ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་བ།
ཟླ་11ཚེས་3ཉིན་ལི་ཡན་ལན་གྱིས་རྒྱལ་ཐང་གྲོང་རྡལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་བརྟག་ཞིབ་གནང་བ་རེད།
ལི་ཡན་ལན་གྱིས་བདེ་ཆེན་ཁུལ་མི་དམངས་སྨན་ཁང་གི་མཆིན་མཁྲིས་རྒྱུ་མའི་སྐྲན་ནད་ལྟེ་གནས་སུ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་གནང་རིང་ལི་ཡན་ལན་དང་བཅས་པ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དང་རྒྱལ་ཐང་གྲོང་རྡལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་བདེ་ཆེན་ཁུལ་ནད་ཡམས་ཚོད་འཛིན་ལྟེ་གནས་དང་བདེ་ཆེན་ཁུལ་མི་དམངས་སྨན་ཁང་མཆིན་མཁྲིས་རྒྱུ་མའི་སྐྲན་ནད་ལྟེ་གནས་དང་དབུགས་འབྱིན་རྔུབ་དང་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་ཏུ་ཕེབས་ནས་ས་གནས་ས་ཐོག་ཏུ་སྨན་བཅོས་སྒྲིག་བཀོད་སྒྲིག་ཆས་དང་གཙོ་གནད་ཆེད་ཚན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། སྒྲིག་གཞི་ཁག་གི་འཁོར་སྐྱོད་འཕེལ་རྒྱས་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོན་འཁྱོལ་དང་སྨན་བཅོས་ཞབས་ཞུ་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྨན་དོན་མི་སྣ་དང་སྤེལ་རེས་གཏིང་ཟབ་གནང་ནས་དཀའ་ངལ་ཡོད་པའི་གནད་དོན་འདྲི་རྩད་བྱས།
དེ་རྗེས་ལི་ཡན་ལན་གྱིས་ཁུལ་མི་དམངས་སྨན་ཁང་དུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་དང་། འཕྲོད་བསྟེན་དང་བདེ་ཐང་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་རིན་ཡོད་ཀྱང་གཞི་རིམ་གྱི་ཞབས་ཞུའི་ནུས་པ་མི་འདང་བ་དང་ཁྱད་ལྡན་ལེགས་ཆ་འདོན་སྤེལ་མངོན་གསལ་དོད་པོ་མེད་པ་སོགས་ཀྱི་ཞན་ཆ་སྔར་བཞིན་མངོན་གསལ་དོད་པོ་ཡོད་པས་ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གནད་སྨིན་ཇུས་འདོན་བྱས་ཏེ་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ལི་ཐའོ་དང་ཀྲོང་ཞའོ་ཕིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:南珠泽仁
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་བ།
ནན་པོ་གཙོ་བོར་འཛིན་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་དངོས་དོན་སྒྲུབ་པ་ནི་གཙོ་བོ་འཛིན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། (གསུམ།)
ལི་ཡན་ལན་འཇོལ་རྫོང་དུ་ཕེབས་ནས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་གིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་) ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཐེན་ལི་བཅས་པ་དང་མཇལ་འཛོམས་གནང་བ།
བདེ་ཆེན་ཁུལ་གྱི2026ལོའི་སྤྱི་ཁྱབ་ནགས་དཔོན་ཚོགས་འདུ་དང་ནུས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་རླན་ས་ཐོན་ཁུངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཚོགས་ཆེན་འཚོགས་པ།
སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་དངོས་སྒྲུབ་འགན་འཁུར་གྱིས་ལེའུ་གསར་པ་བརྩམས—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (བཞི།)
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་90པ་འཚོགས།
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་བཅུ་པ་སྤེལ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108