中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་) ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཐེན་ལི་བཅས་པ་དང་མཇལ་འཛོམས་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-11-04 15:18:19 འབྱུང་ཁུངས་:香格里拉藏文网
图片

ཟླ་10ཚེས་30ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་)ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཐེན་ལི་བཅས་པ་དང་མཇལ་འཛོམས་གནང་བ་དང་ཕྱོགས་གཉིས་པོས་ནགས་འོག་དཔལ་འབྱོར་དང་། ཀྲུང་བོད་སྨན་རྫས། ཁམས་གསོ་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།

ལུའོ་ཁྲའོ་ཧྥེང་གིས་ཧུའུ་ཐེན་ལི་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་རེད།ཁོང་གིས་མིག་སྔར་བདེ་ཆེན་གྱི་ཕྱི་རོལ་དུ་རྐང་ཐང་མར་སྐྱོད་པའི་ལས་རྣམ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ཀྲུང་བོད་སྨན་རྫས་ཐོན་ལས་སྐྱེད་སྲིང་བྱེད་མགྱོགས་སུ་ཕྱིན་ནས་འབྲི་ཆུ་དང་རྫ་ཆུ་རྒྱུག་ཁུལ་གྱི་གནམ་གཤིས་འཚམ་པོ་ཡོད་པས་ཁམས་གསོ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་བཟང་པོ་ལྡན་ཡོད། གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་)ཚོགས་པ་ཚད་ཡོད་ཀུང་སིས་བདེ་ཆེན་གྱི་ཐོན་ཁུངས་རང་སྤུས་དང་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཀྲུང་ལུགས་སྨན་རྒྱུ་ཐོན་རྫས་གསར་སྤེལ་ཐོན་སྐྱེད་དང་། ཀྲུང་ལུགས་སྨན་རྒྱུ་ལས་སྣོན་ཞིབ་ཚགས། སྒོ་རའི་ནང་གི་སྨན་རྫས་གཞན་སྒྱུར། ནགས་འོག་གི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་། ས་མཐོའི་ཁམས་གསོ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་ཀྱི་འཇུག་སྒོ་དང་ས་སྙིང་འཐེན་ཤུགས་གནད་ལ་འཁེལ་བ་བཙལ་ཏེ་གོམ་སྟབས་དབྱེ་ནས་ལག་བསྟར་དང་ཕན་འབྲས་དངོས་དོན་གཉེར་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུའི་རེ་བ་ཡོད། བདེ་ཆེན་གྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་མདུན་ཕྱོགས་སུ་ཞབས་འདེགས་ཡག་པོ་ཞུས་ཏེ་ཁེ་ལས་ཀྱིས་བདེ་ཆེན་དུ་མ་འཇོག་ལས་དར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧུའུ་ཐེན་ལིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་)ཚོགས་པ་ཚད་ཡོད་ཀུང་སིས་ས་བབ་མཐོ་བའི་ས་ཁོངས་ཀྱི་ཁམས་གསོའི་ཐོན་ལས་ལ་དོ་ཁུར་བྱས་ཏེ་ཀྲུང་ལུགས་སྨན་རྒྱུ་ལས་སྣོན་ཞིབ་ཚགས་དང་ཁྲོམ་རའི་ཐབས་ལམ་གཉེར་སྐྱོང་དང་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་གཏོད་པའི་ཐད་ལག་རྩལ་དང་ཐོན་ཁུངས་ཀྱི་ལེགས་ཆ་ལྡན་ཡོད། བདེ་ཆེན་གྱི་རང་བྱུང་ས་ཁམས་ཆ་རྐྱེན་ལེགས་པ་དང་སྐྱེ་དངོས་སྨན་རྫས་ཐོན་ཁུངས་ཐུན་མོང་མ་ཡིན་པས་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཁེ་ལས་ཀྱིས་བདེ་ཆེན་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་ལས་རྣམ་གྲངས་གང་མགྱོགས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བ་བྱས་ནས་བདེ་ཆེན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཁུལ་གྱི་འགོ་ཁྲིད་མ་མུའུ་དང་ལི་ཐའོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཞུགས་ཡོད།

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་) ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཐེན་ལི་བཅས་པ་དང་མཇལ་འཛོམས་གནང་བ།

བདེ་ཆེན་ཁུལ་གྱི2026ལོའི་སྤྱི་ཁྱབ་ནགས་དཔོན་ཚོགས་འདུ་དང་ནུས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་རླན་ས་ཐོན་ཁུངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཚོགས་ཆེན་འཚོགས་པ།

སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་དངོས་སྒྲུབ་འགན་འཁུར་གྱིས་ལེའུ་གསར་པ་བརྩམས—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (བཞི།)

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་90པ་འཚོགས།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་པ་སྤེལ། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་98པ་འཚོགས། 

ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།

ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚུར་ལན་གྱི་གནད་དོན་དག་ཐེར་དང་དེ་བཞིན་བྲག་ཕུག་ས་དོང་ལུང་ཤུར་གྱི་སྦགས་བཙོག་གནད་དོན་གྲལ་བཤེར་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com