བདེ་ཆེན་ཁུལ་གྱི2026ལོའི་སྤྱི་ཁྱབ་ནགས་དཔོན་ཚོགས་འདུ་དང་ནུས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་རླན་ས་ཐོན་ཁུངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཚོགས་ཆེན་འཚོགས་པ།
ཁྱབ་བསྒྲགས་དུས་ཚོད་:2026-11-04 15:14:49
འབྱུང་ཁུངས་:香格里拉藏文网

ཟླ་10ཚེས་30ཉིན་བདེ་ཆེན་ཁུལ་གྱི་2026ལོའི་སྤྱི་ཁྱབ་ནགས་དཔོན་ཚོགས་འདུ་དང་ནུས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་རླན་ས་ཐོན་ཁུངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ནི་བོད་འབྲེལ་ས་ཁུལ་གྱི་“དོན་ཆེན་བཞིའི་”གྲས་ཤིག་ཡིན་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ལངས་ནས་ནགས་དཔོན་ལམ་ལུགས་ཀྱི་ལས་འགན་ཁག་དོན་འཁྱོལ་བྱེད་པ་དང་ནགས་ལས་དང་རྩྭ་ཐང་རླན་སའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་ངང་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་རིམ་པའི་སྤྱི་ཁྱབ་ནགས་དཔོན་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ལས་ཚབ་ཁུལ་དཔོན། ཁུལ་རིམ་པའི་སྤྱི་ཁྱབ་ནགས་དཔོན་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་རིམ་པའི་སྤྱི་ཁྱབ་ལྟ་ཞིབ་པ་ཞུས་སི་སི་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་རིམ་པའི་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་ཀྲུའུ་པའོ་ཧྥུ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཁུལ་རིམ་པའི་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་མིའོ་ཡིའུ་ཧྥ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཁུལ་རིམ་པའི་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་ཝང་ཝུའུ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།ཚོགས་འདུའི་ཐོག་“ལོ་ལྔ་ཚན་བཅུ་བཞི་པའི་”ཚུན་དུ་ཁུལ་ཡོངས་ཀྱི་རིམ་ཁག་ནགས་དཔོན་དང་ནགས་དཔོན་ལམ་ལུགས་ཀྱི་རོགས་ལས་ཚན་པས་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་གྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་ནུས་ཤུགས་ཡོད་རྒུས་“སྔོ་ལྗང་སྲུང་སྐྱོང་དང་། སྔོ་ལྗང་མང་དུ་གཏོང་བ། སྔོ་ལྗང་ལ་དོ་དམ་བྱེད་པ། སྔོ་ལྗང་སྤྱོད་པ། སྔོ་ལྗང་གསོན་པོ། སྔོ་ལྗང་དར་རྒྱས་གཏོང་བ་”བཅས་ཀྱི་ལས་འགན་ཆེན་པོ་དྲུག་ལ་སྐུལ་འདེད་བཏང་བ་དང་ལྷག་པར་དུ་ད་ལོ་ནས་བཟུང་རང་ཁུལ་གྱིས་ནན་ཅེ་ལུའོ་དང་། གླེགས་བམ། ནགས་ཕག་མཚོ། ཧ་པ་རི་བོ་སོགས་ནགས་ལས་དང་རྩྭ་ཐང་རླན་སའི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་གནད་དོན་བཅོས་སྐྱོང་ལེགས་འགྲུབ་བྱུང་བ་དང་། ཁུལ་ཡོངས་ཀྱི་ནགས་དཔོན་ལམ་ལུགས་དང་ནགས་ལས་དང་རྩྭ་ཐང་རླན་སའི་ཐོན་ཁུངས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་དངོས་ཐོབ་ཡོད།ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་རླན་ས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཤུགས་ཆེན་གཏོང་དགོས། ཁུལ་གྱིས་གཅིག་གྱུར་འཆར་འགོད་དང་། རྫོང་གིས་གཙོ་འཛིན། ཤང་གིས་གཙོ་འགན་འཁུར་བ་བཅས་ཀྱི་རིམ་གསུམ་མཉམ་འགུལ་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གནད་དོན་དང་། ཟུར་བཙུགས་རྩིས་ཁྲ། འགན་འཁྲི། དག་ཐེར་ཡོ་བསྲང་། ཨང་རྟགས་མེད་པར་བཟོ་བ་བཅས་“གསལ་ཐོ་ལྔ་”"ཁྱོན་ཡོངས་ནས་འཛུགས་པ། ནགས་ལས་དང་རྩྭ་ཐང་རླན་སའི་ཐོན་ཁུངས་རྩད་ཞིབ་དང་བཅོས་སྐྱོང་དམ་འཛིན་ནན་པོ་བཅས་བྱེད་དགོས། སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།གནའ་ཤིང་དང་གྲགས་ཅན་ཤིང་གི་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་དང་དོ་དམ་སྲུང་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ཏེ་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ཁ་གསལ་བཟོ་དགོས། ནགས་ལས་ཀྱི་གནོད་ཡོད་སྐྱེ་དངོས་འགོག་བཅོས་དང་དེ་བཞིན་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཆག་སྒོ་ཐག་གཅོད་ནུས་ལྡན་བྱེད་དགོས། གནད་དོན་སྣ་ཚོགས་དག་ཐེར་ཡོ་བསྲང་དང་ཐོ་སུབ་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རང་ཁུལ་གྱི་སྲུང་སྐྱོང་ཁུལ་སྣ་ཚོགས་ཀྱི་སྒྲིག་སྲོལ་ཞིབ་ཕྲ་བཟོ་བའི་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་། “གད་སྙིགས་འཁྱེར་བ་དང་། གད་སྙིགས་གཙང་སེལ། གད་སྙིགས་འདོར་བ་བཀག་སྡོམ་”བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཆེད་དོན་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་དགོས། ཡུལ་བབ་དང་བསྟུན་ནས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ནགས་ཁྲོད་དཔལ་འབྱོར་དང་ནགས་ཚལ་ཁམས་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐུན་མོང་གི་ནགས་ཚལ་བདག་དབང་ལམ་ལུགས་བསྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ། ནགས་ལས་ཐོན་རྫས་ཀྱི་རིན་ཐང་འཕར་བ་དང་། ནགས་ཁུལ་འཕེལ་རྒྱས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ཞེས་ནན་བཤད་གནང་བ་རེད།ཚོགས་འདུའི་ཐོག་ཟླ་11པར་ཁུལ་ཡོངས་ཀྱིས་རེས་སྐོར་གསར་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་མཚམས་སུ་སླེབས་རྒྱུ་ཡིན་པས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་མེ་ཁུངས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ་“མེ་ཟོན་”གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། མེ་སྐྱོན་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་མེ་སྐྱོན་གྱི་གནས་ཚུལ་གོང་ཞུ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། མེ་སྐྱོན་གྱི་གནས་ཚུལ་ལ་མགྱོགས་མྱུར་ཞིབ་འཇུག་བརྡར་ཤ་གཅོད་པ་དང་། སྡེ་ཚན་མཉམ་འགུལ། དུས་ཐོག་ཏུ་དང་ལེན་ཐག་གཅོད་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་འཕྲལ་སྡོམ་ཐག་གཅོད་དཔུང་ཁག་སྟོབས་ཆེར་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་“ཐག་གཅོད་”ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།ཚོགས་འདུའི་ཐོག་འགན་འཁྲི་ནན་དུ་གཏོང་བ་དང་རིམ་པ་གོང་འོག་མཉམ་འགུལ་དང་མཉམ་སྒྲུབ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ནགས་སྲུང་བ་དང་དེ་བཞིན་ནགས་ལས་དམ་རྩྭ་ཐང་ཁྲིམས་འཛིན་དཔུང་ཁག་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་ཚང་མས་དོ་ཁུར་བྱེད་པ་དང་མི་ཚང་མས་སྔོ་ལྗང་རི་ཀླུང་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།རྫོང་(གྲོང་ཁྱེར་)གསུམ་གྱིས་ལས་དོན་སྙན་སེང་ཞུས་པ་རེད།འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད་དང་ཁུལ་རིམ་པའི་ནགས་དཔོན་ལམ་ལུགས་རོགས་ལས་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཤང་(གྲོང་རྡལ་) བར་འཚོགས་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:南珠泽仁