ལི་ཡན་ལན་འཇོལ་རྫོང་དུ་ཕེབས་ནས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།
ཟླ་11ཚེས་2ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལས་ཚབ་ཁུལ་དཔོན་ལི་ཡན་ལན་འཇོལ་རྫོང་དུ་ཕེབས་ནས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་དངུལ་གསུམ་”དོ་དམ་དང་དེ་བཞིན་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ་”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་ཚད་ལྡན་དུ་གཏོང་བ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་དོ་དམ་ནན་པོ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་གནད་དོན་གྱི་འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཁོངས་གཏོགས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་འགན་ལེན་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཟླ་11ཚེས་2ཉིན་ལི་ཡན་ལན་དང་བཅས་པ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་ཚོར་ཕེབས་ནས་འཇོལ་རྫོང་གི་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་དང་གྲོང་གསེབ་མཉམ་འགུལ་རང་བཤེར་དང་ལས་བྱེད་པས་གསོ་སྦྱོང་གི་ཚབ་བྱེད་པའི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་ཚོ་དང་གཡག་རྭ་ཤང་འབུམ་སྟེང་གྲོང་ཚོར་ལི་ཡན་ལན་གྱིས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་དང་གྲོང་གསེབ་མཉམ་འགུལ་རང་བཤེར་དང་ལས་བྱེད་པས་གསོ་སྦྱོང་གི་ཚབ་བྱེད་པའི་ལས་དོན་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཁྱོན་ཡོངས་ནས་གནས་ཚུལ་མཐིལ་རྟོགས་དང་། སྲིད་ཇུས་ཀྱི་བླང་བྱ་ཁག་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ལས་དོན་གྱི་གཙོ་གནད་ལ་དམིགས་ནས་ལས་སྒོའི་གསོ་སྦྱོང་དམ་འཛིན་ཏན་ཏིག་བྱེད་པ། རྫོང་རིམ་པའི་ངོས་ནས་འཐབ་ཕྱོགས་དང་པོར་བསྐྱོད་དེ་གཅིག་སྡུད་གསོ་སྦྱོང་བྱེད་པ། ལས་སྒོའི་རྐང་འཛིན་པ་དང་འཇོན་ཐང་པ་ལེགས་འདེམས་བྱས་ནས་བཅོས་སྒྲིག་གི་འཐབ་ཕྱོགས་དང་པོར་ཞུགས་པ། “1+1+5+4”ཡི་ལས་དོན་གྱི་སྟོབས་ཤུགས་མ་ལག་བེད་སྤྱོད་ཡག་པོ་བྱེད་པ། “མ་རྩ། རྒྱུ་ནོར། ཐོན་ཁུངས་”གྱི་གྲངས་འབོར་དང་། རིན་ཐང་། མ་གྲངས་གསལ་པོ། དབང་ཁོངས་གསལ་པོ། གནད་དོན་གནད་ལ་འཁེལ་བ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། རིགས་དབྱེ་ཇུས་འདོན་མཐའ་འཁྱོངས་བྱས་ཏེ་གནད་དོན་རྗེས་མཐུད་ཐག་གཅོད་བྱ་རྒྱུར་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཕུགས་ཕན་དོ་དམ་ལམ་ལུགས་དུས་གཅིག་ཏུ་འཐུས་སྒོ་ཚང་དུ་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་ཇུས་འགོད་བྱས་ཏེ་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་ཁུངས་དང་རྒྱུ་ནོར་གྱི་རིན་ཐང་བརྟན་སྲུང་དང་འཕར་རྒྱུར་སྐུལ་འདེད་བཏང་ནས་བཅོས་སྒྲིག་གི་གྲུབ་འབྲས་དེ་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས། གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ད་ཐེངས་ཀྱི་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་དམ་འཛིན་བྱ་གཞིར་བྱས་ནས་ཡིག་ཚགས་ཀྱི་ཟུར་བཙུགས་རྩིས་ཁྲ་འཐུས་སྒོ་ཚང་དུ་གཏོང་བ་དང་མཉམ་སྡེབ་ཀྱི་རྒྱུ་ནོར་ཐོན་ཁུངས་ཚད་ལྡན་ཅན་གྱི་ཡིག་ཚགས་བཟོ་བ་དང་ལམ་ལུགས་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་གཙང་བཤེར་མཐིལ་རྟོགས་སོགས་ཀྱི་ལས་དོན་དུས་གཅིག་ཏུ་དམ་འཛིན་ཡག་པོ་བྱས་ནས་ལས་དོན་ཁག་ཕན་ཚུན་སྐུལ་འདེད་དང་མཉམ་སྐྱོད་དང་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ལི་ཡན་ལན་དང་བཅས་པ་ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་ཚོའི་གྲོང་གསར་གྲོང་མིའི་ཚོགས་ཆུང་དུ་ཕེབས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ཚད་གཞི་དང་པོའི་ཞིང་ཁའི་གྱང་འགོག་ལས་གྲྭ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོང་ཚོའི་གྲོང་གསར་གྲོང་མིའི་ཚོགས་ཆུང་དུ་ལི་ཡན་ལན་གྱིས་ས་གནས་ས་ཐོག་ཏུ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ཚད་གཞི་དང་པོའི་ཞིང་ཁའི་གྱང་འགོག་ལས་གྲྭར་གཟིགས་ཞིབ་གནང་བ་དང་ལས་གྲྭའི་སྤུས་ཚད་དོ་དམ་ཚོད་འཛིན་དང་དེ་བཞིན་བསྐྲུན་རྗེས་ཀྱི་དོ་དམ་སྲུང་སྐྱོང་ཇུས་གཞིར་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཡག་པོ་བྱེད་པར་དེ་བས་དོ་དམ་ཡག་པོ་བྱེད་དགོས་པ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་མ་དངུལ་བེད་སྤྱོད་དང་། སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན། ལས་གྲྭའི་སྤུས་ཚད། ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན། འཛུགས་སྐྲུན་བྱས་རྗེས་དོ་དམ་སྲུང་སྐྱོང་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་གནད་དོན་གྲལ་བཤེར་དང་བཅོས་སྒྲིག་རྒྱུན་མཐུད་ངང་ནན་པོ་བྱེད་པ་དང་། རྒྱུན་འཁོར་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་སྟེ་ཞིང་ལས་ཐོན་འཕར་དང་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

དེའི་རིང་ལི་ཡན་ལན་གྱིས་ད་དུང་གཡག་རྭ་ཤང་འབུམ་སྟེང་གྲོང་ཚོའི་ཟོག་རབ་ཚོགས་ཆུང་དུ་ཕེབས་ནས་སྣུམ་སྐྱུ་རུ་རའི་རྟེན་གཞིར་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་དང་མཉམ་སྡེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཡེ་དབྱང་གྲོང་ཚོའི་ཧ་ཚུང་གྲོང་མིའི་ཚོགས་ཆུང་དུ་ཕེབས་ནས་བེད་མེད་དུ་ལུས་པའི་རྒྱུ་ནོར་གང་འགབ་ཅི་སྤྱོད་དང་བེད་སྤྱོད་ཀྱི་ཕན་འབྲས་ལ་བརྟག་ཞིབ་གནང་བ་དང་རྒྱུ་ནོར་གཉེར་སྐྱོང་གི་གནས་ཚུལ་དང་མཉམ་འགུལ་སྣེ་ཁྲིད་ཀྱི་ཞིང་ལས་ལམ་སྲོལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཀྲོང་ཞའོ་ཕིང་བཅས་བརྟག་ཞིབ་ནང་ཞུགས་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:南珠泽仁
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་འཇོལ་རྫོང་དུ་ཕེབས་ནས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་གིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་) ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཐེན་ལི་བཅས་པ་དང་མཇལ་འཛོམས་གནང་བ།
བདེ་ཆེན་ཁུལ་གྱི2026ལོའི་སྤྱི་ཁྱབ་ནགས་དཔོན་ཚོགས་འདུ་དང་ནུས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་རླན་ས་ཐོན་ཁུངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཚོགས་ཆེན་འཚོགས་པ།
སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་དངོས་སྒྲུབ་འགན་འཁུར་གྱིས་ལེའུ་གསར་པ་བརྩམས—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (བཞི།)
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་90པ་འཚོགས།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་པ་སྤེལ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་98པ་འཚོགས།
ཁུལ་ཨུ་སྐབས་བཅུ་པའི་སྐོར་ཞིབ་རེས་སྐོར་དང་པོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108