中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ནན་པོ་གཙོ་བོར་འཛིན་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་དངོས་དོན་སྒྲུབ་པ་ནི་གཙོ་བོ་འཛིན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། (གསུམ།)

ཁྱབ་བསྒྲགས་དུས་ཚོད་:2026-11-04 15:24:44 འབྱུང་ཁུངས་:香格里拉藏文网
ཟླ་10ཚེས་26ཉིན་ནས་ཚེས་29ཉིན་བར་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་《ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་བྱས་པའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་གི་སྐོར་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་པ་རེད། རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་འཕྲལ་མར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་རེད། ཚང་མས་བླང་བྱ་ནན་པོ་དང་སྤྱོད་ཚུལ་དངོས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཞའོ་ཤུས་ཀྱིས་ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགག་རྩ་ནི་དཔོན་རིགས་ནན་པོས་སྐྱོང་རྒྱུར་ཐུག་ཡོད་ཅེས་བསྟན་གནང་བ་རེད། གྲོང་ཁྱེར་སྒྲིག་ཨུ་ལྟ་སྐུལ་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གཙོ་རྐང་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་བསྟར་ལ་ལྟ་སྐུལ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལས་གནས་ལ་དམིགས་ནས་གནད་སྨིན་ལྟ་སྐུལ་དང་གནད་སྨིན་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རུལ་སུངས་ཀྱི་གནད་དོན་དང་སྤྱོད་ཚུལ་གྱི་གཅོང་ནད་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་གྱོད་གཞི་ཞིབ་གཅོད་ཀྱི་“རྩོམ་ཡིག་ཕྱི་མ་”ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དུས་མཚུངས་སུ་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་ནན་པོ་དང་སྟོབས་ལྡན་དུ་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་སུ་འཛུགས་སྐྱོང་ཟབ་སྤེལ། ལྷག་བསམ་ཟོལ་མེད་དང་། དྭངས་གཙང་ལྷད་མེད། བློས་བཀལ་ཆོག་པ་བཅས་ཡིན་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་ལྕགས་དམག་འཛུགས་སྐྱོང་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ལྟ་སྐུལ་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་སྤེལ་བ་དང་གཞི་རིམ་དུ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

སེམས་ཀྱི་ཉི་ཟླ་གྲོང་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཅིན་ཡའོ་ཡུན་གྱིས་གོམ་སྟབས་རྗེས་མར་སེམས་ཀྱི་ཉི་ཟླ་གྲོང་ཨུ་དྲིལ་བསྒྲགས་པུས་“སེམས་གསོ་”འདུ་འགོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་ལས་རིགས་མི་འདྲ་བ་དང་། ཚོགས་སྤྱི་མི་འདྲ་བ། ས་ཁོངས་མི་འདྲ་བ་བཅས་ཀྱི་ཁྱད་ཆོས་གཅིག་གྱུར་འཆར་འགོད་བྱས་ཏེ་དམིགས་བྱ་ཅན་དང་། མང་ཚོགས་དབྱེ་འབྱེད། མཉམ་འགུལ་ཅན་བཅས་ཀྱི་དྲིལ་བསྒྲགས་སྤེལ་བ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་གནད་ལ་འཁེལ་བའི་སྒོ་ནས་གསལ་འགྲེལ་བྱས་ཡོད། དེ་དང་ཆབས་ཅིག་སྨྱན་སྦྱོར་གསར་པ་ལ་བརྟེན་ནས་སྤུས་ལེགས་དྲིལ་བསྒྲགས་ཐོན་རྫས་བཏོད་དེ་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་ནན་པོ་དང་ཏང་སྐྱོང་བ་དང་ལས་བྱེད་པས་དངོས་སྒྲུབ་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་དམིགས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་བརྩི་སྲུང་དང་རང་འགན་གཙང་སྒྲུབ་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་འབད་འབུངས་ཡར་བརྩོན་དང་མཐུན་སྒྲིལ་ཡར་བརྩོན་བྱེད་པའི་ཉམས་འགྱུར་བཟང་པོ་ཕྱོགས་མང་པོའི་ཐད་ནས་མངོན་པར་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

ང་ཚོས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་བརྟེན་ནས་ནགས་ལས་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་སྤྱི་འདོམས་བྱས་ཏེ་འགན་འཁྲི་ནན་པོ་འཁུར་བ་དང་རང་འགན་གཙང་སྒྲུབ་བྱ་རྒྱུ་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཚད་གཞིར་བརྩི་གི་ཡོད་ཅེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཚལ་ཅུས་ཀྱི་ཅུས་ཀྲང་ཧོང་ལི་ཧྭ་ཡིས་སྐྱེ་ཁམས་སྲུང་སྐྱོང་ནི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུ་ནི་ནགས་ལས་དང་རྩྭ་ཐང་གི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚད་གཞི་ནན་པོའི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་དུ་གཏོང་བ་དང་ནགས་ལས་དང་རྩྭ་ཐང་དོ་དམ་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དང་ཐོན་ཁུངས་ལྟ་སྐུལ་དོ་དམ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། སྤྱོད་ཚུལ་ནན་པོར་བརྟེན་ནས་ནགས་ཚལ་དང་རྩྭ་ཐང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་ལྗང་མདོག་གི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ་དང་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ་སེམས་ཀྱི་ཉི་ཟླའི་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐྱེ་ཁམས་ཀྱི་གཏིང་ཤུགས་ཟབ་མོ་འཛུགས་དགོས་ཞེས་གསུངས་པ་རེད།

“གཞི་རིམ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་‘མཐའ་མའི་སྤྱི་ལེ་གཅིག་’ཡིན་པས་གཞི་རིམ་ཏང་དོན་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངས་ཐོག་མཐའ་བར་གསུམ་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྣེ་ཁྲིད་དུ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་བླང་བྱ་ནན་པོ་སྲུང་བ་དང་གྲོང་ཚོའི་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་གཞི་རིམ་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་དང་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་རྒྱུར་ཁྲིད་སྟོན་བྱས་ཏེ་གཞི་རིམ་གྱི་དམག་འཐབ་མཁར་རྫོང་རྒྱུན་མཐུད་ངང་སྟོབས་ཆེར་བཏང་ནས་གྲོང་རྡལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་ཞིག་བསྐྲུན་ཡོད་”ཅིན་ཅང་གྲོང་རྡལ་རྩ་འཛུགས་ཨུ་ཡོན་ཧྲི་ཏ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལི་ཅ་ཡིས་གསུངས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:南珠泽仁

  • བདེ་ཆེན་གསར་འགྱུར།

ནན་པོ་གཙོ་བོར་འཛིན་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་དངོས་དོན་སྒྲུབ་པ་ནི་གཙོ་བོ་འཛིན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། (གསུམ།)

ལི་ཡན་ལན་འཇོལ་རྫོང་དུ་ཕེབས་ནས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།

ལུའོ་ཁྲའོ་ཧྥེང་གིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་) ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཐེན་ལི་བཅས་པ་དང་མཇལ་འཛོམས་གནང་བ།

བདེ་ཆེན་ཁུལ་གྱི2026ལོའི་སྤྱི་ཁྱབ་ནགས་དཔོན་ཚོགས་འདུ་དང་ནུས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་རླན་ས་ཐོན་ཁུངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཚོགས་ཆེན་འཚོགས་པ།

སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་དངོས་སྒྲུབ་འགན་འཁུར་གྱིས་ལེའུ་གསར་པ་བརྩམས—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (བཞི།)

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་90པ་འཚོགས།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་པ་སྤེལ། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་98པ་འཚོགས། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com