ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།
ཟླ་11པའི་ཚེས་3ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས་ཏེ་ཡུལ་དངོས་སུ་མང་ཚོགས་ཀྱི་རེ་ཞུ་ཉན་པ་དང་དངོས་ཡོད་ཀྱི་གནད་དོན་ཞིབ་འཇུག་དང་མཐུན་སྦྱོར་ཐག་གཅོད་བྱས། ཁོང་གིས་མི་དམངས་ཀྱི་ལངས་ཕྱོགས་ཐོག་བརྟན་པོར་ལངས་པ་དང་དམངས་ལ་བརྩེ་སེམས་བཅངས་ཏེ། བརྩེ་སེམས་ཟབ་མོ་དང་བཅའ་ཁྲིམས་དང་སྒྲིལ་སྲོལ་ལྟར་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ལ་སེལ་རོགས་བྱས་ནས། ནན་ཏན་ངང་“སྒོ་རྩར་བསྐྱལ་བའི་མང་ཚོགས་ཀྱི་ལས་དོན”ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡིག་སྐུར་ངོ་ངཅར་ཅུས་ཀྱི་སྣེ་ལེན་ཚོམས་ཆེན་དུ་ལི་ཡན་ལན་གྱིས་མང་ཚོགས་ཀྱི་གསལ་བཤད་ལ་ངང་རྒྱུད་རིང་པོས་ཉན་ནས། དོན་དག་གི་བྱུང་རྐྱེན་དང་དུས་འགོའི་སྒྲུབ་གཉེར་གནས་ཚུལ་འདྲི་རྩད་ཞིབ་ཕྲ་བྱས་ཏེ། གྲོང་ཁྱེར་དང་ཤང་། གྲོང་ཚོ་བཅས་ཀྱི་ལས་བྱེད་པ་དང་སྤེལ་རེས་ཟབ་མོ་བྱས་ནས། ཡུལ་དངོས་སུ་གནད་དོན་གྱི་འགག་རྩ་དབྱེ་ཞིབ་དང་ཐག་གཅོད་ཐབས་ལམ་ཞིབ་འཇུག་བྱས་པ་མ་ཟད། ད་དུང་གྲོང་ཁྱེར་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་རིགས་གཅིག་པའི་གནད་དོན་གྱི་གནས་ཚུལ་ཤེས་རྟོགས་ཀྱང་བྱས་པ་རེད། ཁོང་གིས་འབྲེལ་ཡོད་འགྲོ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བརྒྱུད་རིམ་ལ་བརྟེན་ནས་ཡིག་བསྐུར་ངོ་བཅར་གྱི་གནད་དོན་མགྱོགས་སུ་ཐག་གཅོད་བྱས་པ་དང་གཅིག་ཤེས་ཀུན་གྲོལ་གྱིས་རིགས་གཅིག་པའི་གནད་དོན་ཐག་གཅོད་བྱས་ཏེ། “གནད་དོན་གཅིག”ཐག་གཅོད་བྱེད་པ་ནས་“རིགས་གཅིག་གི་གནད་དོན”ཐག་གཅོད་བྱེད་པའི་བར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་ནས་གནད་དོན་ཁག་དོན་ཐོག་ཏུ་འཁྱོལ་པར་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན།
དུས་རིམ་རྗེས་མའི་ངོ་བཅར་ལས་དོན་དམ་འཛིན་ཡག་པོ་བྱས་པའི་ཐད་ལི་ཡན་ལན་གྱིས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་པ་དང་། ངོ་བཅར་དུ་ཡོང་བའི་མང་ཚོགས་ལ་ཁྱིམ་མི་འདྲ་བརྩི་བ་དང་མང་ཚོགས་ཀྱི་དགོས་མཁོ་དེ་ཁྱིམ་དོན་དུ་བརྩི་ནས། བརྩེ་སེམས་བཅངས་པ་དང་འགན་འཁྲི་འཁུར་བ། ངང་རྒྱུད་རིང་པོས་ཡིག་བསྐུར་ངོ་བཅར་གྱི་ལས་དོན་ལེགས་པར་སྒྲུབ་དགོས། སྒྲུབ་གཉེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་སྒྲུབ་གཉེར་ལ་སྐུལ་འདེད་བཏང་ནས་གསེད་བཀྲོལ་ཐུབ་པའི་ཡིག་བསྐུར་ངོ་བཅར་གྱི་དོན་ཚན་ལ་ཟུར་བཙུགས་རྩིས་ཁྲ་བཟོ་བ་དང་། བྱེད་པོ་ཁ་གསལ་བཟོ་བ། འགན་འཁྲི་ནན་དུ་གཏོང་བ། དུས་བཀག་གཏན་འཁེལ་བྱེད་པ། རྗེས་འདེད་ལྟ་སྐུལ་བྱེད་པ། གསལ་ཐོ་ཅན་གྱི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དོན་ཆུང་ནར་འགྱངས་དང་ལས་སླ་པོ་དེ་སྒྲུབ་དཀའ་བར་སྔོན་འགོག་བྱེད་དགོས། འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་སྟེ། རྒྱུན་རྣམ་ཅན་དུ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་གསེད་བཀྲོལ་སྤེལ་ནས། སྔ་ཙམ་དམ་འཛིན་དང་ཆུང་ས་ནས་དམ་འཛིན། རྐྱེན་རྩ་ཆུང་ཟློག་བཅས་བྱས་ཏེ། འགག་སྒོ་མདུན་སྤོ་དང་གཙོ་གནད་གཤམ་སྒྱུར་ལ་སྐུལ་འདེད་གཏོང་ནས། རང་འགུལ་ངང་གཞི་རིམ་དུ་བསྐྱོད་དེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་འགལ་ཟླ་དང་ཉེན་ཁ་གཞི་རིམ་དུ་སེལ་བ་དང་ཆུང་དུས་ནས་སེལ་བ་བཅས་བྱེད་དགོས། བསགས་གྱོད་མུ་མཐུད་འགག་སྒྲོལ་དང་གནད་འགག་འཚོལ་བ། འབེན་ལ་གཏད་ནས་ཐབས་ཇུས་འདོན་པ་བཅས་བྱས་ཏེ། གྱོད་དོན་འགན་ལེན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ངོ་བཅར་ཡོང་མཁན་ལ་སྣེ་ལེན་དང་གཤམ་ལ་བཅར་འདྲིར་འགྲོ་བ། སྣེ་ཁྲིད་དེ་གྱོད་དོན་འགན་གཙང་བླངས་ནས་འགག་སྒྲོལ་བྱེད་པ། སྣེ་ཁྲིད་དེ་དོགས་གནད་དང་འགལ་བ་སེལ་བ་བཅས་བྱས་ཏེ་ཡིག་སྐུར་ངོ་བཅར་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་བླང་བྱ་བཏོན།
ཀྲོང་ཞའོ་ཕིང་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ངོ་བཅར་དང་ལེན་ནང་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:达瓦只玛
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།
ལི་ཡན་ལན་གྱིས་ཁུལ་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་བརྟག་ཞིབ་གནང་བ།
ནན་པོ་གཙོ་བོར་འཛིན་ཏེ་རྨང་གཞི་བརྟན་དུ་གཏོང་བ་དང་དངོས་དོན་སྒྲུབ་པ་ནི་གཙོ་བོ་འཛིན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱིས་རང་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། (གསུམ།)
ལི་ཡན་ལན་འཇོལ་རྫོང་དུ་ཕེབས་ནས་གྲོང་གསེབ་མཉམ་སྡེབ་ཀྱི་“མ་རྩ། རྒྱུ་ནོར། ཐོན་ཁུངས་”དོ་དམ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་གིས་གོ་ལུའུ་མ་རྐང་ཚོད་འཛིན་(པེ་ཅིང་) ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧུའུ་ཐེན་ལི་བཅས་པ་དང་མཇལ་འཛོམས་གནང་བ།
བདེ་ཆེན་ཁུལ་གྱི2026ལོའི་སྤྱི་ཁྱབ་ནགས་དཔོན་ཚོགས་འདུ་དང་ནུས་ཤུགས་ཡོད་རྒུས་ནགས་ལས་དང་རྩྭ་ཐང་རླན་ས་ཐོན་ཁུངས་ཀྱི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ཚོགས་ཆེན་འཚོགས་པ།
སེམས་ཤུགས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་དངོས་སྒྲུབ་འགན་འཁུར་གྱིས་ལེའུ་གསར་པ་བརྩམས—ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་། (བཞི།)
ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་གྲོས་ཚོགས་ཐེངས་90པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108