིག་འཛུགས་བྱས་ཏེ་ཕར་རྒོལ་ཡང་ཡང་བྱས་ནས་སྐར་གྲངས་སླར་གསོ་བྱེད་རྩིས་བྱས་པ་དང་། ངོ་མཚར་ཆེ་བའི་འཕྲོག་གཅོད་དང་བརྒྱུད་གཅོད། འགོག་སྲུང་བཀག་འགོག་བཅས་ཐེངས་མང་བྱས་པར་ཡུལ་དངོས་ཀྱི་སྤོ་ལོ་དགའ་མཁན་ཚོས་དགའ་འབོད་ཆེན་པོ་བྱས་ནས་འགྲན་རའི་རྣམ་པ་མུ་མཐུད་ཆེ་རུ་ཕྱིན་ཡོད།
ཕྱོགས་གཉིས་ཀྱིས་མཐའ་མཇུག་གི་བར་དུ་འགྲན་བསྡུར་དྲག་པོ་བྱས་ཤིང་མཐར་ས་དམ་རུ་ཁག་གིས་2:0གིས་རྒྱལ་ཁ་ཐོབ་པ་རེད། འགྲན་བསྡུར་མཇུག་འགྲིལ་རྗེས། ཕྱོགས་གཉིས་ཀྱི་སྤོ་ལོ་རྒྱག་མཁན་གྱིས་མཛའ་གྲོགས་ངང་ལག་འཇུ་དང་ཕན་ཚུན་གུས་འདུད་ཞུས་ནས་མཛའ་གྲོགས་ཨང་དང་པོ་དང་འགྲན་བསྡུར་ཨང་གཉིས་པ་ཡིན་པའི་ལུས་རྩལ་དར་སྲོལ་གང་ལེགས་ངང་མངོན་ཡོད།


ཐེངས་འདིའི་འགྲན་བསྡུར་དེས་ས་གནས་གཉིས་ཀྱི་སྤོ་ལོ་དགའ་མཁན་ཚོར་སྤུས་ཚད་མཐོ་བའི་མཐོ་སྒང་གི་རྐང་རྩེད་སྤོ་ལོའི་གསོལ་སྟོན་གཟབ་རྒྱས་ཤིག་ཕུལ་བ་མ་ཟད། བདེ་ཆེན་དང་ས་དམ་ས་གནས་གཉིས་ཀྱི་ལུས་རྩལ་སྤེལ་རེས་དང་རིག་གནས་སྤེལ་རེས་ཀྱི་སྟེགས་བུ་གལ་ཆེན་ཞིག་སྐྲུན་ནས་མཐོ་སྒང་གི་མང་ཚོགས་རྐང་རྩེད་སྤོ་ལོའི་ལུས་རྩལ་ནང་ཞུགས་པ་དང་དམངས་ཡོངས་ལུས་སྦྱོང་ནང་ཞུགས་པའི་སྤྲོ་སེམས་སྔར་བས་འཕེལ་ནས་བདེ་ཆེན་གྱི་རྐང་རྩེད་སྤོ་ལོའི་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
འགན་འཁུར་རྩོམ་སྒྲིག་པ།:卓玛央初
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།
བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།
དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།
གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108